སྙན་ངག Poetry


འཚོ་བ་མཛེས་སྡུག་གིས་དབེན་པ་ནི་མ་ཡིན་པར།
           མཛེས་སྡུག་གསར་རྟོགས་བྱེད་པའི་མིག་དབེན་པ་དེ་རེད།

 

                                                QQ图片20130523170606.jpg


              སྙན་ངག་ཅེས་པའི་གློག་བརྙན་འདི་ནི་ཁོ་རི་ཡ་ལྷོ་མའི་འཁྲབ་ཁྲིད་པ་གྲགས་ཅན་ལིས་ཁྲང་ཏུང༼Jun-dong Lee༽གིས༢༠༡༠ལོར་ཕབ་བསྐྲུན་ཚར་བའི་གློག་བརྙན་ཞིག་ཡིན། ཁོས་རྩོམ་རིག་གི་བརྗོད་པའི་ཁྱབ་ཁོངས་ལས་རིང་དུ་འདས་པའི་སྒྱུ་རྩལ་དང་གློག་བརྙན་ལྟ་བུའི་གཟུགས་མེད་ཀྱི་རིན་ཐང་དང་ལྡན་པའི་བརྩམས་ཆོས་ཤིག་བསླང་ཡོང་བ་གློག་བརྙན་ལམ་བུའི་སྟེང་གི་དམིགས་གཅིག་པུར་བཟུང་ཞིང་། དེ་བཞིན་དུ༢༠༡༠ལོའི་སྐབས༦༣པའི་ཁཱ་ནེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་འཁྲབ་གཞུང་གཟེངས་ཐོན་གྱི་གཟེངས་རྟགས་མནོས་པས། ཁོས་ལྟད་མོ་བས་བརྩམས་ཆོས་འདི་བརྒྱུད་ནས〝མངོན་དུ་མེད་པའི་མཛེས་པ་གསར་རྙེད་བྱུང་སྟེ། བརྩམས་ཆོས་འདི་སེམས་ནས་མི་འབོར་བ་ཡོང་རྒྱུའི〞དམིགས་ཡུལ་བཅངས་པ་ལྟར་དུ་ལྟད་མོ་བར་བག་ཆགས་ཟབ་མོ་བཞག གློག་བརྙན་དུས་ཆེན་འདིའི་ཐོག་དཔྱད་འདེམས་ཚོགས་པའི་ངོས་ལེན་ཐོབ་ཅིང་། ལྟད་མོ་བའི་སྣང་ངོར་སྒྱུ་རྩལ་གསར་རྟོགས་བྱེད་པའི་ལམ་དང་འཚོ་བའི་དོན་དམ་རྙེད་ཡོང་བའི་ཐབས་དམ་པ་ཞིག་བསྟབས་ཡོད་པས། ལྟད་མོ་བ་ཚོས་རྟག་ཏུ་ཡང་སྒྱུ་རྩལ་གྱི་གསོལ་སྟོན་ཆེན་མོ་ཞིག་ཏུ་སྒོམ་ཡོད་འདུག

         གློག་བརྙན་དུ་ལོ་ན་བདུན་ཅུར་སོན་པའི་རྒན་མོ་མེ་ཙིར་ལོ་ན་མཐོ་བའི་རྐྱེན་གྱིས་བརྗེད་ངས་ཀྱི་ནད་དང་། པྲ་ཚགས་ཀྱི་ཚ་བོས་བསྐྱལ་ཡོང་བའི་དཀའ་ལས་བཅས་ཀྱིས་འཚོ་བ་སྡུག་ཅང་ངེར་ཡོད་པའི་རྣམ་པ་བསྟན་དེ། གཅིག་ནས་དཔལ་འབྱོར་གྱི་ལག་ཡོང་ཕྲ་བས་ལོ་ན་རྒན་ཡང་ད་དུང་ཞོར་ལས་བགྱི་དགོས་པ་དང་། གཉིས་ནས་དམིགས་རེ་དང་གཏད་སོ་མེད་པར་འཚོ་བར་ཁ་ཏོག་གིས་དབེན་པའི་ནར་མའི་བྱ་སྤྱོད་བརྒྱུད། སྟབས་ལེགས་པའི་སྙན་ངག་འདུ་ཚོགས་ཐེངས་ཤིག་ལ་ཟུར་ཞུགས་བྱས་པའི་གསབ་འཇུག་བརྒྱུད་དེ། སྙན་ངག་ལ་དུངས་པ་དང་འཚོ་བར་སྤྲོ་སྣང་གིས་འཇུག་པ། ཁ་མཚར་དང་བྱིས་བློའི་རྣམ་སྟངས་ཀྱིས་འཚོ་བར་བསྐྱལ་ཡོང་བའི་བདེ་དགའ་བརྗོད་པ་བརྒྱུད། མི་ཚེའི་རིན་ཐང་དང་འཚོ་བའི་དོན་སྙིང་ལ་ལྕགས་སྨྱུག་འཛིན་ཐེངས་གཅིག་གི་མྱོང་བས་བཟུང་བའི་གཏམ་བརྗོད་འདུག ནང་གི་གཙོ་འཁྲབ་པ་ཡེ་ཇོན་ཧེ༼Yun Jung Hee ༽ནི་ཁོ་རི་ཡ་ལྷོ་མའི་ལོ་རབས་དྲུག་ཅུ་བའི་ནང་གི་འཁྲབ་སྟོན་པ་རྩེ་གྲས་སུ་ཡོད་མོད། ལོ༡༦རིང་འཁྲབ་མཚམས་བཞག་ཅིང་། ད་ཐེངས®སྙན་ངག¯འཁྲབ་སྟོན་གྱི་ཆས་སུ་ཞུགས་པ་དེས་འཛམ་གླིང་གི་ལྟད་མོ་བ་ཚོར་མཚར་ཉམས་གསར་བ་ཞིག་བྱིན་ལ། འཁྲབ་ཁྲིད་པར་གཟེངས་རྟགས་ཐོབ་རྗེས་ཀྱི་གཏམ་དུ་ཡང〝དགེ་རྒན་ཡེ་ཇོན་ཧེར་གཟེངས་ཐོན་བུད་མེད་འཁྲབ་སྟོན་པ་གཙོ་བོའི་གཟེངས་རྟགས་མ་ཐོབ་པ་ནི་ཡིད་ཕངས་པ་ཞིག་རེད〞ཅེས་བཤད།

p450165772.jpg

གཤམ་ནི་མོས་བྲིས་པའི་ཆེས་མཇུག་མཐའི་སྙན་ངག་སྟེ།

                      ཁེར་རྐྱང་སྨག་གིས་ཡོངས་སུ་བཀབ་པས་གནས་དེ་ཇི་འདྲའི་སྨྲེང་བ་ལ།།
                      སྡོང་མགོའི་བྱེའུར་ཀྱུར་ཀྱུར་དབེན་ལ་དགོང་ཀ་རེ་རེར་མཚམས་སྤྲིན་ཙམ།།
                      བྱང་མེད་འཕྲིན་དང་སྙིང་གཏམ་དམར་པོ་ཕྱག་དུ་འབྱོར་བ་ཨེ་ཡོད་དམ།།
                      དུས་ཀྱི་ཆུ་བོ་ལྷུང་ལྷུང་བབས་པས་རྒྱ་སེའི་མེ་ཏོག་བསིལ་སོང་ངམ།།

                     འཇགས་པའི་རླུང་དང་རི་མོ་མཁན་ལྟར་རྒྱང་བཞུད་ལམ་དུ་རྡོག་པས་གནོན།།

                     འཛོམས་པའི་བཅས་པར་སེར་གྱིས་བརྣབས་པའི་རྨ་ཁ་ཡིད་ལ་བརྣགས་པ་དང་།།
                     གཉན་པོར་བཅུག་ལ་སེམས་ཀྱིས་འཚོས་པའི་བརྩེ་བ་གོར་མོ་སྒོམ་ནས་འགྲོ།

གློག་བརྙན་འདི་ལ་གཟིགས་འདོད་ཚེ་སྦྲེལ་ཐག་འདིར་གནོན་རོགས།  http://www.77vcd.com/Drama/shi/player-0-0.html
 

དཔྱད་མཆན་ཡོད།