གློག་བརྙན་དབུགས་ལྒང་གི་མཚན་མོ།

སྐུ་མགྲོན་དང་གཙོ་སྐྲུན་པའི་མཉམ་པར།

  སྤྱི་ལོ༢༠༡༩ལོའི་ཟླ་༡༢པའི་ཚེས༧ཉིན་ཏེ། ཁ་སང་དགོང་མོའི་ཆུ་ཚོད་བརྒྱད་ཀྱི་སྟེང་གློག་བརྙན«དབུགས་ལྒང»གི་མཚན་མོའི་འདུ་འཛོམས"ཞེས་པའི་མཚན་ཚོགས་ཤིག་ཧྭེ་ནན་སན་ཡཱ་ནས་བསྡུས། འདི་ནི་རེབ་འདིའི་ཧྭེ་ནན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་དམིགས་བསལ་གྱི་བྱ་འགུལ་ཞིག་རེད་འདུག མཚན་ཚོགས་འདིའི་སྟེང་གློག་བརྙན«དབུགས་ལྒང»གི་གཙོ་སྐྲུན་པ་དག་ཞུགས་ཡོད་པ་ལས་གཞན། རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་ལས་རིགས་ཀྱི་མི་སྣ་གྲགས་ཅན་མང་པོ་ཞིག་ཀྱང་ཕེབས་ནས་གློག་བརྙན་དབུགས་ལྒང་གི་ད་ལོའི་གྲུབ་འབྲས་ལ་མཉམ་རོལ་དང་། མ་འོངས་པའི་ལམ་ཁར་སྨོན་འདུན་ཞུས།

པདྨ་ཚེ་བརྟན་གྱིས་མིང་རྟགས་འགོད་བཞིན་པ།

གློག་བརྙན་ཕབ་སྐྲུན་མཁན་ཀྲོའོ་ཞོ་ཞ་ཡིས་མིང་རྟགས་འགོད་བཞིན་པ།

གཙོ་འཁྲབ་པ་བསོད་ནམས་དབང་མོ་དང་སྦྱིན་པ།

པདྨ་ཚེ་བརྟན་དང་འཁྲབ་ཁྲིད་པ་ཞེ་ཧྥེ།

མཚན་ཚོགས་ཀྱི་ཟུར་ཞིག

འཁྲབ་ཁྲིད་པ་དང་འཁྲབ་སྟོན་པའི་མཉམ་པར།

«དབུགས་ལྒང»གི་རྒྱལ་སྤྱིའི་སྒྲོག་པར།

གློག་བརྙན་དབུགས་ལྒང་ནི་པེ་ཅིང་ཧྲིན་ཐང་དུས་རབས་རིག་གནས་བརྒྱུད་སྒྲོགས་ཚད་ཡོད་ཀུང་ཟི་དང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་ཐེངས་གཉིས་པའི་མཉམ་འབྲེལ་གྱི་གློག་བརྙན་བརྩམས་ཆོས་ཡིན་འདུག ཐེངས་དང་པོའི་མཉམ་འབྲེལ་བརྩམས་ཆོས«ལག་དམར»ལ་སྐབས་ལྔ་བཅུ་ང་ལྔ་བའི་ཐེ་ཝན་གསེར་རྟ་རྟགས་མའི་འོས་མིང་དང། སྐབས་བདུན་བཅུ་དོན་ལྔ་བའི་ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་གྱི་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ་མྱོང་པ་རེད། དེ་མིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་མང་པོའི་སྟེང་གཟིགས་འབུལ་བྱས་ཏེ་སྙན་པའི་གྲགས་པ་རྒྱས་མྱོང་པ་ནི་ཚང་མར་གསལ་ཆ་ཡོད་པ་ཞིག་རེད་ཨང་། དེ་བཞིན་ཐེངས་གཉིས་པའི་མཉམ་འབྲེལ་བརྩམས་ཆོས«དབུགས་ལྒང»ལའང་རྒྱལ་སྤྱིའི་སྒང་ནས་བྱ་དགའ་མང་པོ་ཐོབ་མྱོང་པ་མ་ཟད། ད་ལོའི་ཆེས་ལྟ་རིན་ཡོད་པའི་གློག་བརྙན་གྲས་ཀྱི་གཅིག་རེད་ཅེས་བསྔགས་བརྗོད་བྱས་མྱོང་པ་རེད།

དཔྱད་མཆན་ཡོད།