སློབ་གསོའི་གློག་བརྙན་«དགེ་རྒན་ཨིག་ཀ་མ་»དྲྭ་ལམ་ཐད་གཏོང་བརྡ་ཁྱབ།

ཁ་སང་སྟེ་སྤྱི་ཟླ་7པའི་ཚེས་21ཉིན་ཐུན་རིན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་སློབ་གསོ་ཅུའུ། མི་རིགས་སློབ་འབྲིང་བཅས་ཀྱི་རྒྱབ་སྐྱོར་འོག་ངེད་མཚོ་སྔོན་ཨ་མའི་བུ་རིག་གནས་སྨྱན་བྱད་ཚད་ཡོད་སྤྱི་གཉེར་ཁང་གིས་སྐད་སྦྱོར་བྱས་པའི་འཛམ་གླིང་གི་སློབ་གསོའི་གློག་བརྙན་གྲགས་ཅན་༼དགེ་རྒན་ཨིག་ཀ་མ།༽ཞེས་པ་ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་ནས་གཏོང་འགོ་བརྩམས་པ་དང་དགེ་སློབ་ཡོངས་ཀྱིས་དགའ་བསུ་བླ་ལྷག་ཐོབ།དེའི་ཕྱིར་དེ་དགོང་དུས་ཚོད་7གྱི་སྟེང་ངེད་ཨ་མའི་བུ་གློག་བརྙན་རིག་གནས་ཐད་གཏོང་སྤྱི་སྟེགས་བརྒྱུད་ནས་དངོས་སུ་ཐད་གཏོང་བྱེད་རྒྱུ་ཡིན་པས་གློག་བརྙན་སྒྱུ་རྩལ་ལ་དགའ་བའི་ཐག་རིང་ཐུང་གི་གྲོགས་པོ་རྣམས་དུས་ལྟར་ཐད་གཏོང་དྲྭ་ཚོམས་སུ་ཕེབས་པར་བསུ་མ་བྱེད།

2222.jpg

ཚད་མཐོ་བའི་གློག་བརྙན་སྒྱུ་རྩལ་ལ་མྱོང་རོལ་བྱེད་འདོད་ན། ཨ་མའི་བུ་གློག་བརྙན་འཕྲིན་གྱི་རིག་གནས་དྲྭ་ཚོམས་སུ་ཞུགས་ཆོག

འཚོ་བ་ལ་མངར་སྐྱུར་སྤྲོད་ན།རིག་གནས་སྒྱུ་རྩལ་དང་སློབ་གསོའི་བྱང་ཚད་ཇེ་མཐོར་གཏོང་འདོད་ན། ཨ་མའི་བུ་སྤྱི་གཉེར་ཁང་གིས་ཚད་ལྡན་སྒོས་སྐད་སྦྱོར་བྱས་པའི་འཛམ་གླིང་གི་གློག་བརྙན་གྲགས་ཅན་དག་ལ་གཟིགས་རོགས།

434343.jpg

གློག་བརྙན་འདི་ལ་བལྟ་སའི་སྦྲེལ་ཐག   → ཨིག་ཀ་མ།

དཔྱད་མཆན་ཡོད།