གློག་བརྙན་དང་མཚན་ཉིད་རིག་པ།

640.jpg

 གློག་བརྙན་ཡག་པོ་ཞིག་ལ་མི་རྣམས་ཀྱི་བློ་འགུགས་ཐུབ་པའི་ཟློས་གར་གྱི་ནང་དོན་ལྡན་པ་མ་ཟད་ངོ་མཚར་བའི་ཁ་འགྲེམ་སྟངས་དང་། ད་དུང་སྐུལ་སྤེལ་སློང་བའི་མི་ཚོའི་བསམ་གཞིགས་བྱེད་སྟངས་བྱེད་པར་བརྒྱུད་ནས་སྤྱི་ཚོགས་འཚོ་བ་ཚུར་སྣང་དང་སུན་འབྱིན་ཐུབ་པའི་མིག་མཐོང་སྙན་ངག་ཅིག་རེད།

     ༡   《དྲག་ཏུ་འཐབ་པའི་སྤྲོ་སྐྱིད་ཁང》ཞེས་པའི་གློག་བརྙན་ལ་དོན་སྟོང་རིང་ལུགས་ཀྱི་སྒོ་ནས་དཔྱད་པ་དང་།

     ༢   《འབྲོག་སྟོང་གི་འཚོ་གནས》ཞེས་པ་གཞི་གྲུབ་རིང་ལུགས་ཀྱི་སྒོ་ནས་བརྙན་དཔྱད།

     ༣   《དྲན་ཤེས་ཀྱི་ཧྲུག་ཆག》ཅེས་པ་ངེས་གཟུང་དང་མཚན་ཉིད་རིག་པའི་སྒོ་ནས་བརྙན་དཔྱད།

     ༤   《ཁོ་མོ་ལ་བཤད》ཅེས་པ་བརྩེ་དུང་ཕྱི་ཚུལ་རིག་པའམ་བརྩེ་དུང་སེམས་རིག་པའི་སྒོ་ནས་དཔྱད་པ།

     ༥   《མཛེས་སྡུག་གི་ཡུན་གཏན་ཉི་འོད》ཅེས་པ་སྙིང་དོན་དབྱེ་ཞིབ་ཀྱི་སྒོ་ནས་བརྙན་དཔྱད།

     དང་པོ། རྩོལ་འཐབ་ཁ་གཏད་དུ་ལངས་པའི《དྲག་ཏུ་འཐབ་པའི་སྤྲོ་སྐྱིད་ཁང》ཟེར་བའི་གློག་བརྙན་དེ་དོན་སྟོང་རིང་ལུགས་ཀྱིས་འགྲེལ་བཤད་བྱེད། འདི་ནི་དེང་རབས་རང་བཞིན་ནམ་བསམ་ཞིབ་ཀྱིས་དམག་འཁྲུག་སློང་བའི་རིན་ཐང་ལྟ་ཚུལ་མཚོན་པའི་གློག་བརྙན་ཞིག་རེད། ཏ་ཨེ•ཧྥིན་ཆེ་བཀོལ་ནས་གདོན་འདྲེའི་གློག་བརྙན་གྱི་སྐད་ཆ་གསར་བཟོ་བྱས་པའི་དེང་རབས་ཀྱི་ཤུགས་བསྟན་སྐད་ཆ་དང་། བཅོལ་གཏམ་ཕྱི་ངོས་ཀྱིས་སྟོན་པའི་བཙན་ཤེད། གཏོར་བཤིག་དང་རྒྱབ་གཏོད། བློ་བར་དང་དོན་དངོས་ཀྱིས་ཁོའི་དེང་རབས་སྤྱི་ཚོགས་ལོ་རྒྱུས་ཀྱི་བདེ་སྡུག་འབྲེལ་བས་དོན་སྟོང་རིང་ལུགས་ལས་ཚུར་སྣང་བྱེད་ཐུབ་ཡོད་པ་རེད། ཧྥིན་ཆེས་ཀྱིས་ཕལ་བ་ནས་ཕལ་བ་མ་ཡིན་པའི་སྐྱེས་པའི་མཐོང་ཟུར་གནས་ལུགས་གསལ་བཤད་བྱས་ནས་དེང་རབས་སྤྱི་ཚོགས་ཀྱི་སེམས་ཤུགས་ཉམས་ཉེན་དང་། དངོས་ཁམས་ཕུན་སུམ་ཚོགས་པ། ལག་རྩལ་རྩེར་སོན་དར་བ་དང་། འཚོ་བར་མཐུན་འགྱུར་རོགས་ཕན་མཛད་པའི་ཕྱི་ངོས་ནས་གྲ་རྒྱས་པའི་སྟེང་ལྡིང་སྐོར་རྒྱབ་ཅིང་འབོར་ཆེན་པོའི་དོན་སྟོང་རིང་ལུགས་ཀྱི་རྣམ་ཤེས་རྔོགས་འདོན་བྱས་ཡོད། མི་སྒེར་གྱི་གཞི་གྲུབ་ཀྱི་ཚོར་ཤེས་དང་། སྐྱེས་པ་དང་ཁྱོ་གའི་དཔའ་ཉམས་གཏོར་བརླགས་བྱས་པ་དང་། ཚད་མཐོ་བའི་རྗེས་དཔག་རང་བཞིན་གྱིས་སྤྱི་ཚོགས་ཁྲོད་ཀྱི་བསམ་བློར་བརྩི་མཐོང་བྱེད་རིན་མེད་པ་དང་མི་དམངས་ཚོས་ཕུགས་བསམ་བརྩོན་ལེན་བྱེད་བཞིན་ཡོད་པ་རེད། གལ་སྲིད་འཚོ་བར་ཡང་སྙིང་སྤུ་ཙམ་མེད་པ་ན་ལས་དོན་དང་རོལ་རྩེད། ད་དུང་ང་ཚོས་འབད་བརྩོན་བྱེད་རིན་ཡོད་པ་ཞིག་རེད་དམ། ང་ཚོས《དྲག་ཏུ་འཐབ་པའི་སྤྲོད་སྐྱིད་ཁང》དཔྱད་བསྡུར་བརྒྱུད་ནས་དུས་རབས་ཀྱི་ཆེས་ཛ་དྲག་གི་ཀླད་སྐྱོན་ནད་རྟགས་དེ་དོན་སྟོང་རིང་ལུགས་ལས་ཚུར་སྣང་ཐུབ་བཞིན་ཡོད་པ་རེད།

     གཉིས་པ། ཁེར་རྐྱང་གི་གནས་མཇལ་བ《འབྲོག་སྟོང་གི་འཚོ་གནས》ཀྱི་གློག་བརྙན་འདི་གཞི་གྲུབ་རིང་ལུགས་དང་མཚོན་བྱེད་ཀྱི་རྭ་ཤོག་བཀོལ་ཡོད་པ་རེད། འདི་ནི་དམག་འཁྲུག་གི་ལས་དབང་མཚོན་པའི་གློག་བརྙན་ཞིག་རེད། ཡིད་ཚིམས་པ་དང་རྫུན་གཏམ། ཐ་ཤལ་དང་སྤྱིར་བཏང་བའི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་ཁྱོད་ལ་སྙིང་སྟོབས་དང་། “ཁི་ལེས་སི”འདྲ་བའི་གདམ་གསེས་བྱས་པའི་འབྲོག་སྟོང་གི་འཚོ་གནས་མཚོན་ཀྱིན་ཡོད་པ་རེད། དེ་མཚན་ཉིད་རིག་པའི་བསམ་གཞིགས་ཀྱིས་ཟུར་ཚད་ནས་བལྟས་ཡོང་ན། ཁི་ལེས་སིས་ཀྱི་ཀུན་སློང་དང་། ཁོའི་སྙིང་སྟོབས། བློ་ཐག་རྦད་བཅད་དང་། སྡུག་སེམས་གནག་པོ་སོགས་ནི“གཞི་གྲུབ་རིང་ལུགས”ཀྱི་མཚན་ཉིད་རིག་པའི་དབུགས་ལམ་གཅིག་འབྲེལ་རེད་ཅེས་བཤད་ཆོག་པ་རེད། “to be or not to be”ཧ་མོས་ལིན་ཐི་ཧྲིའི་རྩད་འདྲིའི་གདམ་གསེས་ཁྲོད“to be”(འཚོ་གནས)ཁོའི་རང་ཉིད་ཀྱི་ཚེ་སྲོག་གིས་གྲུབ་པའི་ཡིད་འཇོག་གི་སྟེས་དབང་སོགས་རྟོགས་ནུས། ཁོས་དང་ལེན་མི་བྱེད་པའི་གནམ་བདག་གི་འབུལ་རྟེན(ཚེ་སྲོག)ཆུ་འགྲོས་ལྟར་འགྲོ་བའི་རླབས་རིས་ནི་བློ་ཐག་རྦད་བཅད་ཀྱི་འགྱུར་བའི་ལུས་པོ་འདི་ཏ་མ་ཧ་ཡོས་དང་འདྲ་བར་ཆུ་རྒྱུན་གྱེན་ལྡོག་གི་དཀྱིལ་བཤག་ནས་ལང་ལོང་དུ་ཕྱུར་བའི་མཚོ་འགྲམ་གྱི་ཕྱེ་མ་བདས་པ་ནི་དམག་འཁྲུག་ཅིག་དང་མཚུངས་པ་ཟུར་ལྡོག་གི་བསྟན་ཡོད། 《འབྲོག་སྟོང་གི་འཚོ་བའི》མྱོང་དཔྱད་བརྒྱུད་ནས་ང་ཚོས་འདྲི་རྩད་ཁྲོད་ཀྱི་མི་སྒེར་གཞི་གྲུབ་ཀྱི་སྙིང་དོན་དེ་ཁི་ཨར་ཁེ་ཀོ་ཨར་དང་། ཧེ་དི་ཀི་ཨར། ས་ཐི། ཅ་མེའོ། བེ་ཐི་ཀུན་སི་ཐན་སོགས་ཀྱིས་རྒྱུས་ལོན་ལ་བརྟེན་ནས་ཁི་ལེན་སིའི་ཚེ་སྲོག་ལ་བཟུང་བའི་རྣམ་འགྱུར་མཚོན་ཐུབ་ཡོད།

     གསུམ་པ། དྲན་ཤེས་ཀྱིས་ཧྲུག་ཆག་གཏོང་ཞིང་གནས་ཐུབ་པའི《དྲན་ཤེས་ཀྱི་ཧྲུག་ཆག》དང་ངེས་ཤེས་ཀྱི་མཚན་ཉིད་རིག་པ། འདི་ནི་འདྲི་རྩད་དྲན་ཤེས་ཀྱི་ངོ་བོ་ལྡན་པའི་གློག་བརྙན་ཞིག་རེད། དྲན་ཤེས་ལ་གྲུབ་ཆ་གང་དག་ཡོད་དམ། ཡང་ན་དེ་དག་ལ་རིགས་སམ་རྣམ་པ་དུ་ཡོད་དམ། ཁོ་ལ་དགོས་མཁོ་ཡོད་པའི་ཕྱིའི་དངོས་རྫས་དག་གང་ཡིན་ནམ། གལ་སྲིད་ངེས་བཟུང་ལ་གནད་དོན་ཡོད་ན་ད་དུང་ངས་ང་གྲུབ་དོན་ག་རེ་ཡིན་ནམ། དྲན་ཤེས་ཀྱི་ཧྲུག་ཆག་གི་སེམས་ཁུར་ལས་བྱུང་བའི་བྱས་ཉེས་བཟོས་པའི་བརྙན་ཞིག་རེད། དེ་བསམ་བློ་གཏིང་ཟབ་པའི་མཚན་ཉིད་རིག་པའི་གློག་བརྙན་ཞིག་རེད། ཐ་ལན་ཁོས་དཔྱད་བསྡུར་བྱས་ནས་མཚན་ཉིད་རིག་པའི་གནད་དོན་དང་། མི་གཤིས་ཐེ་བའི་གཅིག་གྱུར་རང་བཞིན་དང་རྣམ་ཤེས་ལས་བྱུང་བའི་གཏིང་ཟབ་པའི་མཚན་ཉིད་རིག་པའི“ཁེར་ཚུགས་ཀྱི་ཕྱོགས་ཁག”ལམ་སྟོན་ཐུབ་པ་རེད། ཡིན་ནའང་། དྲན་ཤེས་ཀྱི་ཟུར་ཚད་ནས་མངོན་པས་ང་ཚོས་ད་གཟོད་འདང་ངེས་ཀྱིས་གློག་བརྙན་འདི་ལ་རྒྱུས་ལོན་བྱེད་ཐུབ། དེ་མཚུངས་གོང་སྨྲས་ཀྱི་མཚན་ཉིད་རིག་པའི་དོགས་གནད་དག་དང་འབྲེལ་བའི་རྒྱུས་ལོན་ཐུབ་ངེས།

     བཞི་བ། དགའ་ན་མོ་ལ་ཇི་བཞིན་བརྗོད་དམ《ཁོ་མོར་བཤད་པ》དང་བརྩེ་དུང་གི་ཕྱི་ཚུལ་རིག་པ། 《མོར་བཤད་པ》ཞེས་པ་འདི་ནི་བློ་གསལ་དོན་རྟོགས་ཀྱི་སྒྱུ་རྩལ་རྩོམ་རིག་ཕུལ་བྱུང་ཅན་གྱི་འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་གློག་བརྙན་ཞིག་ཡིན། ཨ་མོ་ཏོ་བས་བརྩེ་དུང་ལ་རྒྱུས་ལོན་སིམ་པའི་ཁྲོད་ཕྱོགས་མང་པོ་ཞིག་གི་ཞིབ་ཆ་དང་། ཕྱི་ཚུལ་རིག་པའི་མིག་ཤེལ་ལས་ང་ཚོས་མཐོང་ཐུབ་པ་ནི་ལྐོག་གྱུར་གྱི་ཞིབ་ཆའི་གོ་དོན་ཟབ་མོ་བརྒྱུད་ནས་བློ་གདེང་གི་བརྩེ་དུང་གི་ངོ་བོ་དང་། བརྩེ་དུང་ཕྱི་ཚུལ་རིག་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སམ་ཚན་རིག་རིང་ལུགས་ཀྱི་བྱེད་ཕྱོགས་ཉེ་བར་བཅར་ནས་བརྩེ་དུང་གི་མཚན་ཉིད་རིག་པས་བརྩེ་དུང་གི་ཕྱི་ཚུལ་འདུ་ཤེས་བཅས་ལ་འཁྲེང་བའི་རྣམ་འགྱུར་སྟོན་གྱིན་ཡོད་པ་མ་ཟད། བརྩེ་དུང་སེམས་ཁམས་རིག་པའི“བཟོ་ཞིང་འབྲོག་ཞོར་ཉ་ལྔ་འམ”(སྐྱོན་བརྗོད་ལས་བྱུང་བའི་ཞོར་གཏོགས་ཀྱི་ཕྱི་ཚུལ)ལམ་ཚན་རིག་པའི་བཤད་འདུན་ཆེ་བའི་སྐུལ་རྒྱུ་སོགས་མང་པོ་ཞིག་ཡོད་པས་ངས་ཁྱེད་ཅག་ལ་མཁས་དབང་ཧེ་དི་ཀི་ཨར་གྱི“གཞི་གྲུབ་སྨྲ་བའི་སྣང་ཚུལ་རིག་པའི”བརྩེ་དུང་སེམས་ཁམས་རིག་པ་དང་། སྐུ་ཞབས་ལིས་རོང་གི་བརྩེ་དུང་སྣང་ཚུལ་རིག་པ་ལ་གཉིས་ལས(Le Phénomène Érotique)རྒྱུན་ཆད་མེད་པའི་བརྩེ་དུང་ཟབ་མོར་གྱུར་བའི་ཟུར་ཚད་ལས་བལྟས་ན། ཧེ་དི་ཀི་ཨར་དང་ལིས་རོང་གཉིས་ཀྱི་ཕྱི་ཚུལ་རིག་པའི་གྲུབ་ཆ་དང་རིམ་འཕར་བར་གྱི་འབྲེལ་བས་བརྩེ་དུང་ཕྱི་ཚུལ་རིག་པར་ང་ཚོས་ཤེས་རྟོགས་ཐུབ་ན་ཇི་ལྟར་དགའ་ནས་བརྩོན་ལེན་བྱེད་སྟོན་ཡོད།

     ལྔ་བ། ང་ལ་བརྩེ་དུང་མེད་པའི་བརྗེད་ཆུ་བླུད་རོཊ《མཛེས་སྡུག་གི་ཡུན་གཏན་ཉི་འོད》དང་སྙིང་སྟོབས་ཀྱི་དབྱེ་ཞིབ། 《མཛེས་སྡུག་གི་ཡུན་གཏན་ཉིད་འོད》ནི་བསྐྱར་དུ་བརྩེ་དུང་ལ་དད་གུས་མཚོན་པའི་གློག་བརྙན་ཞིག་རེད། དེ་མཚུངས་སུ་དེ་ནི་གཏིང་ཟབ་པའི་འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་སམ་མཚན་ཉིད་རིག་པའི་གློག་བརྙན་ཞིག་རེད། ཐོག་མར་དེའི་གནས་ཚུལ་ཞིབ་བརྗོད་ཀྱི་གྲུབ་ཆས་མི་ལ“ཡུན་གཏན་པའི་འཁོར་བ་འམ”(eternal recurrence)བརྙན་ཧྲིལ་བོས་ཕྱིར་བསྒྲགས་བརྒྱུད་ནས་རུས་མིང་ཉིས་འབྲེལ་གྱིས་ལས་དབང་སྨྲ་བ་པོ་དེས་སྐྱེས་པ་བུད་མེད་ལ་འཕྲད་པ་དང་། སྐྱེས་པ་དང་བུད་མེད་ཕན་ཚུན་གྱིས་སླར་ཡང་བུད་མེད་དང་འཕྲད་ཡོད་པ་རེད། བརྙན་དེས་ད་དུང་མིས་ཧྥོས་ལོ་ཡེས་དིའི་འདུ་ཤེས་དང་རྨི་ལམ་ལས་རྙེད་པ་ནི་སྔོན་སོང་གི་འབྲས་རྟགས་ཤིག་ཡིན་སྟོན་བཞིན་ཡོད། (unconscious)རྩོད་གླེང་དེ་བས་ཀྱང་རྨི་ལམ་ལ་དབྱེ་ཞིབ་བྱེད་པའི་གློག་བརྙན་ཞིག་རེད། དམིགས་ནས་ནེས་ཚེས། ཧྥོས་ལོ་ཡེས་དིའི་དགག་ཕྱོགས་ཀྱིས་རྭ་ཤོག་འདིས“སྙིང་སྟོབས་ཀྱི་དབྱེ་ཞིབ”སྤྱི་མིང་སྤྱད་ནས་སྐྱེལ་གཏོང་གི་མཚན་ཉིད་རིག་པའི་མཐོང་རྒྱའི་སྣེ་ཟུར་བསྟན་ཡོད་པ་རེད། དེ་ལས་གཞན་པ་སྨོས་ཅི་དགོས་ང་ཚོའི་སྙིང་སྟོབས་ཀྱི་དབྱེ་ཞིབ་ཀྱི་གྲུབ་མཐའི་ཚབ་མཚོན་མི་སྣ་རོང་གི་དང་ལ་ཁང་གཉིས་རེད། ཡིད་ཆེས་བརྒྱུད་པའི་ནེས་ཚེས་དང་། ཧྥོས་ལོ་ཡེས་དིའི། རོང་གི་དང་། .ལ་ཁང་གཉིས་ཀྱི་རིག་གཞུང་བྱུང་རྗེས་བལྟད་མོ་བས་ད་གཟོད་རྒྱུས་ལོན་གྱི་གནས་ལུགས་ཁྱད་གཤིས་ལྡན་པའི་ངང་རྟོགས་ཐུབ་ལ། ལས་སྐལ་ཅི་བབ་ཀྱི་མི་དེའི་ང་ཚོར་འཕྲད་ཐུབ་པ་ཡིན་ནའང་མི་ལེགས་པའི་ལམ་དུ་འགྲོ་བ་རེད་ཟ་ཟུར་མཚོན་ཅི་ཐུབ་བྱས་ཡོད།

༢༠༡༦/༡/༥

དཔྱད་མཆན་ཡོད།