ས་ག་ཟླ་བར་བལྟ་རྒྱུའི་གློག་བརྙན«བུདྷ»

            བོད་ཟླ་བཞི་བའི་ནང་ས་ག་ཟླ་བ་ཞེས་ཤཱཀྱ་ཐུབ་པ་དགའ་ལྡན་ནས་གཟིགས་པ་ལྔས་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པས་ས་ལུག་ཆུ་སྟོད་ཉ་བ་སྟེ་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམ་བིའི་ཚལ་དུ་སྐུ་བལྟམས་པའི་དུས་ཆེན་དང་གཅིག  ཤིང་རྟ་ས་ཟླའི་ཡར་ཚེས་བཅོ་ལྔའི་མཚན་མོ་བྱང་ཆུབ་ཆེན་པོའི་ཤིང་དྲུང་གཡོ་བ་མེད་པའི་ཏིང་འཛིན་ལ་གནས་ཏེ་སྲོད་ལ་བདུད་བཏུལ་ཐོ་རེངས་མངོན་པར་སངས་རྒྱས་པའི་དུས་ཆེན་དང་གཉིས།  ལྕགས་འབྲུག་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་རྩ་མཆོག་གྲོང་དུ་གཤེགས་ཏེ་ས་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་དེ་ཟག་མེད་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་དང་གསུམ་བཅས་ཁྱད་འཕགས་དུས་ཆེན་གསུམ་འཛོམས་ཀྱི་ཉིན་ཞིག་ཡིན།

          ཉི་བཟང་སྐར་བཟང་འདིར་སྟོན་པ་གང་དེའི་གསང་གསུམ་གྱི་ཡོན་ཏན་མངོན་པར་བསྟོད་པ་དང་།  དགེ་བའི་ལེགས་ཚོགས་ལ་འཇུག་པའི་དཔལ་མངོན་པར་རྒྱས་ཕྱིར་ངེད་དྲ་བ་ནས་སྟོན་པ་གང་གི་མི་ཚེའི་མཛད་རྣམ་བརྗོད་པའི་དངོས་བཤུས་གློག་བརྙན་འདི་མཁྱེན་སྤྱན་ཡངས་པའི་གཟིགས་མོ་བ་ལྷན་རྒྱས་ལ་དྲི་མེད་ལྷ་རྫས་ཤིག་གི་ཚུལ་དུ་ངོ་སྤྲད་པ་ལགས་ན། འདིས་ཀྱང་སྟོན་པ་གང་དེའི་རྗེས་འཇུག་གདུལ་བྱ་ཡོངས་ལུས་བདེ་སེམས་སྐྱིད་ཡོང་བའི་བསྔོ་སྨོན་ཞིག་ཏུ་འགྱུར་ཅིག་གུ།

p1507095576.jpg◎བརྙན་མིང་།  ༼བུདྷ༽ The Buddha
◎འཁྲབ་ཁྲིད་པ། David Grubin
◎གཙོ་འཁྲབ་པ། Richard Gere ... Narrator              
Blair Brown ... Narrator

◎ལོ་དུས།    ༢༠༡༠
◎རྒྱལ་ཁབ།    ཨ་རི།
◎རྣམ་དབྱེ།    དངོས་བཤུས།
◎IMDBདཔྱད་སྐར།  N/A      
◎སྐད་རིགས།­­­­  དབྱིན་ཇི།
◎དུས་ཡུན།  སྐར་མ ༡༡༤

◎གཟེངས་རྟགས།   Emmy Awards   

◎གློག་བརྙན་སྦྲེལ་ཐག

http://hd.baofeng.com/play/179/play-237179.html

【ནང་དོན་མདོར་བསྡུས།】
        ལོ་ངོ་སྟོང་ཕྲག་གཉིས་དང་ཕྱེད་ལྷག་གི་ཡར་སྔོན་ལ། རྒྱ་གར་དུ་སྟོན་པ་ཤཱཀྱ་ཐུབ་པའི་བསམ་བློ་ལས་འཁྲུངས་པའི་ཆོས་ལུགས་གསར་བ་ཞིག་བྱུང་བ་རེད། དེ་ཡང་སྟོན་པ་ཤཱཀྱ་ཐུབ་པ་ནི་རྒྱ་གར་གྱི་རྨད་དུ་བྱུང་བའི་སྐྱེ་བོ་དམ་པ་ཞིག་ཡིན་ཏེ། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་རྟོགས་པ་སད་དེ་སངས་རྒྱས་པའི་ངག་རྒྱུན་ཡོད། ཁོང་གིས་ནམ་ཡང་ཁོ་རང་མི་ཡུལ་གྱི་ལྷའམ་ལྷའི་ཕོ་ཉ་ཞིག་ཏུ་སྒྲོགས་མྱོང་མེད་ལ་ཁོང་གིས་ནི་ངེས་དོན་གྱི”ཞི་བ”རིགས་ཤིག་རྙེད་པའི་མི་དཀྱུས་མ་ཞིག་ཡིན་པ་དང་། ”ཞི་བ”འདི་རིགས་ནི་མི་སུས་ཀྱང་རྙེད་ཐུབ་པར་འབྲེལ་བརྗོད་བྱས་ཡོད།  དངོས་བཤུས་གློག་བརྙན༼བུདྷ༽ཞེས་པ་འདིའི་ནང་། སངས་རྒྱས་ཆོས་ལུགས་ལ་ཉམས་ཞིབ་གནང་མཁན་མཁས་དབང་ཞིག་གིས་སྟོན་པ་ཤཱཀྱ་ཐུབ་པའི་མི་ཚེ་དང་སྒྲགས་ཁོང་གིས་བསྟན་པའི་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློར་འབྲེལ་བརྗོད་གནང་ཡོད། སྟོན་པ་གང་གི་མི་ཚེའི་ལོ་རྒྱུས་ནང་དངོས་སུ་བྱུང་བའི་གནས་ཡུལ་དང་རིག་རྫས་གྲགས་ཅན་དག་དངོས་ཕབ་བྱས་པ་ལས་གཞན། མགུལ་རིས་སྒྱུ་རྩལ་གྱི་མཚོན་ཐབས་སྤྱད་དེ་ཡིད་འོང་གི་བརྙན་ངོས་རེ་རེ་ཁྱོད་ཀྱི་མིག་མདུན་དུ་སྟར་ཆགས་སུ་བརྒྱུས་ཡོད། 

 p1507095839ཀསའཀ.jpg

དཔྱད་མཆན་ཡོད།