ནུབ་རྒྱུད་གློག་བརྙན་གསར་བའི་ཐོན་ལས་ཅན་གྱི་རྒྱང་མིག

2015313111945550.jpg

རྩོམ་པ་པོ། ཀྲང་ཨ་ལེ། བསྒྱུར་བ་བོ།  ཟླ་ཚང་དཔལ་མཁར་རྒྱལ།

       འཛམ་གླིང་གི་དཔལ་འབྱོར་ཕུང་བོ་གཅིག་ཏུ་གྲུབ་པ་ལ་གཞིགས་ནས་ཚན་རིག་ལག་རྩལ་གྱི་མཐོ་ཚད་ཤུགས་ཀྱིས་བསྐྱོམས་པའི་དུས་རབས་ཉེར་གཅིག་སླེབས་པ་དང་སྦྲགས།  གོ་ལའི་ཤེས་རིག་མི་འདྲ་བ་འབོར་ཆེན་ཞིག་ཕན་ཚུན་གཞི་གྲུབ་དང་གཅིག་བསྡུས་སུ་གྲུབ་པའི་མཆོངས་སྐྱོད་ཉིན་ལྟར་བརྟས་ཞིང་སྤོབས་མོད།   འོན་ཀྱང་།  གོ་ལའི་ཡུལ་ལུང་སོ་སོར་གནས་བའི་ལོ་ངོ་སྟོང་ཕྲག་གི་ཁུགས་སུ་ཉར་བའི་གནའ་བོ་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས་ལྟ་སྤྱོད་གང་ཞིག་སྐད་ཅིག་མའི་བག་ལ་ཞ་བ་དང་འཕེལ་སྟོབས་ཀྱི་དཀའ་ཁག་གནས་བས། ད་ནི་འཛམ་གླིང་རིག་གནས་སྣ་མང་ཅན་དང་འཕེལ་སྟོབས་ཅི་རིགས་ཅན་གྱི་ཁྱབ་ཁོངས་སུ་དཔལ་འབྱོར་གྱིས་གོ་་ལའི་འཕེལ་འགྱུར་ལ་ཤེས་རིག་དང་བསམ་བློའི་རྡོ་རིང་ཞིག་བཞེངས་བར་བརྩམས་པ་མ་ཟད།   མི་རིགས་རིག་གནས་ཀྱི་འཚོ་གནས་འཕེལ་འགྱུར་ཅན་དང་གསོན་ཤུགས་ཅན་དུ་འགྲོ་བའི་ལམ་ཕྱོགས་རྙེད་བྱུང་བ་རེད། 

          དེ་ཡང་སྔོན་དུས་འོད་སྟོང་འབར་བའི ནུབ་རྒྱུད་གློག་བརྙན་གྱིས་ཀྲུང་གོའི་གློག་བརྙན་འཛམ་གླིང་ལ་བགྲོད་པའི་གཟི་བྱིན་གྱི་མགོ་བོ་གནམ་དུ་འདེགས་བྱུང་བ་དེ་ནི་ཀྲུང་གོའི་གློག་བརྙན་རང་ངོས་ཀྱི་ཁྱད་དུ་འཕགས་པའི་བརྙན་གཟུགས་སྐད་ཆའི་རིག་གནས་ཀྱི་ཟིལ་ཤུགས་དང་སྲོལ་རྒྱུན་ཤེས་རིག་གི་དགེ་མཚན་རྨད་དུ་བྱུང་བའི་རྣམ་པ་ཞིག་ཡིན་ལ།  ད་ལྟའི་ཀྲུང་གོའི་གློག་བརྙན་ལོ་རྒྱུས་སུ་བྱུང་བའི་འཛམ་གླིང་གློག་བརྙན་གྱི་སྡིངས་ཆའི་གསེར་མདོག་གི་རང་བཞིནའང་ཡིན་འདུག   ཀྲུང་གོའི་ནུབ་རྒྱུད་གློག་བརྙན་གྱི་ལོ་རྒྱུས་འཕེལ་རིམ་གྱི་གཤིན་སའི་གཞི་འཛིན་པའི་ཡུལ་ནི་ནུབ་རྒྱུད་གློག་བརྙན་གྱི་རྩ་བ་ཡིན།   དེ་རིང་གི་ཟུར་ནས་བལྟས་ན།  མི་ཚུལ་དང་སྒྱུ་རྩལ་ལ་བརྒྱུས་ནས་གློག་བརྙན་སྒྱུ་རྩལ་བ་དང་གློག་བརྙན་ཚོང་དོན་པའི་འབྱོར་ཕྱུག་གི་གཏེར་ཁ་སྔོག་འདོན་བྱས་བ་ལས་ཤེས་རྟོགས་བྱུང་། ལོ་ངོ་དུ་མའི་རིང་ལ་སྲོལ་རྒྱུན་གྱི་ནུབ་རྒྱུད་གློག་བརྙན་འཕེལ་བའི་གཞི་བྱས་ཏེ་ནུབ་རྒྱུད་གློག་བརྙན་གསར་བའི་བརྩམས་ཆོས་ལ་དབྱེ་ཞིབ་དང་ལེགས་སྒྲིག་ཅིག་བྱས་ན།  དེ་ལས་རིག་གནས་ཐབས་ཇུས་ཀྱི་འཚོལ་རྟོགས་བྱུང་བ་ལས།  ནུབ་རྒྱུད་གློག་བརྙན་ལ་རང་ངོས་སུ་ཐུན་མིན་གྱི་རིག་གནས་འཚོ་གནས་དང་བར་སྟོང་།  ལྷག་པར་འཛམ་གླིང་གློག་བརྙན་རིག་གནས་དང་འབྲེལ་ནས་མངོན་པར་མཚོན་པ་དང་སྔོན་གྲས་རང་བཞིན་དུ་བརྒལ་ཐུབ་པ་སྨིན་འདུག   དཔེར་ན།  ཉེ་བའི་ལོ་ངོ་དུ་མའི་རིང་དུ་རྒྱལ་ཐོན་གློག་བརྙན་ཚོང་ར་དང་འཛམ་གླིང་གློག་བརྙན་ཚོང་རའི་གྲུབ་འབྲས་གཟེངས་སུ་ལྷགས་བྱུང་།   ཕྱི་གླིང་གི་ཀྲུང་འབྲེལ་གློག་བརྙན༼སྟག་འབྲུག་ཚང་ཉལ༽དང༼དཔང་རྟགས་ཁྱད་མཚར་གཏམ་རྒྱུད༽ ༼དཔའ་རྒོད༽སོགས་ལ་འབྲེལ་ཡོད། ཟུར་ངོས་གཞན་ཞིག་ནས་ཀྲུང་གོའི་ནུབ་རྒྱུད་གློག་བརྙན་གྱི་བརྗོད་གཞི་དང་ནུབ་རྒྱུད་རྒྱབ་ལྗོངས་སུ་འཇུག་པའི་སྒྱུ་རྩལ་དང་ཚོང་ལས་བྲིན་དུ་རྩེན་པས།  གོ་ལ་ཅན་གྱི་བརྙན་གཟུགས་སྐད་ཆའི་ཁྱབ་ཁོངས་སུ་གློག་བརྙན་རིག་གནས་དང་བརྙན་འདུས་འཚོ་གནས་ཐབས་ཇུས།   སྒྱུ་རྩལ་ཁོངས་གཏོགས་བཅས་བ་ལ་ནི་ནུབ་རྒྱུད་གློག་བརྙན་གྱི་བརྟན་ཞིང་བརླིང་བའི་ཟིལ་ཤུགས་མངོན་ལྐོག་ཏུ་གནས་བ་རེད།  

          ང་ཚོས་ནམ་རྒྱུན་བཤད་པ་ནང་བཞིན།   མི་རིགས་ལས་བརྒལ་བ་ནི་འཛམ་གླིང་ལས་བརྒལ་བ་ཡིན་པས།  ནུབ་རྒྱུད་གློག་བརྙན་གྱི་གྲུབ་འབྲས་ནི་རྒྱལ་སྤྱིའི་བརྙན་སྟེགས་སུ་མངོན་པར་ཐོན་ཡང་ས་ཁོངས་རང་བཞིན་གྱི་ནུབ་རྒྱུད་གློག་བརྙན་ཁྱད་པར་བ་དང་འབྲལ་ཐབས་མི་འདུག    མིའི་མི་ཚེ་དང་མིའི་ལས་དབང་།  མི་དང་རང་བྱུང་ཁམས་ཀྱི་གཅིག་བསྡུས་སུ་གྲུབ་པའི་འབྲེལ་བ་ལས་བརྗོད་གཞི་སིམ་ཡོད་ལ།  འཛམ་གླིང་གི་ཆེས་གཙོ་རྒྱུགས་ཅན་དང་ཤན་ཤུགས་ཅན།  ལེགས་གྲས་ཅན་གྱི་རྩོམ་རིག་སྒྱུ་རྩལ་དང་འབྲེལ་ལམ་གཅིག་བསྡུས་སུ་གྲུབ་པའང་ཡོད།  གང་ལྟར་ཡང་།   འདས་བའི་ལོ་ལ།  གློག་བརྙན༼མི་ཚེ༽དང༼གནས་རི༽༼ཁྲོམ་རྙིང༽    ད་རུང༼འབྲས་ཆན་དམར་པོ ༽ ༼ཁྲེ་རྒོད་དམར་པོ༽༼རྨ་ཆུའི་རླབས་སྒྲ་༽ཞེས་བ་དེ་དག་གིས་མིའི་རིགས་ཀྱི་རང་བཞིན་དང་ཁོར་ཡུག    ནང་སེམས།   ཡིད་འགྱུར་ལ་རིམ་པ་མི་འདྲ་བའི་ཐུན་མོང་གི་སྐད་སྒྲ་དང་བསམ་གཞིགས་ཀྱི་་གཏིང་ཚད་མངོན་བྱུང་བ་རེད།  དེ་ལས་ཀྱང་དེང་རབས་བརྙན་འདུས་སྐད་ཆའི་ཁྱབ་ཁོངས་སུ་དཀོན་གྲས་སུ་གནས་བའི་ནུབ་རྒྱུད་གློག་བརྙན ༼ས་སེར༽ ནས༼ཁྲེ་རྒོད་དམར་པོ༽དང༼དར་བོ་ཆེ་ཟུང་ལྡན༽ནས༼ཀོན་སྰི༽སོགས་ལ་གཞིགས་ནས་དབྱེ་ན།   མི་རིགས་རང་བཞིན་གྱི་གློག་བརྙན་ཟིན་ཐོ་བཀོད་ཡོད་ལ། དེང་རབས་གློག་བརྙན་གྱི་སྐད་བརྡའི་འཕེལ་འགྱུར་ལས་ཉེན་མཆོང་གི་འཚོལ་རྟོགས་དང་འོད་དུ་འབར་བའི་གྲུབ་འབྲས་བླ་ལྷག་བརྒལ་བྱུང་བ་རེད། ཉེ་བའི་ལོ་ངོ་འདི་དག་ལ།  ༼མཛེས་སྡུག་གི་གོམ་ཆེན༽དང ༼ལྐོག་འབུ ༽ སོགས་ནི་ཚབ་མཚོན་བརྙན་རིམ་དུ་འགྲོ་བས། གལ་འགངས་སུ་གྱུར་བའི་སྲོལ་རྒྱུན་རིག་གནས་རྐང་དུ་ཆགས་པའི་ནུབ་རྒྱུད་གློག་བརྙན་གྱི་གྲུབ་རྐྱེན་གྱུར།  དེ་ལས་རིག་གནས་ཀྱི་རྣམ་པ་དང་ཞིབ་བརྗོད་ཀྱི་འཇུག་ཐབས།  བརྙན་འདུས་སྐད་བརྡའི་འཕེལ་སྟོབས་སོགས་ལ་འཚོལ་ཞིབ་གཏིང་ཟབ་གང་ལེགས་བྱས་འདུག་པ་རེད། གློག་བརྙན་དེ་དག་གི་རིག་གནས་ཁྱབ་ཁོངས་ལ་གཞིགས་ན།   སྲོལ་རྒྱུན་དང་འབྲེལ་བའི་ནུབ་རྒྱུད་གློག་བརྙན་གྱི་མཚོན་དོན་དམངས་ཀྱི་བདེ་སྡུག་མཐོ་ཟུར་ནས་བཟུང་སྟེ། ལོ་རྒྱུས་ཀྱི་སྐྱོན་བརྗོད་དང་འཇིག་རྟེན་གཙོ་བདག་གི་རིག་གནས་ཀྱིས་གཏམས་པ།  དྲང་ཟུར་ནས་ནུབ་རྒྱུད་ཀྱི་འཚོ་བ་གཏིང་ཟབ་ཏུ་སྔོག་པ།  དེ་ལས་རྒྱུན་ལྡན་དང་ལྷོད་འཇགས་ཀྱི་གཏམ་རྒྱུད་འཚོ་བ་མཚོན་ཐུབ་ལ།  མི་སྣ་བཞེངས་སྐྲུན་དང་དེང་དུས་སྐད་ཆའི་ཁྱབ་ཁོངས་ཤུགས་དྲགས་པའི་གནས་སུ་མི་ཚུལ་འདུ་ཤེས་དང་འདྲ་མཉམ་ལྟ་སྟངས།  ཕྱོགས་བསྡུས་ཀྱི་ངང་ནས་ཞིབ་བརྗོད་བྱས་འདུག  དམིགས་ཡུལ་གང་ཞིག་ཡིན་ཡང་གློག་བརྙན་ལ་ནི་སྒྱུ་རྩལ་རང་བཞིན་དང་ཚོང་ལས་རང་བཞིན་དུ་གཅིག་འབྲེལ་བྱུང་བ་རེད། གློག་བརྙན་ནི་མ་གཞི་ནས་ལྟ་མཁན་ལ་དགའ་མགུ་བརྟས་བའི་སྒྱུ་རྩལ་ཐོན་རྫས་སུ་གྱུར་འདུག   ཚོང་ལས་གློག་བརྙན་གྱི་རིན་ཐང་ཡང་ཤུགས་བསྐྱེད་སྔོག་འདོན་བྱས་པ་མ་ཟད།  གཟུགས་འདུས་སྐད་བརྡའི་སྤྱོད་ནུས་ཀྱི་རོགས་འདེགས་སུ་སྣང་འདུག དེ་དང་སྦྲགས་ནས་གློག་བརྙན་འདི་དག་ནི་ནུབ་རྒྱུད་གློག་བརྙན་གྱི་དགེ་མཚན་ལ་བརྒྱུས་བ་མ་ཟད།   གསར་གཏོད་དང་ཚོད་ལྟ་རང་བཞིན་གྱི་སྤོབས་སུ་མངའ་།   དཔེར་ན།  བརྙན་མིག་འགུལ་སྐྱོད་སྣ་མང་ཅན་གྱི་རྣམ་པའི་ཕྱོགས་ནས་བརྙན་རིས་སྒྲིག་སྦྱོར་དང་བརྙན་འགྲོས་བབ་བསྟུན་གྱི་ཚད་རིམ་ཤུགས་དྲགས་པ།  ཛ་དྲག་གི་འགལ་འདུ་མངོན་པར་གསལ་བ།  རྒྱལ་སྤྱིའི་གློག་བརྙན་མཚོན་ཐབས་དང་ཉེ་བར་བཅར་བའི་ཐབས་སུ་འགྲོ་བ་ཡིན།  ཡིན་ཡང་།   དམིགས་སྔར་གློག་བརྙན་གསར་གཏོད་དང་ཐོན་ལས་ཅན་གྱི་ཚོད་ལྟའི་འཁོར་སྐྱོད་དུའང་ཟུར་མི་འདྲ་བའི་གནད་དོན་འབྱུང་བཞིན་འདུག་པ་ལས།  གྲངས་ཉུང་མི་རིགས་ཀྱི་རྩེ་གྲས་གློག་བརྙན་ལ་ཤས་ནི་ནུབ་རྒྱུད་གློག་བརྙན་གྱི་ཚོང་ར་ཅན་དང་ཐོན་ལས་ཅན་གྱི་བརྒྱུད་རིམ་དང་གྲུབ་འབྲས་ཚབ་མཚོན་བྱེད་མི་ནུས་པའི་རིགས་སུ་འགྲོ་ཡང་། གྲངས་ཉུང་མི་རིགས་གློག་བརྙན་ལས་ནུབ་རྒྱུད་གློག་བརྙན་གྱི་གཞུང་ལུགས་དང་དཔྱད་འཇོག་གི་མིག་དབང་འཕྲོག་སའི་གཞི་ནི་རང་བཞིན་གྱིས་གཞུང་ལུགས་དང་འབྲེལ་ནས་མངོན་བྱུང་བ་རེད།   ལྷག་པར་གལ་ཆེ་བ་ནི་ཚེ་ཧྲན་ཁྲའོ་ཡི་གློག་བརྙན་གཞུང་ལུགས་དང་དཔྱད་འཇོག་ལ་གཞིགས་ནས་ནུབ་རྒྱུད་གློག་བརྙན་གསར་བའི་གཞུང་ལུགས་ཀྱི་ལྟ་སྤྱོད་གཙིགས་འཛིན་དང་ཁས་ལེན་རྒྱ་ཆེར་འཐོབ། ནུབ་རྒྱུད་གློག་བརྙན་པས་འབྱུང་འགྱུར་གྱི་ནུབ་རྒྱུད་གློག་བརྙན་གསར་བ་ཐོན་ལས་ཅན་དང་ཚོང་ར་ཅན་གྱི་མདུན་ལྗོངས་ལ་ཧུར་ཐག་དང་རྒྱང་ལྟ་བྱས།   

   ལོ་རབས་བརྒྱད་བཅུ་བའི་དུས་དཀྱིལ་དུ་ནུབ་རྒྱད་གློག་བརྙན་གཞུང་ལུགས་དང་ཞིབ་འཇུག་ལ་ཧེ་བག་ཆེན་པོ་ཤོར་བ་ནི་ནུབ་རྒྱུད་གློག་བརྙན་གསར་བའི་གཞུང་ལུགས་ཀྱི་སྤྱི་མཚན་ལ་ཡོངས་ཁྱབ་ཀྱི་རིན་ཐང་མཐོང་སྣེ་ལ་བརྒྱུས་ནས་ནུབ་རྒྱུད་གློག་བརྙན་ལ་སྒྱུ་རྩལ་གསར་གཏོད་དང་ཐོན་སྐྱེད་ཉོ་ཚོང་ཅན།  ཐོན་ལས་ཅན།  ཟུར་མང་ཅན་གྱི་གཞུང་ལུགས་སྤྱི་ཁོག་དང་གཏན་ཚིགས་འགྲེལ་བརྗོད་ཀྱི་རྣམ་པ་ཞིག་ཐོན་པ་རེད། ནུབ་རྒྱུད་གློག་བརྙན་གསར་བའི་གཞུང་ལུགས་ཀྱིས་གློག་བརྙན་སྒྱུ་རྩལ་གྱི་གསར་འདོན་ཞིབ་འཇུག་དང་གློག་བརྙན་ཚོང་ར་ཅན་གྱི་སྒྲིག་གཞི་ཞིབ་འཇུག    གློག་བརྙན་ཐོན་ལས་ཅན་གྱི་ཁེ་གཉེར་སྒྲིག་བཀོད་ཞིབ་འཇུག་ལ་སོགས་པ་རྙོག་དྲའི་འཕེལ་རིམ་ལས་གྱ་ནོམ་པའི་དངོས་ཡོད་གཞུང་ལུགས་ཀྱི་བརྗོད་དོན་ལ་འབྲེལ་ཡོད།  ལྷག་པར་རང་རྒྱལ་གྱི་ནུབ་རྒྱུད་གསར་འབྱེད་ཐབས་ཇུས་རྒྱབ་ལྗོངས་སུ།  ནུབ་རྒྱུད་གློག་བརྙན་གསར་བའི་རིག་གནས་ཐོན་ཁུངས་དང་རྒྱལ་སྤྱིའི་དེང་རབས་ཅན་གྱི་གློག་བརྙན་ཐོན་ལས་ཅན་གྱི་སྒྲིག་ཆས་གསར་བརྗེ་ལ་གཞིགས་ནས་ཀྲུང་གོའི་དེང་དུས་གློག་བརྙན་གནས་སྟངས་གཅིག་བསྡུས་ངང་ནས་སྒྱུ་རྩལ་དང་ཚོང་རའི་བར་ལ་རྒྱལ་ཁའི་གཟེངས་རྟགས་དང་མི་རིགས་གློག་བརྙན་རིག་གནས་ཀྱི་ཐོན་ལས་འཕེལ་འགྱུར་ལམ་ཕྱོགས་གསར་བ་ཤུགས་ཀྱིས་འབྱེད་བྱུང་། 

 

ཟུར་མཆན། 

༡  ཀྲང་ཨ་ལེ  …  ནི་གློག་བརྙན་རིག་པའི་ཞིབ་འཇུག་འཛུབ་ཁྲིད་པ་དང་ནུབ་བྱང་སློབ་ཆེན་གྱི་གློག་བརྙན་འཕྲིན་རིག་གནས་ཀྱི་གཙོ་འགན་པ། ཀྲུང་གོའི་གློག་བརྙན་གཞུང་ལུགས་མཐུན་ཚོགས་ཀྱི་ཚོགས་མི།   ནུབ་རྒྱུད་གློག་བརྙན་དཔྱད་འཇོག་པ་ཡིན། 

(ངེད་དྲ་བའི་ནང་དོན་ཆོག་མཆན་མེད་པར་གང་བྱུང་དུ་འགོད་མི་རུང་།)

དཔྱད་མཆན་ཡོད།