བོད་བརྙན་བཟོ་མཁནSeykhar filmsདང་འབྲེལ་བའི་གཏམ་ཐུང་ངུ་།

1095745510_副本.jpg

           Seykhar films(སྔོན་ཆད་ཀྱི་བོད་ལྗོངས་གློག་བརྙན་སྒྱུ་རྩལ)ནི༢༠༡༥ལོར་བཀྲ་ཤིས་དབང་ཕྱུག་དང་ཚུལ་ཁྲིམས་རྡོ་རྗེ་གཉིས་ཀྱིས་རྒྱ་གར་རྡེ་ར་ཌོན་ནས་གསར་དུ་བཙུགས་པ་ཞིག་ཡིན། ང་ཚོའི་བརྩམས་ཆོས་མང་ཆེ་ཤོས་ནི་བོད་དང་འབྲེལ་བའི་གློག་བརྙན་ཡིན་ཞིང་། མིག་སྔར་ཚུན་ཆོད་དུ། ང་ཚོས་གཏམ་རྒྱུད་གློག་བརྙན་གསུམ་དང་དངོས་བཤུས་གློག་བརྙན་གསུམ། མ་ཟད་བརྙན་ཐུང་ཁ་ཤས་བཟོས་ཡོད། «སྤུན་ཨ་ནུ་ཐ་ནུ»(Phun Anu Thanu)ཞེས་པའི་ཡུལ་གྱར་སྤུན་ཟླ་གཉིས་དང་འབྲེལ་བའི་གཏམ་རྒྱུད་འདི་ནི་ང་ཚོས་བཟོས་པའི་གཏམ་རྒྱུད་གློག་བརྙན་དང་པོ་དེ་ཡིན། དེའི་རྗེས་སུ«རི་ཆར་ང་ཡི་དཔའ་བོ»ཞེས་པའི་རྒྱ་གར་དྷརྨ་ཤྱ་ལའི་གྲོགས་པོ་བཞི་ཡི་གཏམ་རྒྱུད་བརྗོད་པའི་གློག་བརྙན་དེ་བཟོས། «ཤུག་པའི་དྲི་བཟང»གིས་༢༠༡༥ལོའི་ཁ་ན་ཊའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་སྐར་ཆེན་བྱ་དགའ་བླངས། མ་ཟད་ང་ཚོའི་གློག་བརྙན་ནི་ལོ་དེའི་ཨ་རིའི་འཕྲིན་སྦྱོར་ཀུང་ཟིའི་གནའ་ཤུལ་སྔོག་འདོན་ལེ་ཚན་གྱི་ཁྱད་ལྡན་དངོས་བཤུས་གློག་བརྙན་ཡིན། 

གློག་བརྙན་བཟོ་མཁན་གཉིས།

ཚུལ་ཁྲིམས་རྡོ་རྗེ།

889255360.jpg          ཚུལ་ཁྲིམས་རྡོ་རྗེསSeykhar filmsརུ་འཁྲབ་ཁྲིད་དང་བཟོ་སྐྲུན། བརྙན་ལེན་བཅས་ཀྱི་ཐད་ མཉམ་རོགས་གནང་སྟེ་གཏམ་རྒྱུད་གློག་བརྙན་གསུམ་དང་དངོས་བཤུས་གློག་བརྙན་གཉིས། བརྙན་ཐུང་ཁ་ཤས་བཅས་བཟོས་ཡོད། སྔོན་ཆད་ཁོས་གཞུང་ནས་བྱ་བ་གཉེར་ཞིང་ཐོབ་ཐང་འདྲ་མི་འདྲ་བའི་སྒོ་ནས་ལོ་བཅུ་གཉིས་རིང་ཡུལ་གྱར་དུ་ཕྱིན་མྱོང་། ཁོ་ནི་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་ཤེས་བྱ་ཡོན་ཏན་གྱིས་ཕྱུག་པའི་མི་ཞིག་ཡིན། ༢༠༠༣ལོར་གློག་བརྙན་ཕབ་སྐྲུན་གྱི་ཕུགས་འདུན་སྙེག་ཆེད་ལས་གནས་བསྐྱུར་ཏེ་རྒྱ་གར་བྷང་གུ་ལོར་ཡི་Bhartiya Vidya Bhawanརུ་གྲངས་འཛིན་གློག་བརྙན་བཟོ་ཚུལ་ཐད་སློབ་གཉེར་གནང་། ཁོ་རང་ལག་རྩལ་ཐད་ཧ་ཅང་དགའ་སྟེ་བྱིས་དུས་ནས་བཟུང་སྒྲ་སྡུད་འཕྲུལ་ཆས་ཀྱི་ཁ་ཕྱེ་ནས་རྩེ་མྱོང་།

བཀྲ་ཤིས་དབང་ཕྱུག

1350516066.jpg

            བཀྲ་ཤིས་དབང་ཕྱུག་གིསSeykhar filmsརུ་འཁྲབ་ཁྲིད་དང་བཟོ་སྐྲུན་ཐད་མཉམ་རོགས་གནང་སྟེ་གཏམ་རྒྱུད་གློག་བརྙན་གསུམ་དང་དངོས་བཤུས་གློག་བརྙན་གསུམ། བརྙན་ཐུང་ཁ་ཤས་གསར་རྩོམ་གནང་། རྡེ་ར་ཌོན་ནས་དཔལ་འབྱོར་རིག་པའི་ཤེས་རམས་པའི(MA)བསླབ་གནས་བླངས་རྗེས། བཀྲ་ཤིས་དབང་ཕྱུག་གིས་དྷརྨ་ཤྱ་ལའིTIPAབོད་ལྗོངས་འཁྲབ་སྟོན་སྒྱུ་རྩལ་སློབ་གླིང་ནས་ཕལ་ཆེར་ལོ་ངོ་གཉིས་ལྷག་ལ་ལས་ཀ་གཉེར་ཅིང་དགེ་རྒན་གྱི་འགན་འཁུར། གནས་འདི་ག་ནས་ད་གཟོད་ཁོ་རང་སྒྱུ་རྩལ་དང་ཟློས་གར་གྱི་དབྱིངས་སུ་ཞུགས། ཅང་མ་འགོར་བར། ཁོང་གིས་སྣེ་ཁྲིད་ཅིང་སློབ་གླིང་གི་གཞོན་པRTYCཞུགས་པའི་ཟློས་གར་གྲགས་ཅན་ཁ་ཤས་བཟོས། ༢༠༠༣ལོར། བཀྲ་ཤིས་ལ་ཧྥུ་པུ་ལེ་ཐི་བྱ་དགའི་གཏང་རག་ཕུལ་ནས་ཨ་རིའི་ཉིའུ་ཡོག་མངའ་སྡེའི་སློབ་ཆེན་དུ MFA(གློག་བརྙན་བཟོ་སྐྲུན)སློབ་གཉེར་བྱེད་དུ་ཕྱིན། ད་ལྟ་ཨ་རི་རུ་བརྙན་འཕྲིན་སྒྲིག་བཟོ་དང་མདོ་འཛིན་པ། བརྙན་སྒྲིག་བཟོའི་འགན་འཁུར་གྱིན་ཡོད།

ང་ཚོའི་གློག་བརྙན།

རི་ཆར་ང་ཡི་དཔའ་བོ།

1910931869.jpg

  འཁྲབ་ཁྲིད་པ། བཀྲ་ཤིས་དབང་ཕྱུག ཚུལ་ཁྲིམས་རྡོ་རྗེ།

  འཁྲབ་གཞུང་བཅོས་སྒྲིག བཀྲ་ཤིས་དབང་ཕྱུག

  བཟོ་སྐྲུན་མཁན། བདེ་སྐྱིད་དབང་མོ། ཨོ་རྒྱན་སྒྲོལ་མ།

  བརྙན་ལེན། བཀྲ་ཤིས་དབང་ཕྱུག ཚུལ་ཁྲིམས་རྡོ་རྗེ།

  རོལ་དབྱངས། Arun Sharma

  རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག ཚུལ་ཁྲིམས་རྡོ་རྗེ།

            གློག་བརྙན་འདི་རུ་རྒྱ་གར་མེག་ལོར་གྷན་ཇི་རུ་སྡོད་པའི་བོད་པའི་ན་གཞོན་གྲོགས་པོ་སྐོར་ཅིག་གི་གཏམ་རྒྱུད་བརྗོད་ཡོད་དེ། ཉི་མ་ནི་རི་ཆར་ཌི་གྷེར་གྱི་འཁྲབ་སྟངས་དང་སྤྱོད་ཚུལ་ལ་སེམས་པ་རྨང་ནས་ཤོར་ཏེ་ནམ་ཞིག་ཁོང་ལྟ་བུའི་མིང་གྲགས་ཆེ་བའི་འཁྲབ་སྟོན་པ་ཏུ་འགྱུར་ན་འདོད། ཉི་མ་དང་ཁོའི་གྲོགས་པོ་ཚོས་གྲོང་ཁྱེར་ནས་ཉེན་ཁ་བརྒྱུད་སྐབས། བརྩེ་དུང་གི་དབང་གིས་ཅུང་མིན་ན་ཁོ་ཚོ་ཟློས་གར་འགྲན་སྡུར་ལ་འགྲོ་མ་ཐུབ། གློག་བརྙན་འདིར་ཉི་མ་དང་ཁོའི་གྲོགས་པོ་ཚོའི་འགལ་བ་ལྟག་སྤྲོད་དུ་གྱུར་བའི་སྤྱོད་པ་ལ་བརྟེན་ནས། དབང་ཕྱུག་དང་རྡོ་རྗེ་གཉིས་ཀས་ང་ཚོར་སྒྱུ་རྩལ་ཁྲོད་འཚོ་བའི་སྣ་མང་བོར་ཇི་ལྟར་ལད་ཟློས་བྱེད་དགོས་མིན་བསྟན་ཡོད་དེ། དེའི་ཁྲོད་དུ་ལང་ཚོ་དང་བརྩེ་དུང་། ཡུལ་གྱར་བའི་དཀའ་སྡུག འཆར་ཡན་དང་ཆབ་སྲིད་སོགས་ཀྱང་འདུའོ། །

ཡུལ་གྱར་སྤུན་ཟླ་གཉིས། PHUN ANU THANU

2099375990.jpg  འཁྲབ་གཞུང་དང་འཁྲབ་ཁྲིད་པ། བཀྲ་ཤིས་དབང་ཕྱུག ཚུལ་ཁྲིམས་རྡོ་རྗེ།

  བཟོ་སྐྲུན་པ། བདེ་སྐྱིད་དབང་མོ། ཨོ་རྒྱན་སྒྲོལ་མ།

   བརྙན་ལེན། Narnder Singh

   རོལ་དབྱངས། བསྟན་འཛིན་འཇམ་དཔལ། Arun Sharma

   རྩོམ་སྒྲིག་པ། Mohit Kumar

   བརྙན་རིང་ཚད། སྐར་མ90

         དཀའ་ལས་ཏོག་ཙམ་ཡང་མ་བརྒྱབ་པར་སྐྱིད་འདོད་བྱེད་པའི་སྤུན་གྲོགས་ཨ་ནུ་དང་ཐ་ནུ་གཉིས་དང་འབྲེལ་བའི་གཏམ་རྒྱུད་ཅིག་སྟེ། ཁོ་གཉིས་ཀྱིས་རྒྱ་གར་བདེ་སྐྱིད་གླིང་གི་གཞིས་ཆགས་བོད་མིGyakponལགས་ཀྱི་ལྟ་ན་སྡུག་ཅིང་ཤེས་ཡོན་ལྡན་པའི་བུ་མོ་གཡང་འཛོམས་དང་བདེ་ཆེན་གཉིས་འཐོབ་ན་འདོད། ཨ་ནུ་དང་ཐ་ནུ་གཉིས་ནི་རང་གཤིས་རྒོད་པས་ཀུན་ལ་གྲགས་ཡོད་ལ། གཡང་འཛོམས་དང་བདེ་ཆེན་གཉིས་ནི་དེ་ལས་ལྡོག་སྟེ་ཡ་རབས་བཟང་སྤྱོད་ཀྱིས་མིང་ལ་གྲགས་ཡོད། ཕ་རྒན་གྱིས་བཀག་འགོག་ཇི་ལྟར་བྱས་ཀྱང་འོན་ཏེ་ཁོ་གཉིས་ཀྱིས་ཧུར་ཐག་གང་མང་བརྒྱུད་ད་གཟོད་བུ་མོ་གཉིས་ཀྱི་བརྩེ་སེམས་ཐོབ་ཚུལ་བརྗོད་ཡོད། གློག་བརྙན་འདི༢༠༠༥ལོའི་ཟླ༣པའི་ཚེས༡༠ཉིན་བསྟན་པ་ཡིན་ལ། གློག་བརྙན་འདིར་རོལ་རྩེད་ཙམ་ལས་གཞན་ད་དུང་སྤྱི་ཚོགས་དང་ཆབ་སྲིད། ཀུན་སྤྱོད། བདེ་ཐང་སོགས་ཀྱི་གནད་དོན་གླེང་ཡོད།

སེན་ཕེ་རེན་སེས་ཀོའི་ཇོ་ལགས།

190393309.jpg འཁྲབ་གཞུང་བཅོས་སྒྲིག་དང་འཁྲབ་ཁྲིད་པ། བཀྲ་ཤིས་དབང་ཕྱུག

  བཟོ་སྐྲུན་པ། འབའ་བ་ཚེ་རིང་རྡོ་རྗེ།

  བརྙན་ལེན།  རྣལ་འབྱོར་བསམ་གཏན།

  རོལ་དབྱངས། བཀྲ་ཤིས་མགོན་པོ།

  དྲས་སྒྲིག བཀྲ་ཤིས་དབང་ཕྱུག

  བརྙན་རིང་ཚད། སྐར་མ40

        དེང་རབས་ཚན་རྩལ་འཕེལ་རྒྱས་ཀྱི་རྒྱབ་ལྗོངས་འོག་གི་བོད་མིའི་སྤྱི་ཚོགས་ཀྱི་གནད་དོན་གང་མང་སྟོན་ཐུབ་པའི་བོད་སྐད་བརྙན་ཐུང་ཞིག འདི་ནི་བོད་ཀྱི་རྩོམ་པ་པོ་ཞིག་དང་ཁོའི་སེན་ཕེ་རེན་སེས་ཀོའི་བོད་མིའི་ཁྱིམ་མཚེས་ཤིག་གི་ཉིན་རྒྱུན་འཚོ་བའི་ཁྲོད་སྔར་མུས་བཞིན་མོ་འདེབས་ཀྱིན་ཡོད་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།

ཤུག་པའི་དྲི་བཟང་།

172115704.jpg

  འཁྲབ་གཞུང་བཅོས་སྒྲིག་དང་འཁྲབ་ཁྲིད་པ། བཀྲ་ཤིས་དབང་ཕྱུག

  བཟོ་སྐྲུན་པ། འབའ་བ་ཚེ་རིང་རྡོ་རྗེ། བཀྲ་ཤིས་དབང་ཕྱུག

  བརྙན་ལེན། བཀྲ་ཤིས་དབང་ཕྱུག

  བརྙན་རིང་ཚད། སྐར་མ༣༠


            སེན་ཕེ་རེན་སེས་ཀོའི་རི་ཁུགས་སུ་གཞིས་ཆགས་ཡོད་པའི་བོད་མི་དམངས་ཁྲོད་སྒྱུ་རྩལ་བ་འབའ་བ་ཚེ་རིང་རྡོ་རྗེ་དང་ཁོང་གིས་ལོ་རྒྱུས་ཡུན་རིང་བའི་བོད་ཀྱི་རྩོམ་རིག་དང་འཁྲབ་སྟོན་སྒྱུ་རྩལ་གསར་སྐྱེས་གཞོན་རབས་རྣམས་ལ་རྒྱུན་འཛིན་བྱེད་དུ་འཇུག་པའི་དངོས་བཤུས་གློག་བརྙན་ཞིག་སྟེ། ཁོས་གཟའ་མཇུག་གི་དུས་ཚོད་ནང་སློབ་གྲྭ་རུ་རིག་གནས་བརྒྱུད་སྤྲོད་བྱེད་ཀྱིན་ཡོད་དེ། སློབ་གྲྭ་འདི་གས་ཨ་རི་རུ་སྐྱེས་ཤིང་འཚར་བའི་གཞོན་ནུ་ཚོར་ཞབས་ཞུ་ཞུ་བཞིན་ཡོད། 

བོད་ཀྱི་སྲས་མོ།

753789189.jpg

  འཁྲབ་གཞུང་དང་འཁྲབ་ཁྲིད་པ། བཀྲ་ཤིས་དབང་ཕྱུག ཚུལ་ཁྲིམས་རྡོ་རྗེ།

  བཟོ་སྐྲུན་པ། བློ་བཟང་དབང་རྒྱལ་བཟོ་སྐྲུན་ཀུང་ཟི། Seykhar Films

  བརྙན་ལེན། བཀྲ་ཤིས་དབང་ཕྱུག ཚུལ་ཁྲིམས་རྡོ་རྗེ།

  རོལ་དབྱངས། Aaks Music

  རྩོམ་སྒྲིག་པ། Mohit Kumar

  བརྙན་རིང་ཚད། སྐར་མ40

         འདི་ནི་རྒྱ་གར་གཞིས་ཆགས་བོད་མིའི་སྲས་མོ་འགྲན་སྡུར་གྱི་སྒྲིག་བཟོ་བརྒྱུད་རིམ་དང་མཛངས་མའི་དབུ་རྒྱན་ཐོབ་པའི་བུད་མེད་དེ་རྗེས་སུ་ཧྥེ་ལི་ཕེན་གོ་ལའི་སྲས་མོ་འགྲན་སྡུར་རུ་ཞུགས་པའི་དངོས་བཤུས་གློག་བརྙན་ཞིག་ཡིན་ལ། གློག་བརྙན་འདིར་མཛེས་མའི་འགྲན་སྡུར་གྱི་རྩ་འཛུགས་མཁན་སྐུ་ཞབས་བློ་བཟང་དབང་རྒྱལ་ལགས་ཀྱི་ཡོལ་བའི་རྒྱབ་ཀྱི་ལས་ཀ་མང་པོ་ངོ་སྤྲད་ཡོད།

བུ་བསྟན་འཛིན།

1631103107271616.jpg

  འཁྲབ་ཁྲིད་པ། བཀྲ་ཤིས་དབང་ཕྱུག ཚུལ་ཁྲིམས་རྡོ་རྗེ།

  བརྙན་ལེན། ཚུལ་ཁྲིམས་རྡོ་རྗེ།

  རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག

  བཟོ་སྐྲུན་པ། བསྟན་འཛིན་དབང་རྒྱལ།

  འཁྲབ་གཞུང་བཅོས་སྒྲིག བདེ་སྐྱིད་དབང་མོ། 

  སྒྲ བསྟན་འཛིན་རྒྱལ་མཚན།

       གློག་བརྙན་འདིར་བོད་ནས་ཡོང་བའི་གྲྭ་པ་ཞིག་ཁ་ལི་ཧྥོ་ནི་ཡའི་ཨོ་ཁི་ལན་དུ་མི་ལོ༢༠ལྷག་ལ་ངོ་མ་ཐུག་པའི་རང་གི་བུ་བསྟན་འཛིན་ལ་འཕྲད་དུ་ཡོང་མོད། རང་གི་བུ་གར་སོང་ཆ་མེད་དུ་གྱུར་བས། རོགས་རེས་སོགས་ཅི་ཡང་མེད་པའི་ཨ་ཁུས་ཁ་ལོ་བ་བསྟན་འཛིན་གྱི་རོགས་རམ་འོག་ནས་ཁོ་གཉིས་ཀྱིས་རང་གི་བུ་འཚོལ་བའི་འགྲུལ་བཞུད་ཅིག་གི་འགོ་བརྩམས། འཚོལ་སྙེག་གི་བརྒྱུད་རིམ་ཁྲོད་དུ་རེ་བ་དང་ཡི་ཆད། ཀུ་རེ་དང་སྐྱོ་གདུང་སོགས་སྣ་ཚོགས་ཚོགས་བརྒྱུད་མཐར་སོ་སོར་རྒྱུས་ལོན་ཚུལ་བརྗོད་ཡོད། གློག་བརྙན་འདི༢༠༡༧ལོའི་ཟླ༩པའི་ཚེས༣༠ཉིན་ཡོབ་གླིང་སངས་རྒྱས་ཆོས་ལུགས་ཀྱི་གློག་བརྙན་དུས་ཆེན་དང་ཟླ༡༠པའི་ཚེས༨ཉིན་ཐ་སི་ཝེར་ཨེ་ཤར་ལྷོ་མའི་གློག་བརྙན་དུས་ཆེན་སྟེང་གཟིགས་འབུལ་བྱས་མྱོང་།


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།

དཔྱད་མཆན་ཡོད།