མ་རྗེ་ཏ་མ་རྗེ་ཏིའི་གློག་བརྙན«ལྷམ་ཆུང་»གི་བརྗོད་བྱའི་སྒྲིག་གཞི་ལ་དཔྱད་པ།


ནང་དོན་གནད་བསྡུས།  མ་རྗེ་ཏ་མ་རྗེ་ཏིའི་གློག་བརྙན་འདིའི་ནང་བྱིས་པའི་མཐོང་སྣང་བརྒྱུད་གཅེན་གཅུང་གཉིས་ཀྱིས་ལྷམ་ཆ་གཅིག་རག་ཐབས་བྱས་པའི་སྒྲུང་ཞིག་བརྗོད་ཡོད་ཅིང་འདུ་འཛི་དང་ཟང་ཟིང་གིས་ཁེངས་པའི་དེང་གི་སྤྱི་ཚོགས་སུ་དཀོན་པའི་གཅེན་པོའི་དྭངས་ཤིང་གསལ་བའི་མིག་ཁྲ་ཆིལ་ལེ་བ་གཉིས་དང་གཅུང་མོའི་ལྷད་མེད་པའི་འཛུམ་མདངས་དག་ལས་དེ་ནི་མི་གཙང་དྲི་མས་མ་སྦགས་ཅིང་། བབ་ཆགས་པའི་འཚོ་བའི་གནས་ལུགས་བརྗོད་པའི་གློག་བརྙན་གཅིག་ཡིན་ནོ།།
བརྡ་ཆད་གཙོ་བོ།   ལྷམ་ཆུང་། སྒྲིག་གཞི།  ཐབས་རྩལ།   བརྗོད་དོན།   པར་མིག


    གློག་བརྙན་འདའི་ནང་དུ་ཕལ་བའི་ཁྱིམ་ཚང་གི་བུ་ཆུང་ཨ་ལི་ཡིས་གཟབ་གཟབ་མ་བྱས་པར་རང་ཉིད་ཀྱི་གཅུང་མོའི་ལྷན་པ་བརྒྱབ་ཟིན་པའི་ལྷམ་ཆ་གཅིག་དེ་བོར་བརླག་ཏུ་སོང་བ་དང་། ཕ་མ་གཉིས་པོའི་གཤེ་གཤེ་ལ་གཡོལ་ཆེད་ཁོས་རང་ཉིད་ཀྱི་གཅུང་མོར་དོན་དེ་གནས་སྐབས་རིང་སྦ་གསང་བྱ་རྒྱུའི་རེ་བ་བཏོན། དུས་དེ་ནས་བཟུང་ཁོ་གཅེན་གཅུང་གཉིས་ཉིན་ལྟར་རྙིང་ཧྲུལ་དུ་གྱུར་པའི་རས་ལྷམ་ཆ་གཅིག་དེ་མཉམ་སྤྱོད་བྱས་ནས་སློབ་གྲྭར་བསྐྱོད་དགོས་བྱུང་བའི་འཚོ་བ་ནང་གི་དགའ་སྐྱོ་ཆགས་སྡང་བརྗོད་ཡོད།

   

གཅིག བརྗོད་དོན་སྒྲིག་གཞིའི་ཐབས་རྩལ།

 

    གློག་བརྙན་གྱི་སྒྲིག་གཞི་ནི་གློག་བརྙན་གྱི་བླ་སྲོག་ལྟ་བུ་ཡིན་ཞིང་གློག་བརྙན་གྱི་སྤྱིའི་སྒྲིག་གཞིར་དབྱེ་ན་གཙོ་བོ་ཡུལ་གྱི་སྒྲིག་གཞི་དང་དུས་ཚོད་ཀྱི་སྒྲིག་སྟངས་སོགས་ཡོད།  གློག་བརྙན་འདིའི་ནང་དུ་སྒྲིག་གཞི་འདི་ཚོ་ཁ་འབྱེད་པ།  གཞན་དང་མཉམ་བསྡེབས་བཅས་ཀྱི་ཐབས་སྤྱད་ནས་ལེགས་འགྲུབ་བྱུང་བ་ཡིན།   གློག་བརྙན་ཞིག་ལ་ཆ་མཚོན་ན་གལ་ཏེ་གློག་བརྙན་འདིའི་བརྗོད་དོན་གྱི་སྒྲིག་གཞི་གོ་རིམ་དང་ལྡན་ཞིང་ཁ་གསལ་ལ་ཚགས་དམ་པོ་བཅས་མེད་ན། འདི་ནི་རྩིག་རྨང་མེད་པའི་ཁང་པ་ཞིག་དང་འདྲ་བར་བརྟན་པོར་གནས་མི་ཐུབ།     ༼ལྷམ་ཆུང་༽ཞེས་པའི་གློག་བརྙན་འདིའི་ནང་གཙོ་བོ་ལྷམ་ཆུང་ཆུང་འདི་ཁུངས་སྣེར་བཟུང་ནས་གློག་བརྙན་གྱི་བྱུང་རིམ་འགོ་བཙུགས་པ་དང་། གློག་བརྙན་གྱི་སྔ་ཕྱི་བར་གསུམ་དུ་ཡང་ལྷམ་འདི་དང་བྲལ་མེད། གློག་བརྙན་འདིར་བྱུང་རིམ་གྱི་སྒྲིག་གཞི་མགོ་བརྩམས་པ་ན་ཐོལ་བྱུང་གི་དོན་རྐྱེན་ཞིག་བཀོད་སྒྲིག་བྱས་ཡོད་པ་ནི། གློག་བརྙན་འདིའི་་མི་སྣ་གཙོ་བོ་བུ་ཆུང་ཨ་ལི་ཡིས་ལྷམ་འདི་འཁྱེར་ནས་ནང་ལ་ལོག་སྐབས་ལམ་ཞོར་ནས་ཚལ་ཉོ་བར་ཕྱིན། སྟབས་མ་ལེགས་པ་ཞིག་ལ་ཞོག་ཁོག་འདེམས་རིང་གད་སྙིགས་ལེན་མཁན་གྱིས་ལྷམ་འདི་གད་སྙིགས་རེད་སྙམ་ནས་འཁྱེར། ལྷམ་བོར་བརླག་བྱུང་བ་འདི་ནས་མགོ་བཙུགས་ཏེ་ལྟད་མོ་བ་རྣམས་ལ་དངངས་སྐྲག་དང་བསམ་བློ་མང་པོ་ཞིག་ཡོང་སྲིད། དཔེར་ན། ལྷམ་འདི་བོར་རྗེས་ཁོང་གཅེན་གཅུང་གཉིས་པའི་ལས་དབང་ནི་ག་འདྲ་ཡོང་ལྷམ་འདི་ཡང་ཉིན་གང་དུ་ཡོད་དམ། གལ་ཏེ་ལྷམ་བོར་བ་འདི་ཐོལ་བྱུང་གི་དོན་རྐྱེན་ཞིག་ལ་བརྩིས་ན་གློག་བརྙན་གྱི་གཏམ་རྒྱུད་ཧྲིལ་པོའི་ཁྲོད་བརྗོད་བྱའི་ཀུན་སློང་ནི་ལྷམ་རྙེད་ཐབས་མེད་པ་འདི་རེད། དེས་མ་ཟད་ལྷམ་བོར་བ་དང་རགས་པའི་བརྒྱུད་རིམ་འདིའི་ཁྲོད་དུ་ཡང་ཐོལ་བྱུང་གི་རྒྱུ་ཆ་མང་པོ་བཀོད་སྒྲིག་བྱས་ཡོད། འདི་ཡང་འཁྲབ་ཁྲིད་པས་གློག་བརྙན་གསར་རྩོམ་དང་སྒྲིག་གཞི་བསྒྲིག་པའི་ཐབས་ལམ་ཞིག་ཡིན་ནོ།།

 

གཉིས་པ།  གཙོ་འཁྲབ་མི་སྣ་དང་བརྗོད་བྱའི་སྒྲིག་གཞིའི་འབྲེལ་བ།

 
    ༼ལྷམ་ཆུང་༽ཞེས་པའི་གློག་བརྙན་འདིའི་་མི་སྣ་གཙོ་བོ་ནི་བྱིས་པ་ཡིན་ཞིང་གློག་བརྙན་ནང་དུ་ང་ཚོས་དབུལ་ཕོངས་ཀྱིས་བྱིས་པ་ཚོའི་འཚོ་བར་གནོན་ཤུགས་ཆེན་པོ་སྤྲད་པ་མཐོང་ཐུབ་ལ་ཁོ་ཚོའི་མིག་མདངས་ཉིད་ལས་རང་བཞིན་གྱི་སྐྱོ་སྣང་ཞིག་ཀྱང་མཐོང་ཐུབ། འོན་ཀྱང་དེ་ལས་ལྡོག་ཏེ་དབུལ་ཕོངས་ཀྱིས་ཁོ་ཚོར་ཆེས་རིན་བྲལ་གྱི་གཤིས་རྒྱུད་འདི་ལྟ་བུ་སྤྲད།
    གློག་བརྙན་འགོ་བཙུགས་ཙམ་ན་ཨ་ལིས་རང་གི་གཅུང་མོར་རོགས་བྱས་ནས་ལྷམ་ལ་ལྷན་པ་རྒྱག་པར་ཕྱིན་པ་དང་ཨ་མར་རོགས་བྱས་ནས་ཕྱི་ལ་ཟ་མ་འཚོལ་བར་འགྲོ་བ་བཅས་གནས་ཚུལ་ཞིབ་ཕྲ་མང་པོའི་ཐོག་ནས་ང་ཚོར་མ་གཞི་ཨ་ལི་ལོ་ཆུང་ཆུང་ཡིན་རུང་ཕྲག་ཐོག་ཏུ་འཚོ་བའི་འགན་འཁྲི་ལྗིད་པོ་ཁུར་ཀྱི་ཡོད་པ་དྲན་སྐུལ་བྱེད་ཀྱི་ཡོད། 201206011049314410338.jpgལྷག་པར་དུ་ཁོའི་གཅུང་མོས་རང་ཉིད་ལ་ལྷམ་གཅིག་རང་ལས་མེད་པ་དེ་བོར་བརླག་སོང་བ་རྟོགས་རྗེས་བྱིས་པ་གཞན་ནང་བཞིན་སྐད་ཆེན་པོས་ངུ་བའམ་ལམ་སེང་ཕ་མར་བཤད་པར་མ་ཕྱིན་པར། གཅེན་པོའི་རེ་བ་བཞིན་ཁོ་རང་གཉིས་ནང་ཁུལ་ནས་ཐག་བཅོད་རྒྱུ་བྱས་པ།  འདི་ལས་བུ་མོ་འདི་ནི་ལོ་ཆུང་བྱིས་པ་ཡིན་ནའང་རྒན་སེམས་དང་མི་གཞན་ལ་བསམ་ཤེས་བྱེད་པའི་བློ་ཡོད་པ་མཐོང་ཐུབ། གཅེན་གཅུང་གཉིས་ཀྱི་ལྷམ་བོར་བ་འདི་ཕ་མ་གཉིས་ལ་གསང་བ་ནས་བཟུང་ཁོ་གཉིས་ཀྱིས་རྒྱུག་ཤར་གྱི་འཚོ་བའི་མགོ་ཚུགས། མི་གཅིག་སྔ་ལོགས་དང་མི་གཅིག་ནི་ཕྱི་འབྱོར་བྱས་པས་ཁོ་གཉིས་དགེ་རྒན་གྱི་མཉམ་འཇོག་ཆེན་པོ་བྱེད་སར་གྱུར།  མ་གཞི་གཅུང་མོས་རང་གི་བོར་བའི་ལྷམ་ཆུང་འདི་རང་དང་སློབ་གྲྭ་གཅིག་པ་ཡིན་པའི་བུ་མོ་ཞིག་གིས་གྱོན་པ་མཐོང་རུང་ཁོ་མོས་ལམ་སེང་ལྷམ་འདི་རང་གི་རེད་ཅེས་མ་བརྗོད་པར་་ཁོ་མོར་རྗེས་འདེད་བཏང། དེ་ལྟར་ཁོང་གཅེན་གཅུང་གཉིས་བུ་མོ་འདིའི་ཁྱིམ་གྱི་སྒོ་འགྲམ་དུ་སླེབས་ནས་བལྟས་པ་ན་བུ་མོ་འདིའི་ཕ་ནི་མིག་ཞར་བ་དང་ཁྱིམ་ཚང་ཆ་རྐྱེན་ཡང་ཧ་ཅང་སྐྱོ་བས་ན་སེམས་སྐྱོ་བའི་ངང་རང་ཁྱིམ་དུ་ལོག མ་གཞི་ཁོང་གཉིས་ལོ་ན་ཆུང་རུང་ཅི་འདྲའི་བསམ་གཞིག་ཐུབ་ལ་སྤྱི་སེམས་ཆེ་བ་ཞིག་རེད་ཨང་། དེར་བརྟེན་གློག་བརྙན་ཞིག་ལ་ཆ་མཚོན་ན་བརྗོད་བྱའི་སྒྲིག་གཞི་ཚགས་དམ་པ་ཞིང་ཁ་གསལ་པོ་དགོས་པ་གལ་ཆེ་ལ་དེ་ལས་ཀྱང་གློག་བརྙན་གྱི་བརྗོད་བྱའི་ཉམས་འགྱུར་དང་འཚམ་པའི་གཙོ་འཁྲབ་མི་སྣ་འདེམ་རྒྱུ་ནི་དེ་བས་ཀྱང་གལ་ཆེ།

 

གསུམ་པ།  པར་མིག་ཇུས་བཀོད་དང་བརྗོད་བྱའི་སྒྲིག་གཞིའི་འབྲེལ་བ།


    གློག་བརྙན་འདིའི་པར་མིག་གི་ཇུས་བཀོད་ཐད་མཚོན་ན། མཇུག་མཐའི་གྲོང་ཁྱེར་ཡོངས་ཀྱི་རྒྱང་རྒྱུགས་འགྲན་སྡུར་སྐབས་ཀྱི་པར་མིག་འགའ་ལས་ཛ་དྲག་གི་རྣམ་པ་ཞིག་བསྐྲུན་པ་མ་ཟད་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོགས།  དེ་ཕུད། གློག་བརྙན་འདིར་ཁྲ་ཆིལ་དགུ་ཆིལ་གྱི་རྣམ་པ་མཐོང་རྒྱུ་མེད་ལ་ཧའོ་ལེ་ཨུའུ་གློག་བརྙན་ལྟ་བུའི་རྫིགས་ཉམས་ཀྱི་རྣམ་པ་ཡང་བསྟན་མེད།   གློག་བརྙན་འདིར་མ་གཞི་འཚོ་བའི་ནང་ཆེས་རྒྱུན་ལྡན་དང་སྤྱིར་བཏང་ཡིན་པའི་པར་མིག་གིས་གློག་བརྙན་གྱི་སྒྱུ་རྩལ་མཚོན་པ་མ་ཟད་མི་རྣམས་ཀྱི་བློ་ཡིད་འགུགས་པར་བྱས། 121602296395087100.jpgདཔེར་ན། གཅེན་གཅུང་གཉིས་ཀྱིས་སྦྱོང་ཚན་འབྲི་བའི་སྐབས་ཀྱི་དུམ་བུ་འདིར་པར་ལེན་ཆས་ཀྱི་ཁ་ཕྱོགས་འགྱུར་ནས་མི་སྣ་མི་འདྲ་བའི་སེམས་ཁམས་འདི་སྐད་ཆ་སོགས་ལ་བརྟེན་མི་དགོས་པར་གདོང་གི་རྣམ་འགྱུར་དང་མི་སྣའི་བྱ་སྤྱོད་ལས་མངོན་གསལ་དོད་པོས་མཚོན་པར་བྱས། སྐབས་སུ་མིག་ཟུང་གིས་ཕྲུ་གུས་སྦྱོང་ཚན་འབྲི་བཞིན་ཡོད་མེད་ལ་བརྟགས་པ།   ཡང་ཉེ་ལྗོངས་སྤྱད་ནས་གཅེན་གཅུང་གཉིས་ཨ་ཕར་ལྟ་ཙམ་ལྟ་ཙམ་བྱེད་བཞིན་སྦྱོང་ཚན་འབྲི་ཁུལ་གྱིས་ཁོ་རང་གཉིས་ཀྱི་དཀའ་ཁག་གྲོས་སྡུར་བྱེད་པ། ཁོང་གཉིས་གཅིག་ནས་འཇིག་པ་དང་། གཉིས་ནས་ལྷམ་མེད་པར་སེམས་ཁྲལ་བྱེད་དགོས་པས་སེམས་ལྗིད་ཏིག་གེར་གྱུར།  དེ་ནས་པར་རིས་ཁ་ཕྱེས་ཏེ་གཅུང་མོ་ནི་རང་ཉིད་ཀྱི་ལྷམ་མེད་པར་སེམས་ཁྲལ་ཆེན་པོ་བྱེད་པ་དང་བུ་ཆུང་ཨ་ལིས་ནི་རང་ཉིད་ཀྱི་གཅུང་མོའི་ལྷམ་བོར་སོང་བ་མ་ཟད་རང་ལ་ཐབས་གང་ཡང་མེད་པར་ནོངས་འགྱོད་ཀྱི་རྒྱ་མཚོའི་དབྱིངས་སུ་ཚུད།  བཅར་མཚོན་བེད་སྤྱད་ནས་གཅུང་མོས་གཅེན་པོས་བྱ་བ་འདི་ཕ་མ་གཉིས་ལ་སྦ་གསང་བྱེད་པའི་ཞུ་བ་ཕུལ་བ་དང་མཉམ་དུ་སྤྲད་པའི་སྨྱུ་གུ་དམ་པོ་འཛིན་པ་དེ་ལས་ཅི་བྱ་གཏོལ་མེད་ཀྱི་རྣམ་པ་མཚོན།  ཡང་འགུལ་སྐྱོད་པར་མིག་བེད་སྤྱད་ནས གཅུང་མོ་རྒྱུག་ཤར་བློས་ནས་ཡོངས་སྐབས་གཅེན་པོའི་ཆེ་དྲགས་པའི་ལྷམ་འདི་ཆུའི་ནང་ལྷུང་སྐབས་གཅུང་མོ་ནི་སྙིང་ཁར་གྲིས་གཙགས་་པ་བཞིན་སྡུག་བསྔལ་གྱིས་མནར་ནས་ལྷམ་འདིའི་རྗེས་འདེད་བཏང་བར་འགྲོ་སྐབས་ལམ་བར་དུ་མི་རྒན་པོ་ཞིག་གིས་སྟབས་བདེ་པོའི་ངང་ལྷམ་འདི་ཡར་ལེན་པ་ཏེ།  སྤྱི་ཚོགས་ཀྱི་གནས་བབ་དང་ས་གནས་མི་འདྲ་བའི་མི་གཉིས་སྡུར་བ་བཏང་བ། སྐབས་འདིར་གཅུང་མོས་མི་རྒན་གྱི་ངོས་ནས་བརྗོད་ན་ཆེས་སྟབས་བདེ་བའི་དོན་ཞིག ཕྲུ་གུའི་ངོས་ནས་བརྗོད་ན་ནི་ཆེས་དཀའ་བ་ཡིན་པ་རྟོགས།  འོན་ཀྱང་ཕྲུ་གུའི་དཀའ་ཁག་ལ་མི་རྒན་རྣམས་ཀྱིས་བསམ་ཤེས་བྱེད་བསམ། འདི་ཡང་ང་ཚོས་གློག་བརྙན་འདིར་བལྟས་རྗེས་ལོ་གང་འདྲ་ཞིག་ལ་སླེབས་པའི་ལྟད་མོ་བ་ཡིན་ནའང་རུང་ཚང་མས་བསམ་ཞིག་བྱེད་དགོས་པ་ཞིག་རེད་།  འདི་ལྟ་བུའི་ཞིབ་འབྲི་ཡིས་གློག་བརྙན་འདི་དོན་དངོས་འཚོ་བ་བཞིན་མི་རྣམས་ཀྱི་བསམ་བློའི་སྟེང་ཟུག་ཡོང་བར་བྱེད།    ལྷག་པར་དུ་གློག་བརྙན་འདིའི་མཐོ་རླབས་ཡང་ན་མི་སེམས་འགུལ་སའི་ཡུལ་ནི་ཆེས་མཐའ་མའི་འགྲན་སྡུར་གྱི་འདུ་འཛི་དང་འགྲན་རྩོད་དྲག་པོའི་རྣམ་པ་འདི་ཡིན།            པར་མིག་དལ་བོར་བཏང་བའི་སྐབས་འདི་དུས་ཚོད་ཀྱི་གོམ་འགྲོས་མཚམས་བཞག་པ།    འཇིག་རྟེན་འདི་དབེན་པའི་གནས་སུ་གྱུར་ནས་ཨ་ལིས་ཀྱིས་དབུགས་བྱིན་རྔུབ་བྱེད་པའི་སྒྲའང་གསལ་པོར་གོ་ཐུབ།     རྒྱུག་ཚར་རྗེས་ཨ་ལིས་ཀྱི་དབུགས་རྔུབ་བཞིན་“ང་ཨང་གསུམ་པ་ཡིན་ནམ”ཞེས་དྲིས།  རང་ཉིད་ཨང་གསུམ་པ་མིན་པ་ཤེས་རྗེས་ཨ་ལིས་ཀྱི་མིག་ཟུང་མཆི་མས་ཁེངས་ཤིང་རྨོངས་པར་འགྱུར། ཞིབ་འབྲི་འདི་ཡང་གློག་བརྙན་འདིའི་ཆེས་ངོ་མཚར་བའི་ཆ་ཤས་ཤིག་ཡིན།  མདོར་ན། གློག་བརྙན་ཞིག་ལ་ཆ་མཚོན་ན་པར་མིག་ཇུས་འགོད་འདིས་ཁོའི་རྒྱལ་ཕམ་ལ་ཐུགས་ཡོད་དོ།།
    གློག་བརྙན་འདིའི་ནང་བྱིས་པའི་མཐོང་སྣང་བརྒྱུད་གཅེན་གཅུང་གཉིས་ཀྱིས་ལྷམ་ཆུང་ཆ་གཅིག་རག་ཐབས་བྱས་པའི་སྒྲུང་ཞིག་བརྗོད་ཡོད་ཅིང་།      མི་ཚང་མར་རང་རང་བརྗེད་པར་དཀའ་བའི་བྱིས་དུས་ཀྱི་དྲན་གསོ་ཡོད་ལ་མ་གཞི་བྱིས་པའི་དུས་ཀྱི་བསམ་བློ་ནི་སྟབས་བདེ་ལ་དགོད་བྲོ་བ་ཞིག་ཡོད་རུང་། དེས་མ་འོངས་རང་གི་འཚར་ལོངས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། དེར་བརྟེན། གལ་ཏེ་འདི་བྱིས་པའི་གློག་བརྙན་ཞིག་ཡིན་ཟེར་ན་མི་བདེན། དེ་ལས་ལྡོག་སྟེ། མི་ཚེའི་ལམ་བུར་འགྲུལ་བཞུད་བྱེད་བཞིན་པའི་མི་རྣམས་ལ་མི་ཚེའི་ལམ་བུའི་སྟེང་དུ་དཀའ་ངལ་ཁྱད་གསོད་དང་འཚོ་བ་ལ་དགའ་ཞེན། གནས་ཚུལ་གང་འདྲ་ཞིག་ལ་འཕྲད་རུང་བག་ཡངས་པའི་སེམས་ཁམས་འཁྱེར་དགོས་པའི་གནས་ལུགས་བསྟན་འདུག་སྙམ།།

________________

དཔྱད་གཞིའི་ཡིག་ཆ།
    ༡   བོད་བརྙན་དྲ་བ།    http://www.bosubtitle.com/
    ༢  戈德罗,若斯特著《什么是电影叙事学》    [M] 商务印书馆,2005年        
    ༣    博格斯,皮特里著,张箐,郭佩俊《看电影的艺术》 [M] 北京大学出版社   2010年
    ༤  温尼尔德著,张铭译《电影镜头入门》   [M] 世界图书出版公司2013年


 

དཔྱད་མཆན་ཡོད།