ངའི་ཨ་མ་དང་འབྲེལ་བའི་ཡོད་ཚད།

  «ངའི་ཨ་མ་དང་འབྲེལ་བའི་ཡོད་ཚད»ཞེས་པའི་གློག་བརྙན་འདི་ནི་སེ་ཕན་གྱི་འཁྲབ་ཁྲིད་པ་ཕ་ཀྲོལ་ཨ་མེ་དོ་བ佩德罗·阿尔莫多瓦ཡིས་འཁྲབ་ཁྲིད་བྱས་ཤིང་། གློག་བརྙན་འདི་ལ་སྤྱི་ལོ2000ལོའི་སྐབས57པའི་ཨ་མེ་རི་ཁའི་གློག་བརྙན་འཕྲིན་གསེར་གྱི་སྤོ་ལོ་རྟགས་མའི་ཕྱི་སྐད་གློག་བརྙན་རྩེ་གྲའི”བྱ་དགའ་དང་། སྐབས72པའི་ཨོ་སི་ཁ་གསེར་གྱི་རྟགས་མའི“ཕྱི་སྐད་གློག་བརྙན་རྩེ་གྲ།སྐབས52པའི་ཀཱ་ན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི“འཁྲབ་ཁྲིད་པའི་རྩེ་གྲའི”བྱ་དགའ་སོགས་བྱ་དགའ་བཅུ་བདུན་ལྷག་ཐོབ་མྱོང་།

གློག་བརྙན་གྱི་བརྙན་པར།

  གློག་བརྙན་འདི་རུ་མ་ནའོ་ཨེ་ལ玛努埃拉ཡི་ཁྱོ་ག་ཁོང་གཉིས་ཀྱི་ཕྲུ་གུ་མ་བཙས་གོང་ནས་མ་ནའོ་ཨེ་ལ་དང་ཁ་གྱེས་སོང་།དེ་ནས་བཟུང་། མ་ནའོ་ཨེ་ལ་གཅིག་པུས་བུ་ཕྲུག་གཉོར་དགོས་བྱུང་། ཕྱིས་སུ་མོས་བུ་ཆུང་ཁྲིད་ནས་མ་ཏེ་ལི་གྲོང་ཁྱེར་དུ་སོང་ཏེ་འཚོ་བ་རོལ། མ་ནའོ་ཨེ་ལ་ཡིས་རང་གི་བུ་ཆུང་ལ་ཁོའི་ཨ་ཕ་ཚེ་ལས་འདས་སོང་བའི་དོན་དག་བཤད་ནའང་། བུ་ཆུང་དོན་དེར་ཡིད་མ་ཆེས་པར་ཨ་ཕ་དྲན་པའི་གདུང་བ་ལྐོག་ཏུ་ཉིན་ཐོ་འབྲི་དེབ་ཏུ་བཀོད།

གློག་བརྙན་གྱི་བརྙན་པར།

  ཕྱིས་སུ། བུ་ཆུང་ལ་རླངས་འཁོར་དང་རྡུང་ཀ་ཕོག་ནས་འདས་སོང་། མ་ནའོ་ཨེ་ལ་སེམས་སྡུག་གི་གནས་སུ་ལྷུང་ཞིང་རང་གི་བུ་ཆུང་གིས་ཨ་ཕ་དྲན་པའི་ཉིན་ཐོ་དག་མཐོང་རྗེས། རང་སེམས་ལ་དམ་བཅས་ནས་བུ་ཆུང་གི་སེམས་ཀྱི་འདུན་པ་སྐོང་ཆེད་རང་ཉིད་དང་ཡུན་རིང་བྲལ་བའི་ཁྱོ་ག་འཚོལ་བར་ཆས། ཡུན་རིང་པོར་བཙལ་མཐར་ཁོ་མོས་རང་གི་བུ་ཆུང་གི་ཕ་རྒན་གྱིས་ལུས་རྟེན་བུད་མེད་དུ་བརྗེ་བསྒྱུར་བྱས་འདུག་པ་ཤེས། དེས་མི་ཚད། སྨད་འཚོང་མའི་ལས་སུ་ཞུགས་ཏེ་ཨེ་ཙེ་ནད་ཀྱང་བྱུང་འདུག དེ་བས་ཀྱང་ཡིད་སྐྱོ་བ་ནི་དགེ་སྒྲུབ་བུ་མོ་ལའོ་ཟ罗萨ལ་བུ་ཆུང་གི་ཕ་རྒན་གྱི་བྱིས་པ་ཆགས་པ་དང་ལྷན་ཨེ་ཙེ་ནད་ཀྱང་འགོས་འདུག

གློག་བརྙན་གྱི་བརྙན་པར།

  དེ་ལ་ཁྱིམ་མིས་དགེ་སྒྲུབ་བུ་མོ་ཕྱི་རུ་སྤྱུགས། མ་ནའོ་ཨེ་ལ་ཡིས་དགེ་སྒྲུབ་བུ་མོར་བདག་སྐྱོང་ཡག་པོ་བརྒྱབ་ཅིང་། མངལ་དུ་འཁོར་བའི་བྱིས་པ་བདེ་ལེགས་ཀྱིས་བཙའ་བར་རོགས་རམ་བྱས། ཡིན་ཅང་། དགེ་སྒྲུབ་བུ་མོ་བྱིས་པ་བཙའ་དུས་ཚེ་ལས་འདས། ཕྱིས་སུ་མ་ནའོ་ཨེ་ལ་ཡིས་འདས་གྲོངས་སུ་གྱུར་བའི་རང་གི་བུ་ཆུང་གི་མིང་དགེ་སྒྲུབ་བུ་མོའི་བྱིས་པའི་མིང་ལ་བཏེགས་ནས་གཉོར་སྐྱོང་གང་ལེགས་བྱས། བྱིས་པ་སྐྱེས་མ་ཐག་ནས་སྨན་བཅོས་སྣ་ཚོགས་བྱས་རྗེས་བྱིས་པའི་ཨེ་ཙེ་ནད་ཀྱང་རིམ་བཞིན་གྱིས་སངས་དྭངས་བྱུང་།

གློག་བརྙན་གྱི་བརྙན་པར།

  «ངའི་ཨ་མ་དང་འབྲེལ་བའི་ཡོད་ཚད»ཞེས་པའི་གློག་བརྙན་འདི་ནི་བུད་མེད་བརྗོད་བྱ་ཡིན་པའི་གློག་བརྙན་ཞིག་རེད། འདི་ལྟ་བུའི་གཏམ་རྒྱུད་སྟབས་བདེ་ཞིག་གི་ཁྲོད་དུ། འཁྲབ་ཁྲིད་པས་དལ་ལྷོད་བབ་ཆགས་ཀྱི་བརྙན་མིག་སྐད་བརྡས་བུད་མེད་ཀྱི་ཞིབ་འཇམ་བརྩེ་དུང་དང་གཏོར་ཐབས་མེད་པའི་གཏན་ཚིགས་ཀྱི་རང་གཤིས་ཀྱི་མངོན་པར་བྱས་ཡོད་ལ། གློག་བརྙན་འདི་རུ་ཨ་མ་ཞིག་གི་བརྩེ་བ་གླེང་བ་ཙམ་ཞིག་མ་ཡིན་པར། བུད་མེད་ཀྱི་བཟོད་སྒོམ་དང་སྤྲོ་སྣང་།སེམས་གཤིས་མཚོན་ཡོད། གློག་བརྙན་གྱི་ཁྲོད་དུ་ཐེངས་འགར་བསྐྱར་ཟློས་རང་བཞིན་གྱི་བྱུང་རིམ་མངོན་ཡོད།

གློག་བརྙན་གྱི་བརྙན་པར།

  འདིས་མི་སྣའི་ལས་དབང་མཚོན་པའི་ཞོར་ལ། མི་སྣ་བསྐྲུན་རྗེས་ཀྱི་སྡུག་བསྔལ་རྡུང་རྡེག་ལ་ཤུགས་བསྣན་ཡོད་ཅིང་། གློག་བརྙན་གྱི་མགོ་མཇུག་ཡོངས་སུ་བརྩེ་དུང་གི་རྨང་གཞི་བརྟན་པོས་འདིང་ཡོད། གློག་བརྙན་ཡོངས་སུ་བུ་ཆུང་གི་ཕ་རྒན་གྱི་སྣང་བརྙན་ནི་མི་དག་གི་ལབ་གླེང་ཁྲོད་མ་གཏོགས་མཐོང་རྒྱུ་མེད་ལ། མཇུག་མཐར་བུ་ཆུང་གི་ཕ་རྒན་གྱི་སྣང་བརྙན་ལུས་རྟེན་བུད་མེད་དུ་བརྗེ་བསྒྱུར་བྱས་པ་ནས་མངོན་དུ་བཅུག་ཡོད། འཁྲབ་ཁྲིད་པས་འདི་ལྟར་བྱེད་དོན་ནི། མའོ་ན་ཨེ་ལ་ཡིས་རང་གི་བུ་ཆུང་ཁས་མཆེས་པའི་དམ་བཅའ་མངོན་འགྱུར་བྱེད་ཆེད་དང་། ཡང་ན་གློག་བརྙན་འདིའི་གཟིགས་མོ་བ་ཡོངས་ལ་གསལ་བཤད་ཅིག་གི་ཆེད་དུའོ།།


འཁྲབ་ཁྲིད་པའི་ཉེ་པར།

  འཁྲབ་ཁྲིད་པ་ཕ་ཀྲོལ་ཨ་མེ་དོ་བ佩德罗·阿尔莫多瓦ནི་སྤྱི་ལོ1949ལོར་སེ་ཕན་དུ་སྐྱེས། མིང་དུ་གྲགས་པའི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། གློག་བརྙན་བཟོ་སྐྲུན་པ་བཅས་ཡིན། སྔ་རྗེས་སུ་ཀཱ་ན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འཁྲབ་ཁྲིད་པའི་རྩེ་གྲའི་བྱ་དགའ་དང་དབྱིན་ཇིའི་སློབ་གླིང་འཁྲབ་ཁྲིད་པའི་རྩེ་གྲ་བྱ་དགའ་སོགས་ཐོབ་མྱོང་། གློག་བརྙན་བརྩམས་ཆོས་ལ«དཔའ་མོའི་སྒྲུང»དང«ཕྱིར་ལོག་པ»«གས་ཆག་ཤོར་བའི་འཐམ་འཁྱུད»སོགས་ཡོད།

དཔྱད་མཆན་ཡོད།