ཨོ་ལིབ་སྡོང་བོའི་འོག་གི་སྙིང་སྡུག

«ཨོ་ལིབ་སྡོང་བོའི་འོག་གི་སྙིང་སྡུག»ཁྱབ་བསྒྲགས་པར་ཤོག

  ས་འགུལ་ཞིག་བྱུང་བའི་རྗེས་ནས། བརྙན་ཕབ་ཚོགས་པ་ཞིག་ས་འགུལ་བྱུང་སའི་གྲོང་སྡེ་དེར་ཐོན་ནས«ཚེ་སྲོག་ནི་སྔར་བཞིན»ཞེས་པའི་གློག་བརྙན་ཞིག་གི་ཕབ་སྐྲུན་གྱི་གྲ་སྒྲིག་བྱས། འཁྲབ་ཁྲིད་པས་ས་གནས་དེ་གའི་མང་ཚོགས་ཀྱི་ཁྲོད་ནས་འཁྲབ་སྟོན་པ་བསྡུས་པ་ལ། སློབ་གྲྭ་འགྲིམ་བཞིན་པའི་བུ་མོ་ཐའ་ཧི་ལེ། 塔赫莉ཞིག་དང་སོ་ཕག་བཟོ་མཁན་གྱི་གསར་བུ་ཧུའོ་སའེ་ཡེན།侯赛因གཉིས་ལ་གློག་བརྙན་དེའི་ཁྲོད་ཀྱི་བཟའ་ཟླ་གཉིས་འཁྲབ་སྟོན་བྱེད་དུ་བཅུག ཡིན་ཅང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་ཁོ་གཉིས་ཀྱིས་ཕན་ཚུན་ངོ་ཤེས་པ་མ་ཟད། ཧུའོ་སའེ་ཡེན་བུ་མོ་ཐའ་ཧི་ལེ་ལ་བརྩེ་བ་ཆགས་ནས་དུས་ཡུན་རིང་པོ་ཞིག་འགོར་ཡོད་མོད། འོན་ཀྱང་། ཁོའི་ཡི་གེ་མི་ཤེས་ཤིང་ཁང་པ་ཡང་མེད་པའི་སྟབས་ཀྱིས་བུ་མོ་ཐའ་ཧི་ལེ་ཡི་ཨ་ཕྱིས་དང་ལེན་བྱས་མ་བྱུང་།

  གློག་བརྙན་ཕབ་སྐྲུན་གྱི་སྐབས་སུ། ཧུའོ་སའེ་ཡེན་གྱིས་བུ་མོ་ཐའ་ཧི་ལེ་ལ་བདག་སྐྱོང་གང་ལེགས་བྱས་ཏེ། རང་ཉིད་ནི་འཚོ་བའི་ཁྲོད་ནས་དངོས་སུ་བློ་གཏད་ཆོག་པའི་གསར་བུ་ཞིག་ཡིན་པ་བདེན་དཔང་བྱེད་ཅི་ཐུབ་བྱས་ཤིང་། མོའི་ཨ་ཕྱིའི་རུལ་སུངས་ཀྱི་ལྟ་བ་དོར་དེ་ཁོའི་ཆུང་མ་བྱེད་རྒྱུའི་རེ་བ་ཡང་ཡང་བྱས་ཀྱང་། བུ་མོ་ཐའ་ཧི་ལེ་ཡིས་མགོ་བོ་སྨད་དེ་དཔེ་ཀློག་རྐྱང་རྐྱང་བྱེད་པ་ལས་སྐད་ཆ་ཚིག་གཅིག་ཀྱང་ཕྱི་རུ་མི་ཕྱུངས་བ་མ་ཟད། ཐ་ན་མགོ་བོ་ལྡེམ་ཙམ་ཡང་བྱས་མ་བྱུང་།

  གློག་བརྙན་ཕབ་སྐྲུན་མཇུག་རྫོགས་ཏེ། ཧུའོ་སའེ་ཡེན་བུ་མོ་ཐའ་ཧི་ལེ་ཕྱིར་རང་ཁྱིམ་དུ་ལོག་པའི་རྗེས་སུ་འབྲང་ནས་སོང་ཞིང་། བུ་མོ་ཐའ་ཧི་ལེ་ལ་རེ་བ་ཡང་ཡང་བྱས་ཀྱང་བུ་མོ་ཐའ་ཧི་ལེ་ཡིས་སྔར་བཞིན་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་བྱུང་། ཁོ་གཉིས་ཀ་སྔ་གཞུག་བྱས་ཏེ་ཨོ་ལིབ་སྡོང་བོའི་བར་གསེང་ནས་བརྒལ་ནས་རི་བོ་ཆུང་ཆུང་ཞིག་གི་ཕ་རོལ་དུ་བརྒལ་ནས་ཡུན་ཙམ་སོང་རྗེས་ཁ་གཉིས་ཀ་ཁ་ཕྱོགས་གཉིས་སུ་གྱེས་ཤིང་། བུ་མོ་ཐའ་ཧི་ལེ་སྔར་བཞིན་མདུན་དུ་ཆས་ཤིང་ཧུའོ་སའེ་ཡེན་ཁ་ཕྱིར་འཁོར་ནས་རྒྱུགས་ཡོང་སྟེ། རིམ་བཞིན་གཉིས་ཀ་ཨོ་ལིབ་སྡོང་བོའི་བར་གསེང་ནས་མི་སྣང་བར་གྱུར།

  གློག་བརྙན་འདི་ནི་ཨ་པ་སི·ཅེ་ཡ་ལའོ་སི་ཐའ་མེ་ཡི་མཐོང་དཀའ་བའི་ཕོ་མོའི་བརྩེ་དུང་བརྗོད་བྱ་ཡིན་པའི་གློག་བརྙན་ཞིག་ཡིན་ཞིང་། བརྩེ་དུང་བརྗོད་བྱ་ཡིན་པའི་གློག་བརྙན་གཞན་དག་ནི་ཀུན་འཕྲོད་ཀྱི་ཆ་ཤིན་ཏུ་ཉུང་བས་ཕོ་མོའི་བརྩེ་དུང་མཚོན་པའི་གློག་བརྙན་དངོས་ཞིག་དང་ཧེ་བག་ཆེན་པོ་ཡོད། མཇུག་མཐར་བུ་མོ་ཐའ་ཧི་ལེ་ཡིས་ཁོའི་རེ་བ་དང་ལེན་བྱས་ཡོད་མེད་སུས་ཀྱང་བཤད་དཀའ་མོད། དེ་ནི་ལྟད་མོ་བ་རང་ཉིད་ལ་བསམ་གཞིགས་ཀྱི་སྟོང་ཆ་ཞིག་སྤྲད་ཡོད་པ་རེད།

  གློག་བརྙན་འདི་ནི་དབྱི་ལིང་འཁྲབ་ཁྲིད་པ་སྐད་གྲགས་ཅན་ཨ་པ་སི·ཅེ་ཡ་ལའོ་སི་ཐའ་མེ阿巴斯·基亚罗斯塔米ཡི་བརྩམས་ཆོས་གྲགས་ཅན་ཞིག་ཡིན་ཞིང་། 1994ལོར་ཀྲི་ཅ་ཀོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ་དང་སིང་ཀ་ཕོར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་སོགས་ཐོབ་མྱོང་།

  ཨ་པ་སི·ཅེ་ཡ་ལའོ་སི་ཐའ་མེ阿巴斯·基亚罗斯塔米 འཁྲབ་ཁྲིད་པ་ཁོང་ནི་སྤྱི་ལོ1940ལོར་དབྱི་ལིང་ཏེ་ཧེ་ལན་ནས་སྐུ་འཁྲུངས། དེ་ཧེ་ལན་སློབ་ཆེན་གྱི་མཛེས་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན། བརྩམས་ཆོས་ལ«རླུང་བུས་ཁུར་བའི་ང་ཚོ»དང«ཁམ་བུའི་བྲོ་བ»དང«གང་ནི་ངའི་གྲོགས་པོ་ཚང་རེད»ལྟ་བུ་གློག་བརྙན་གྲགས་ཅན་མང་པོ་ཡོད།དེ་དག་ལས«ཁམ་བུའི་བྲོ་བ»ལ་སྐབས50རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་གྱི་ཏ་ལ་རྟགས་མའི་བྱ་དགའ་དང་། «རླུང་བུས་ཁུར་བའི་ང་ཚོ»ལ་སྐབས56པའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཆེན་མོ་ལྔ་ཐོབ་མྱོང་།

  དགུང་ལོ76པ་སྟེ་སྤྱི་ལོ2016ལོའི་ཟླ7ཚེས4ཉིན་ཚེ་ལས་འདས།

དཔྱད་མཆན་ཡོད།