གློག་བརྙན་ལག་དམར་གྱི་འཁྲབ་སྟོན་ཚོགས་པའི་ཆེད་སྒྲིག་

  མ་གོས་ལྷན་སྐྱེས་ཀྱི་སྒྱུ་རྩལ་གྱི་དྭངས་མས་ཕྱུག་པའི་བོད་ཀྱི་གློག་བརྙན་དང་བརྙན་འཕྲིན་ཟློས་གར། དངོས་བྲིས་གློག་བརྙན། བྲོ་གར་སོགས་ཀྱིས་གཟིགས་མོ་བ་མང་པོའི་ཡིད་ཀྱི་དང་ག་ཅིག་གྱུར་དྲངས་མྱངས་ལ། འདི་ནི་མཐོ་བརྒལ་ཞིག་དང་འུད་བསྟོད་ཅིག་ཡིན་ནམ། ཡང་ན་ཞིབ་འབྲི་བྱེད་སྟངས་ཤིག་གམ་ཨ་གསར་ཐེངས་ཤིག་རེད་ཨང་། ཁྱེད་ཀྱིས་ངོ་མཚར་པའི་ལྟད་མོ་འདི་དག་གི་རྒྱབ་ཀྱི་གཏམ་རྒྱུད་ཤེས་འདོད་ན་བརྙན་རིས་བརྒྱུད་ནས་རྒྱུས་ལོན་བྱ་བར་འཚལ།

  གློག་བརྙན་ལག་དམར་ཅེས་པའི་ནང་དུ་ཁམས་པའི་ཕོ་རྒོད་ལག་དམར་སྦྱིན་པ་ཡིས་དགྲ་བོ་འཚོལ་བའི་ལམ་ཁ་ནས་རླངས་འཁོར་བསྐོར་ནས་ལུག་གཅིག་བསད་པའི་ཁ་ལོ་བ་སྦྱིན་པ་དང་འཕྲད་ལ།དེའི་རྗེས་ལག་དམར་སྦྱིན་པ་དང་ཁ་ལོ་བ་སྦྱིན་པ་གཉིས་ཀ་སྔ་རྗེས་སུ་ཁམས་པའི་ཇ་ཁང་གི་སྦྱིན་བདག་མ་ལ་ཐུག་པ་དང་།ཁོ་གཉིས་ཀ་ཁམས་པའི་ཇ་ཁང་གི་སྦྱིན་བདག་མ་དང་ཁ་བྲལ་རྗེས།ལག་དམར་སྦྱིན་པ་དང་ཁ་ལོ་བ་སྦྱིན་པ་གཉིས་ཀ་རང་རང་སོ་སོར་དགྲ་ཤ་ལེན་པ་དང་འགྱོད་བཤགས་བྱེད་དུ་སོང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།

     万玛才旦导演:

  “ 金巴——金巴我们以前就认识,他在《塔洛》里面也演过一个角色,他的形象及性格,我们都很熟悉了,所以写司机金巴这个角色的时候,一开始就觉得金巴来演很适合。

  更登彭措——当时需要一个会说康巴话的演员,之前在上海电影节见过他一次,就觉得让更登彭措来演这个杀手金巴合适。

  索朗旺姆——当时一直找不到合适的,没有遇到很中意的演员。最后,离电影开拍只剩两天左右的时间,我们的副导演扎西寄来了一段索朗旺姆的视频,电影《皮绳上的魂》,好像也演了个老板娘,当时还是有点犹豫,所以让她先来试镜。”

  ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན།གློག་བརྙན་ལག་དམར་ཞེས་པ་འགྲེམས་གཏོང་བྱས་རྗེས།གཙོ་འཁྲབ་པ་གསུམ་གྱི་འཁྲབ་རྩལ་ལ་ལྟད་མོ་བས་དགའ་བསུ་ཚད་མེད་ཐོབ་པ་རེད།ལུས་ཀྱི་ཉམས་འགྱུར་སྣ་ཚོགས་ལྡན་པའི་ཇ་ཁང་གི་སྦྱིན་བདག་མ་དང་།ཁེར་རྐྱང་དང་སྒེར་ཚུགས་ཀྱི་ཉམས་ཆེ་ཞིང་།མཇུག་མཐར་དགྲ་ཤ་ལེན་རྒྱུ་བསྐྱུར་བའི་ལག་དམར་སྦྱིན་པ།གཞན་ད་དུང་ཕྱི་ཚུལ་གཏུམ་དྲག་ཆེ་མོད་ནང་སེམས་སྙིང་རྗེ་ཆེ་བའི་ཁ་ལོ་བ་སྦྱིན་པ་གང་ཡིན་རུང་།ཁོ་ཚོས་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པའི་སྒོ་ནས་འཁྲབ་སྟོན་བྱས་པ་དང་།ལྟད་མོ་བ་རྣམས་ལ་བབ་ཆགས་ཟབ་མོ་བཞག་ཡོད་པ་རེད།

  金巴

  电影《撞死了一只羊》中饰演司机金巴

  “电影里司机金巴这个人,从外表上看起来挺吓人的,但他内心很善良,其实我也是这样的,看起来挺凶猛,其实我内心很脆弱,路上撞死了一只羊,遇到杀手,杀手讲了很多事,我自己都不知所措了。”

  索朗旺姆

  电影《撞死了一只羊》中饰演茶馆老板娘

  “我自己和电影里的角色差别很大,电影里的老板娘是一个胆子很大,心胸宽广、伶牙俐齿的人物,现在我因为经常拍戏、表演,跟外界接触多了以后,稍微好一点,不然以前我是一个很内向的人,所以差别很大,而且康巴女孩和卫藏女孩的性格区别也很大。”

  更登彭措

  电影《撞死了一只羊》中饰演杀手金巴

  “对我来说之前没有过这样复仇的经历。后来通过跟老师聊了,了解有关人物的背景,老师跟我讲你自己要去体会,然后我穿好戏服,挂着锅碗瓢盆,一个人开始在可可西里上跋涉。”

 

 

  གློག་བརྙན་ལག་དམར་ཞེས་པ་འདི་ལ་བོད་ཁུལ་གྱི་རིག་གནས་འཚོ་བའི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ལྡན་པ་མ་ཟད།དུས་མཚུངས་སུ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་ཀྱང་ལྡན་པའི་གློག་བརྙན་འདི་འགྲེམས་གཏོང་བྱས་རྗེས།ལྟད་མོ་བ་ཚོས་དགའ་བསུ་ཐོབ་པ་མ་ཟད།ལག་དམར་ཞེས་པའི་གློག་བརྙན་འདི་ཡི་སྐོར་གྱི་གླེང་བརྗོད་དང་བཤད་ཚུལ་སྣ་ཚོགས་ཤིག་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་རེད།

  གློག་བརྙན་ལག་དམར་ནི་གློག་བརྙན་ཐར་ལོའི་རྗེས་སུ།པདྨ་ཚེ་བརྟན་གྱིས་རྒྱལ་ཡོངས་སུ་འགྲེམ་སྟོན་བྱས་པའི་བོད་སྐད་ཀྱི་གློག་བརྙན་གཉིས་པ་དེ་རེད།གློག་བརྙན་ལག་དམར་ལ་གདེང་འཇོག་ཡག་མོ་ཐོབ་པ་མ་ཟད།པ་སེ་བཙོངས་པའི་ཐད་ནས་ཟིན་ཐོ་གསར་པ་བསྐྲུན་ཞིང་།རྒྱལ་ཁབ་ཕྱི་ནང་ནས་བོད་ཀྱི་གློག་བརྙན་ལ་དོ་སྣང་བྱས་པའི་ཚ་རླབས་ཤིག་འཕྱུར་བ་རེད། གློག་བརྙན་འདི་ལ་སྔ་རྗེས་སུ་ཝེ་ཉི་སིའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ས་གཞིའི་མུ་མཐའི་སྡེ་ཚན་ལས་འཁྲབ་གཞུང་རྩེ་གྲ་དང་།ཨི་ཐ་ལིའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཉེར་ལྔ་པའི་གཏམ་རྒྱུད་གློག་བརྙན་རིང་ཤོས་ཀྱི་རྩེ་གྲའི་བྱ་དགའ།སི་ཕེན་རྒྱལ་ཁབ་ཀྱི་ལི་ཀྲི་རྟགས་མའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་གསུམ་པའི་གློག་བརྙན་རྩེ་གྲའི་བྱ་དགའ་སོགས་ཐོབ་པ་རེད།

  གློག་བརྙན་ལག་དམར་ཞེས་པ་ཕབ་སྐྲུན་བྱ་ས་ནི་འཚོ་གནས་ལ་ཉེན་ཁ་ཧ་ཅང་ཆེ་བའི་ཨ་ཆེན་གངས་རྒྱབ་ཡིན་པ་རེད།ཉིན་བཞི་བཅུའི་རིང་ལ་ཕབ་སྐྲུན་བྱས་པའི་དུས་ཡུན་འདི་ནི།ཐེངས་འདིའི་གློག་བརྙན་ཕབ་བསྐྲུན་ནང་ཞུགས་མཁན་ཡོངས་ལ་མཚོན་ན་འགྲན་སློང་ཆེན་མོ་ཞིག་རེད།

  “在拍摄这部电影时,有时拍摄到很晚,需要搬运器材时,他们都是主动帮忙,毫无架子。我认为这是一种藏族演员独有的品质,很受感动。能够跟这么多优秀的演员一起拍电影,内心感到很高兴。”
                                                                                                                     ——万玛才旦

  གློག་བརྙན་ལག་དམར་ཞེས་པའི་ནང་གི་གཙོ་འཁྲབ་པ་གསུམ་པོ་ནི་ན་གཞོན་འཁྲབ་སྟོན་པ་རྐྱང་རྐྱང་རེད།ཁོ་ཚོ་རང་གིས་འབད་བརྩོན་བྱས་པ་ལས་གཞན།པདྨ་ཚེ་བརྟན་གྱི་མཛུབ་སྟོན་འོགའཁྲབ་རྩལ་ཉིན་རེ་བཞིན་ཇེ་བཟང་ཇེ་ལེགས་སུ་སོང་ཡོད།ཐེངས་འདིའི་གློག་བརྙན་ཕབ་སྐྲུན་ཁྲོད་ནས།གཙོ་འཁྲབ་པ་གསུམ་ཀར་མཚོན་ན་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་སྐུལ་སློང་བྱས་ཤིང་།ནམ་ཡང་བརྗེད་ཐབས་བྲལ་བའི་བརྒྱུད་རིམ་ཞིག་ལ་གྱུར་ཡོད།

  “我们拍摄时,条件是很差的。但是导演始终与我们一同拍摄,没有休息一天。我们吃住都是一个标准,老师的身上有许多我们值得学习的地方。”
                                                                                                                     ——索朗旺姆

  ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་པར།གློག་བརྙན་ལག་དམར་ཞེས་པ་འགྲེམ་སྟོན་བྱས་པའི་སྐབས་དེར།ཨ་རིའི་ཧའོ་ལེ་ཝུའུ་གློག་བརྙན་གྲགས་ཅན་འགྲེམས་སྟོན་བྱེད་པའི་དུས་ལ་འཁེལ་ཡོད་པས།གློག་བརྙན་གཞན་པ་སྐོར་ཞིག་གི་འགྲེམས་སྟོན་དུས་ཚོད་བསྒྱུར་བའི་གནས་ཚུལ་འོག་ལ།སྒྱུ་རྩལ་རིགས་ཀྱི་གློག་བརྙན་བརྩམས་ཆོས་འདི་ལ་ཚང་མས་རེ་བ་ཆེན་པོ་ཞིག་གཏན་ནས་བཅངས་ཡོད་མ་རེད།འོན་ཀྱང་དགའ་འོས་པ་ཞིག་ལ་གློག་བརྙན་ལག་དམར་ཞེས་པ་འདི་ལ་གདེང་འཇོག་གང་ལེགས་ཐོབ་པ་མ་ཟད།པ་སེ་བཙོང་ཚད་སྒོར་བྱེ་བ་ལས་བརྒལ་ཡོད།ཐེངས་སྔ་མའི་གློག་བརྙན་ཐར་ལོ་དང་བསྡུར་ན།ངོ་བའི་ཐད་ནས་འཕེལ་རྒྱས་ཆེན་པོ་ཞིག་བྱུང་ཡོད་པས།པ་སེ་བཙོང་བའི་ཐད་ནས་བོད་ཀྱི་གློག་བརྙན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད།

  འགྲེལ་བཤད།རྩོམ་རིག་དང་ཡང་ན་གློག་བརྙན་བརྩམས་ཆོས་གང་ཡིན་རུང་།པདྨ་ཚེ་བརྟན་གྱིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཐབས་ལམ་ལ་བརྟེན་ནས་ཕ་ཡུལ་གྱི་སྣང་ཚུལ་སྣ་ཚོགས་ཚུར་མངོན་བྱེད་བཞིན་ཡོད།ཉིས་སྟོང་བཅུ་དགུ་ལོར།པདྨ་ཚེ་བརྟན་གྱི་མིང་མཐུན་སྒྲུང་ཐུང་བཅོས་སྒྲིག་བྱས་པའི་གློག་བརྙན་དབུགས་ལྒང་ཞེས་པ་ནི།ཀྲུང་གོའི་ཚབ་མཚོན་གློག་བརྙན་མང་པོ་མེད་པའི་གྲས་ཡིན་པའི་ཆ་ནས།ཝེ་ཉི་སིའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་དོན་དྲུག་པའི་ས་གཞིའི་མུ་མཐའ་ཞེས་པའི་སྡེ་ཚན་ནང་ཚུད་པ་རེད།མཚམས་འདིར་སླེབས་དུས་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསུམ་ནི་ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནང་ཚུད་པ་རེད།

དཔྱད་མཆན་ཡོད།