གློག་བརྙན«Baahubali»ལས་འཕྲོས་པའི་ངོ་མཚར་གཏམ་རྒྱུད།

     


     《Baahubali》ནི་རྒྱ་གར་གྱི་འཁྲབ་ཁྲིད་པ་གྲགས་ཅནS.S. Rajamouliཡིས་འཁྲབ་ཁྲིད་བྱས་ཤིང་། རྒྱ་གར་གྱི་འཁྲབ་སྟོན་པ་གྲགས་ཅན་ཕུ་ལ་ཧ་སུPrabhasདངRana Daggubatiགཉིས་ཀྱིས་གཙོ་འཁྲབ་བྱས་པའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་གློག་བརྙན་ཞིག་ཡིན། གློག་བརྙན་འདི་ནི་ད་ལྟའི་བར་རྒྱ་གར་དུ་མ་དངུལ་བཏང་བ་ཆེས་མང་བའི་གློག་བརྙན་ཞིག་ཡིན་ལ། འདིའི་ནང་དུBaahubaliདང་ཁོའི་སྤུན་མཆེད་བར་རྒྱལ་པོའི་མངའ་ཐང་འཕྲོག་རྩོད་བྱེད་པའི་ངོ་མཚར་གཏམ་རྒྱུད་བརྗོད་ཡོད།
     ཤེས་གསལ་ལྟར་ན། གློག་བརྙན་འདི་དངོས་སུ་གཏོང་འགོ་བརྩམས་ནས་ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་གི་ལྟ་མཁན་ཚོས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡོད་ལ། གློག་བརྙན་ནང་གི་དཔའ་བོའི་སྣང་བརྙན་དང་ལྷད་མེད་ཀྱི་བརྩེ་དུང་། རང་བྱུང་མཛེས་ལྗོངས། ཆོས་ལུགས་རིག་གནས་སོགས་ལྟ་མཁན་རྣམས་ལ་བསམ་པའི་རྒྱག་ཕྱེ་གྱ་ནོན་པ་ཞིག་བཀོད་སྒྲིག་བྱས་ཡོད། ང་ཚོའི་བལྟས་ཟིན་པ་ནི《Baahubali》སྟོད་ཆ་ཡིན་པ་དང་། སྨད་ཆ་ད་ལྟ་སྒྲིག་སྦྱོར་བྱེད་བཞིན་པའི་སྒང་ཡིན་ལ། 2016ལོར་དངོས་སུ་ལྟ་མཁན་ཚོའི་སྤྱན་ལམ་དུ་འབུལ་རྒྱུ་རེད།

 

 

 

 

640-3.jpg


 

དཔྱད་མཆན་ཡོད།