གློག་བརྙན་ངོ་སྤྲོད། «པུ་ར་ཀ་ཡི་དཔྱིད་ཀ»

fghdsfghj510.jpg
fghdsfghj510.jpgfghdsfghj510.jpg

 

 

 

 

 

 

 

   

 

            ད་རེབ་ཁྱེད་ཅག་ལ་ངོ་སྤྲོད་པར་འདོད་པའི་གློག་བརྙན་དང་པོ་ནི༼ པུ་ར་ཀ་ཡི་དཔྱིད་ཀ ༽ཞེས་པའི་གློག་བརྙན་འདི་ཡིན་ཏེ། ཁ་ཡིག་འདི་ཆེས་ཐོག་མར་ཀློག་པ་པོ་དག་གི་མིག་ལམ་ལ་ཐོགས་སྐབས་ཅུང་ཆ་མེད་རྒྱུས་མེད་དུ་སྣང་ཡང་། དོན་ལ་སྒྱུ་རྩལ་ཕྱོགས་ཀྱི་རྩོམ་རིག་བརྩམས་ཆོས་དག་ལ་ཅུང་དོ་འཁུར་ཡོད་མཁན་ཞིག་ཡིན་ན། འདི་ནི་ཕལ་ཆེར་ཆ་ཡོད་རྒྱུས་ཡོད་ཅིག་ཡིན་ཀྱང་སྲིད་དེ། གློག་བརྙན་འདི་ནི་འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་སྟེང་སྙན་པའི་གྲགས་པ་གཅིག་པུས་ཕྱོགས་ཀྱི་བུ་མོའི་འགྲམ་པ་ཉམས་པར་བྱས་པའི་ཅེ་ཁིའི་རྩོམ་མཁན་གྲགས་ཆེན་རྨི་ལན·ཁུན་ངྷི་ར་ཡི་ ༼ ཚེ་སྲོག་ཁྲོད་ཐེག་པར་དཀའ་བའི་ཡང་བ ༽ཞེས་པའི་བརྩམས་སྒྲུང་དེ་གློག་བརྙན་དུ་ཕབ་བསྒྱུར་བྱས་པ་ཞིག་ཡིན།

1582027.jpg             ༼ ཚེ་སྲོག་ཁྲོད་ཐེག་པར་དཀའ་བའི་ཡང་བ ༽ཞེས་པའི་གྲགས་རྩོམ་དེ་ཀློག་ཡོད་མེད་གཉི་གའི་གང་ཡིན་རུང་བླ། མིའི་སེམས་སུ་ནམ་ཡང་བརྗེད་པར་དཀའ་བའི་ཚིག་རིས་ཤིག་འཇོག་དང་འཇོག་གྱིན་ཡོད་པ་ནི། “འོན་ཀྱང་ལོ་རབས་རེ་རེའི་བརྩེ་དུངས་མཚོན་པའི་སྙན་ངག་ཁྲོད། བུད་མེད་ཚོས་དུས་ནམ་ཡང་སྐྱེས་ཕོ་ཞིག་གི་ལུས་པོའི་ལྗིད་ཚད་དེ་ཐེག་ན་བསམ། དེའི་ཕྱིར། ཆེས་ཐེག་པར་དཀའ་བའི་རྡོག་ཁྲེས་དེ་ཡང་དུས་མཉམ་དུ་ཆེས་གསོན་ཤུགས་འབར་བའི་ཚེ་སྲོག་གི་བརྙན་རིས་ཤིག་ཏུ་གྱུར“ཞེས་པ་དང་། “ཁུར་བོ་ཇི་ལྟར་ལྕི་ན་ང་ཚོའི་ཚེ་སྲོག་དེ་ལྟར་ས་གཞི་དང་ཐག་ཇེ་ཉེ་ཡིན་ཞིང་། ཁོ་རང་དེ་ལྟར་བདེན་པ་བདེན་རྐྱང་གིས་གཞི་གྲུབ་ཡོད། དེ་ལས་ལྡོག་པ་སྟེ། ཁུར་བོ་ཅི་ཡང་མེད་པའི་སྐབས་སུ་མི་ནི་མཁའ་དབུགས་ལས་ཀྱང་ཡང་བས་མཁའ་དབྱིངས་ཏུ་རྒྱུ་ཞིང་ས་གཞི་དང་ས་གཞིའི་སྟེང་གི་ཚེ་སྲོག་ཀུན་དང་ཁ་བྲལ་ཡ་འཐོར་དུ་བུད་འགྲོ སྐབས་དེར་མི་ནི་མངོན་སུམ་དངོས་ཡོད་མིན་པའི་ལྟར་སྣང་ཞིག་སྟེ་ཁོའི་བྱ་བྱེད་ཀྱང་རང་དབང་དང་ལྡན་པས་དོན་སྙིང་གིས་དབེན“ཞེས་པའི་གསུང་ཚིག་གྲགས་ཅན་དེ་ལས་མ་འདས་པར་ཡོད་དེ། ཚིག་དུམ་འདི་གཉི་གས་གྲྭ་ཟུར་གང་ནས་ཀྱང་གློག་བརྙན་གྱི་བསྟན་དོན་ཧྲིལ་བོ་འུབས་ཀྱིས་བསྡུས་ཡོད།

9213b07eca806538518a976d97dda144ac345982b2b7aa57.jpg

QtG3RXLbH_1245475853.jpgQtG3RXLbH_1245475853.jpg

           དོན་དངོས་སུ། འཚོ་བ་ནི་དོན་དམ་ཅི་ཞིག་ལ་ཟེར་དགོས་སམ། རེ་སྒུག་དང་དོགས་ཟོན། འདང་རྒྱག་དང་མནོ་བསམ་སོགས་ཅི་ཡང་མི་དགོས་པར་སོས་དལ་བག་ཕེབས་དང་ཐུགས་སྤྲོ་ལྷོད་ཡངས་ངང་སྡོད་པའི་དུས་ལ་ཟེར་རམ། ཡང་ན། སེམས་ཁྲལ་དང་སྡུག་ཡུས། ཕམ་ལྟུང་དང་སྙིང་རུས་སོགས་ཉམས་སྡུག་པའི་ཚིག་ཟུར་འདི་དག་གི་སྟེང་ན་དཀྲིས་ཡོད། གློག་བརྙན་འདིའི་ནང་གི་འཁྲབ་སྟོན་མི་སྣ་གཙོ་བོ་ཐོ་མ་སི(Tomas)དང་ཐེ་རེ་སཱ(Tereza)ལྟར་ང་ཚོས་འཚོ་བ་ཟེར་བའི་མཚོ་ཆེན་དེ་བརྒལ་བྱེད་གཟིངས་ཆེན་དེ་གདམ་སྐབས“ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ“འདི་གདམ་མམ་ཡང་ན“ཆོས་རབ་རྣམ་འབྱེད་ཀྱི་བློ“འདི་གདམ་དགོས། ཡང་ན“ཡང་ཞིང་གཡོ་བ“གདམ་མམ“ལྗིད་ཅིང་བརྟན་མོ“དེ་གདམ་མམ། གང་ལྟར། ཐོ་མ་སི(Tomas) དང་ཐེ་རེ་སཱ(Tereza)་གཉིས་བྱ་དཀའ་བྱེད་གཏད་དང་ཐབས་ཟད་འུ་ཐུག་དུ་གྱུར་ཞིང་། མཐའ་མར་ང་ཚོ་ཡང་མགོ་འཐོམ་ནས་ཅི་ཡང་ཤེས་མ་སོང་།

QtG3RXLbH_1245475853.jpgQtG3RXLbH_1245475853.jpg         ༼ པུ་ར་ཀ་ཡི་དཔྱིད་ཀ ༽ཞེས་པ་ནི་ཡོ་རོབ་གློག་བརྙན་གྱི་རྣམ་པ་ལ་ལད་ཟློས་བྱས་པའི་བརྩམས་ཆོས་ཤིག་ཡིན།  གློག་བརྙན་འདིའི་ཁྲོད་འཁྲིད་སྤྱོད་དང་ཆགས་སྲེད་མངོན་པར་བསྟན་ཡོད་ལ་ཅུང་མངོན་ཆུང་གི་ཚུལ་དུ་ཨ་རིའི་གློག་བརྙན་ལ་རྒོལ་བའི་ཐབས་ལམ་བེད་སྤྱད་ཅིང་། ནང་གི་འཁྲབ་སྟོན་མི་སྣ་གསུམ་པོས་རང་ཉིད་ཀྱི་གཟུགས་གཞི་འཛེམ་བག་མེད་པར་ལྟ་མཁན་རྣམ་པའི་སྤྱན་ལམ་དུ་སྟོན་ཆེད། འཁྲབ་ཁྲིད་པས་ཆེད་དུ་ཧོ་ལེ་ཝོའི་རྒྱབ་ལྗོངས་མེད་པའི་ཡོ་རོབ་ཀྱི་འཁྲབ་སྟོན་པ་ཏག་ཏག་ལ་འཁྲབ་སྟོན་བྱེད་དུ་བཅུག་ཡོད། གློག་བརྙན་འདི1988ལོའི་ཨ་རིའི་རྩེ་གྲའི་གློག་བརྙན་བཅུ་ཡི་གྲས་སུ་བདམས་ཤིང་ཁན་ནེ་རྒྱལ་སྤྱིའི་གློག་བརྙན་གྱི་བྱ་དགའི་རྟགས་མ་རེག་ཡོད།QtG3RXLbH_1245475853.jpg

 QtG3RXLbH_1245475853.jpg

 

 

ཁ་བརྡ་བསོར་མོ།

           སཱ་པི་ནཱ།  ང་སྐྱེས་པ་གཞན་ཞིག་ལ་ཐུག་ཐལ། ཁོ་ནི་ངས་མཐོང་མྱོང་བའི་མི་ཆེས་བཟང་པོ་དེ་རེད། ཁོ་སྤྱང་གྲུང་ལྡན་ཞིང་གཟུགས་བྱད་མཛེས། མ་ཟད་ང་ལ་ཞེ་དྲག་དགའ་པོ་བྱེད་བཞིན་འདུག ཁོ་གཉེན་སྒྲིག་བྱས་ཟིན། ཡིན་ཡང་དོན་དག་གཅིག་ཡོད་དེ་དེ་ནི་ཁོ་རང་ངའི་ཞྭ་མོ་ལ་དགའ་པོ་མི་འདུག

          Sabina: I've met another man. He's the best man I've ever met. He's bright, handsome and he's crazy about me. And, he's married. There's only one thing; he doesn't like my hat.

          ཐེ་རེ་སཱ།  ངས་ཤེས་མ་སོང་། མི་ཚོ་ཕན་ཚུན་ལ་མི་དགའ་བའི་སྐབས་སུ་ཅི་བྱས་འཁྲིག་པ་སྤྱོད་དམ།

          Tereza: I don't understand how someone can MAKE love without BEING in love.

          ཐོ་མ་སི།  གོན་རྒྱུ་ཕུད།

          Tomas: Take off your clothes.

          ཐོ་མ་སི།  ང་ངེས་པར་དུ་འགྲོ་དགོས།

          སཱ་པི་ནཱ།   ཁྱོད་བུད་མེད་ཀྱི་ཁྱིམ་ནས་ཞག་འདུག་བྱས་མ་མྱོང་ངམ།

          ཐོ་མ་སི།  གཏན་ནས་མ་མྱོང་།

          སཱ་པི་ནཱ།  གལ་ཏེ་བུད་མེད་ཁྱོད་ཀྱི་ཁྱིམ་དུ་ཡོད་ན།

          ཐོ་མ་སི།   ངས་ཁོ་མོར་ང་གཉིད་མི་ལོག་པའམ་ཡང་ན་་་་་་་་་་གཞན་མང་པོ་མང་པོ་ཞིག་ཟེར་ངེས།  མ་ཟད། ང་ལ་མལ་ཁྲི་ཆུང་ཆུང་ཞིག་མ་གཏོགས་མེད།

          སཱ་པི་ནཱ།  སྨན་པ། ཁྱོད་བུད་མེད་ལ་སྐྲག་པ་ཨེ་རེད།

          ཐོ་མ་སི།   ལོས་སྐྲག

          Tomas: I must go.

          Sabina: Don't you ever spend the night at the woman's place?

          Tomas: Never!

          Sabina: What about when the woman's at your place?

          Tomas: I tell her I have insomnia... anything. Besides, I have a very narrow bed.

          Sabina: Are you afraid of women, Doctor?

          Tomas: Of course. 

དཔྱད་མཆན་ཡོད།