དབྱར་གནང་རྫོགས་ལ་ཉེ་དུས་འདིར་དགའ་རོགས་དང་མཉམ་དུ་ལྟ་འོས་པའི་གློག་བརྙན་བཞི།

NO;1

དགའ་རོགས་གསར་སྒྲིག་ཐེངས50 

初恋50次 50 First Dates

1629985234422184.jpg

            ཧན་རི་ནི་ཧཱ་བའི་ཡུལ་གྱི་ཆུ་གནས་སྲོག་ཆགས་ཁང་དུ་ལས་ཀ་བྱེད་བཞིན་པའི་ཕྱུགས་རིགས་ཀྱི་སྨན་པ་ཞིག་ལ། བྱ་བ་མེད་དུས་ནམ་རྒྱུན་མཚོ་འགྲམ་དུ་ཐང་ཉལ་བྱེད་ཞོར་བུ་མོ་དག་ལ་ཁ་རྩེད་རྒྱུར་དགའ་བའི་མི་རྐྱང་སྣང་སྐྱིད་ཅིག་ཀྱང་རེད་འདུག

          ཉིན་ཞིག་འཚིག་ཇ་ཁང་ཞིག་ཏུ་བུ་མོ་ཞིག་གིས་ཁེར་རྐྱང་དུ་ཟ་མ་ཟ་བཞིན་པ་མཐོང་བས་རང་དབང་མེད་པར་ཁོ་མོའི་མཛེས་བ་ལ་སེམས་པ་ཤོར། དེ་ནས་ཁོ་རང་བུ་མོ་དེའི་གམ་དུ་སོང་ནས་རྩེ་དགས་ལབ་གླེང་བྱས་ཤིང་ཅང་མ་འགོར་བར་བུ་མོ་དེ་ཡང་ཁོ་ལ་མོས་པ་ཡོད་པས་ཁོ་གཉིས་ཀྱི་བར་དུ་བརྩེ་དུང་གི་མྱུ་གུ་འབུས། དེ་ལྟར་ཉིན་གཉིས་བར་ཁོ་རང་དགའ་སྤྲོའི་ངང་བུ་མོ་དེ་ལ་ཡང་སྐྱར་འཕྲད་དུ་སོང་དུས་བུ་མོ་དེས་ཁོ་རང་གཏད་ནས་ངོ་ཤེས་ཀི་མི་འདུག

          གཟིགས་གནས། http://www.huobenben.com/play/130584-1-1.html


NO:2

ཁྱོད་རང་གཉིད་འདུག་པའི་སྐབས།

二见钟情 While You Were Sleeping

1629985641337067.jpg

        ལུ་སི་ནི་མེ་འཁོར་ས་ཚིགས་སུ་ལས་ཀ་བྱེད་བཞིན་པའི་བུ་མོ་ཞིག་རེད། མོ་རང་ཉིན་ལྟར་གཅིག་འདྲའི་ལས་ཀ་སྟེ་མེ་འཁོར་འཛིན་བྱང་བཙོང་གི་ཡོད་པས་ཡོད་ཚད་ལ་ཉབ་ཉོབ་ཅིག་ཆགས་ནས་ཡོད་ཅིང་། མོ་ལ་གསོན་ཤུགས་སྦྱིན་པའི་ལས་གཅིག་ཡོད་པ་ནི་ཉིན་ལྟར་དུས་ཐོག་གཅིག་ལ་འབབ་ཚུགས་དེར་བརྒྱུད་ནས་འགྲོ་བའི་མི་སྐྱེས་ཡག་ཕི་ཐིར་ལ་ལྐོག་ལྟ་བྱེད་རྒྱུ་དེ་རེད། ཉིན་གཅིག་མི་འགའ་ཞིག་གིས་ཕི་ཐིར་མེ་འཁོར་ལས་མར་གཡུག་བྱུང་། ཕར་བལྟས་དུས་ཁོ་རང་དྲན་པ་མི་གསལ་ཞིང་འཐོམ་འཐོམ་ཞིག་ཆགས་འདུག དེ་ནས་ཁོ་མོས་ཕི་ཐིར་སྨན་ཁང་དུ་བསྐྱལ། སྨན་པ་རྣམས་ཀྱིས་ཁོ་མོ་ཕི་ཐིར་གྱི་ཆུང་མ་རེད་སྙམ་ནས་དེ་ལྟར་བྲིས། ལུ་སིས་ལྐོག་ནས་དགའ་བོ་བྱེད་སའི་ཕི་ཐིར་ལ་ནད་གཡོག་བྱེད་སྐབས་ཕི་ཐིར་གྱི་ནུ་བོ་ལྗེ་ཁི་མཐོང་ནས་ཁོ་ལ་སེམས་པ་ཤོར།

       གཟིགས་གནས། http://www.caomin6.com/play/12259-1-1.html


NO:3

གནང་བའི་སྐབས་ཀྱི་རཱོ་མན།

罗马假日 Roman holiday

1629985761116142.jpg

            སྲས་མོ་ཨན་ལི་རྒྱལ་སྲིད་ཀྱི་ཁྲི་འཛིན་མཁན་ཆགས་པའི་གནས་ཚུལ་ཕྱི་རུ་བསྒྲགས་པས་མི་རྣམས་ཀྱིས་ཚ་ཚ་འུར་འུར་ངང་གླེང་མོལ་བྱེད་འགོ་ཚུགས། སྐབས་དེ་དུས་སྲས་མོ་ཨན་ལི་ཡོ་རབ་གླིང་དུ་འགྲུལ་བཞུད་ཀྱི་མཐའ་མའི་གནས་དེ་རཱོ་མ་ལ་སླེབས་ཡོད། སྲས་མོ་ཨན་ལི་རཱོ་མའི་ཡུལ་ལྗོངས་དག་ལ་འཆམ་འཆམ་འགྲོ་འདོད་ཧ་ཅང་ཆེན་པོ་སྐྱེས་ཡང་སྐུ་སྲུང་རྣམས་ཀྱིས་མོ་རང་གི་བདེ་འཇགས་ཀྱི་ཆེད་ཕྱི་རུ་འགྲོ་རུ་མ་བཅུག་ཅིང་། སྲས་མོ་ལ་ངལ་གསོ་རྒྱག་བྱེད་ཀྱི་ཁབ་ཅིག་བརྒྱབས་ནས་ངལ་གསོ་བྱེད་དུ་བཅུག ཡིན་ཡང་སྲས་མོས་ཁབ་ཀྱི་ནུས་པ་མ་ཐོན་སྔོན་སྐུ་སྲུང་རྣམས་ཕྱི་རུ་སོང་བའི་སྐབས་དང་བསྟུན་ལྐོག་ཏུ་སྒེའུ་ཁུང་ནས་ཐོན་དེ་ཕྱི་རུ་བརྒྱུགས།  ཡིན་ཡང་ཕྱིར་ཐོན་ནས་ཅང་མ་འགོར་བར་སྨན་གྱི་ནུས་བ་ཐོན་དེ་སྲས་མོ་སྲང་ལམ་དུ་ཐང་ལ་འགྱེལ།

      སྐབས་དེ་དུས་ཨ་རིའི་ཡིན་པའི་གསར་འགོད་པ་ལྗོ་ལྗི་ནང་ལ་ལོག་པ་དང་འཕྲད་ཅིང་ཁོ་རང་གིས་ཆང་གིས་ར་བཟི་བའི་བུ་མོ་ཞིག་རེད་སྙམ་ནས། གླ་འཁོར་ཞིག་བོས་ཏེ་བུ་མོ་དེ་ཁྱིམ་དུ་སྐྱེལ་རྩིས་བྱས་ཀྱང་བུ་མོ་དེ་གཉིད་ལས་སད་མ་ཐུབ་པས་ཐབས་ཟད་ནས་ཁོ་རང་གི་ནང་དུ་ཁྲིད།(འདི་ནི་ཆེས་ཡག་པའི་ཚོན་སྐྱའི་གློག་བརྙན་ཞིག་ཡིན་པས་ཁྱེད་ལ་སྔོན་གྱི་གློག་བརྙན་ལག་རྩལ་མྱོང་རོལ་ཐེངས་གཅིག་བྱེད་དུ་འཇུག་ངེས།)

         གཟིགས་གནས། https://www.bilibili.com/bangumi/play/ss27504?bsource=baidu_aladdin


NO:4

ལག་དམར།

这个杀手不太冷 The Professional

742646508.jpg

          ལེ་ཨོན་ནི་ཨ་རིའི་ཉིའུ་ཡོག་འབྱོར་མེད་ཁུལ་དུ་གནས་སྡོད་བྱེད་པའི་དབྱི་ཐ་ལི་ཡི་མི་གསོད་ཆེད་ལས་པ་ཞིག་རེད། ཉིན་ཞིག་ཁྱིམ་མཚེས་ཚང་གི་བུ་མོས་གློ་བུར་དུ་སྒོ་རྡུང་བྱུང་། བུ་མོས་བཤད་རྒྱུར། ཁོ་མོའི་ཕ་རྒན་ནི་ཉེན་རྟོག་པའི་གསང་མྱུལ་བ་ཡིན་ཞིང་དུད་ནག་ཤོག་ཁུག་གང་ལྐོག་ཟ་བྱས་པས་ད་ལྟ་ཉེན་དཔོན་སི་ཐན་ཧྥུ་ཡིས་ཁོ་ཚང་གི་ཁྱིམ་མི་ཡོངས་རྫོགས་རྩ་མེད་བྱེད་བཞིན་ཡོད་པས་རོགས་ཤིག་བྱེད་རོགས་ཞེས་ཞུ་བ་བྱས།

      དེ་ནས་བཟུང་། བུ་མོ་དེ་རྒྱུན་པར་ལེ་ཨོན་གྱི་ཁྱིམ་དུ་བསྡད་ཅིང་སྐབས་རེར་ཁོ་ལ་དབྱིན་ཡིག་སློབ་པ་དང་ལེ་ཨོན་གྱིས་ཀྱང་ཁོ་མོར་མེ་མདའ་འཕེན་སྟང་བསླབ། དེ་ལྟར་ཕན་ཚུན་ལ་རོགས་རམ་བྱེད་པའི་བར་ནས་ཁོ་གཉིས་ལ་བརྗོད་མི་ཤེས་ཚོར་བ་མངར་མོ་ཞིག་སྐྱེ་འགོ་ཚུགས།

            གཟིགས་གནས། https://www.cmcm55.cc/play/36599.html?36599-2-1


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།                          

དཔྱད་མཆན་ཡོད།