མ་ཡུམ་གྱི་ལུས་པོ(黑客帝国)ཞེས་པའི་གློག་བརྙན་བརྒྱུད་དེ་མི་ཚེར་ཤེས་རྟོགས་བྱེད་པ།

གནས་ལུགས་འདི་ནང་བསྟན་གྱི་རིག་གཞུང་ཁོ་ནས་དབྱེ་ཞིབ་བྱས་ན། མི་འགའ་རེའི་སེམས་སུ་འགྲོ་མི་སྲིད་པས། གཤམ་ནས་འཇིག་རྟེན་གྱི་མི་རྣམས་སྤྲོ་བ་ཡོད་པའི་དཔེར་བརྗོད་ཅིག་གིས། མི་ཚེ་འདི་རྨི་ལམ་ཞིག་ཡིན་མིན་ལ་ཐེངས་གཅིག་བལྟ་བར་བྱ། 

ཁྱེད་རྣམ་པ་ཚོས་དུས་རབས་ཉེར་གཉིས་པའི་མིའི་རིགས་དང་འཕྲུལ་མིའི་བར་གྱི་འཐབ་འཁྲུག་བརྗོད་གཞིར་བྱས་པའི་ཨ་རིའི་ཚན་རྟོག་གློག་བརྙན་མ་ཡུམ་གྱི་ལུས་པོ་ཞེས་པར་བལྟས་མྱོང་ཡོད་རྒྱུ་རེད།  དེར་དངོས་ཡོད་དང་འཁྲུལ་སྣང་ལ་བསམ་གཞིགས་ཞིབ་མོ་བྱས་ཡོད་ཅིང་།  གློག་བརྙན་དེའི་ནང་དུ།  འཕྲུལ་མིས་མིའི་རིགས་ལ་ཚོད་འཛིན་བྱས་ཏེ་འཁྲུལ་སྣང་གི་ཁྲོད་དུ་མགོ་འཁོར་དུ་བཅུག་ཅིང་། ནི་ཨའོ(尼奥)ཡིས་འཇིག་རྟེན་སྐྱོབ་པ་པོའི་རྣམ་པ་བརྫུས་འཁྲབ་བྱས་ནས་མིའི་རིགས་འཁྲུལ་སྣང་གི་གནས་ནས་སད་པར་བྱ་རྒྱུའི་འགན་ཁུར་ཡོད་པ་རེད། 

མིའི་རིགས་དུས་རབས་ཉེར་གཉིས་པར་ད་དུང་སླེབས་མེད་ཅིང་།  འཕྲུལ་མིའང་གློག་བརྙན་དུ་བརྗོད་པ་ལྟར་མི་དང་དབྱེར་མེད་པ་ཞིག་མིན་མོད།  འོན་ཀྱང་དེང་གི་དུས་རབས་འདིར།  མི་གང་མང་ཞིག་སྔོན་ཐོན་ཚན་རྩལ་གྱིས་བཀག་སྡོམ་བྱས་ཡོད་རྐྱེན། ཚན་རྩལ་དང་ཁ་འབྲལ་ཐུབ་ཀྱི་མེད་པ་རེད།  གལ་ཏེ་ཉིན་ཞིག་འཛམ་གླིང་འདིར་གློག་མེད་པར་གྱུར་ཚེ།  མི་རྣམས་ཀྱིས་ཁང་བའི་སྒོ་ཅི་ལྟར་འབྱེད།   རླངས་འཁོར་ལ་སྣུམ་ཇི་ལྟར་ལྡུག   ཁང་བརྩེགས་ལ་ཇི་ལྟར་འགྲོ།    ཁ་པར་ཇི་ལྟར་རྒྱག   རྩིས་འཕྲུལ་ཇི་ལྟར་སྤྱོད།   འདི་དག་གནད་དོན་ཧ་ཅང་ཆེན་པོ་ཡིན་པས།  སྔོན་ཐོན་གྱི་ཚན་རྩལ་གྱིས་ཉིན་བཞིན་འཚོ་བའི་བར་སྟོང་གང་མང་བཟུང་བས།  མི་རྣམས་ཀྱིས་སྔོན་ཆད་ཀྱི་སེམས་ཀྱི་ཞི་འཇགས་དེ་ཁྱོན་ནས་རྙེད་ཐུབ་ཀྱི་མེད་པ་རེད།  

དབེན་གནས་དང་ལྷོད་ཡངས་ཀྱི་ཁོར་ཡུག་ན་གནས་པའི་མི་རྣམས་ལ་ད་དུང་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པར།  ཁོམ་སྐབས་ཇ་འཐུང་ཞིང་སེམས་བརྟག་ཏེ་སོས་དལ་གྱི་འཚོ་བར་རོལ་གྱིན་ཡོད་པ་རེད།   དེའི་རྐྱེན་གྱིས།   ང་གྲོང་ཁྱེར་གྱི་མི་རྣམས་ཀྱི་འཚོ་བར་ཡིད་སྨོན་ལར་ནས་འཆོར་གྱིན་མེད།   ཁོང་ཚོའི་ནང་སེམས་སུ་འཚབ་འཚུབ་དང་སེམས་ཁྲལ།   འཇིགས་སྣང་།  འགྲན་རྩོད་ཆེན་པོས་ཉིན་བཞིན་རྫོགས་མེད་ཀྱི་ལས་ཀར་གཞོལ་གྱིན་ཡོད་ཀྱང་།   མཐའ་མར་ཅི་ཞིག་གི་དོན་དུ་བྲེལ་བ་རང་གིས་ཀྱང་མི་ཤེས་པའི་ཚད་དུ་ཡོད་པ་རེད།   མི་འདི་རིགས་གལ་ཏེ་རྩིས་འཕྲུལ་ལམ་ལག་འཕྲིན་དང་ཁ་བྲལ་ཚེ།   དྲན་པ་མོག་པོར་གྱུར་ཅིང་ཟས་ཀྱི་བྲོ་བ་མི་ཤེས་པར་ཕྱི་དྲོ་གཅིག་ལའང་འདུག་བཟོད་མེད་པ་རེད།  དེར་བརྟེན། མིའི་རིགས་ཉིན་བཞིན་ཕྱི་རོལ་ཡུལ་གྱི་བསླུ་བྲིད་ཀྱི་དབང་དུ་སོང་སྟེ།  ནོར་འཁྲུལ་ཁོ་ན་ལས་མི་ཚེའི་འཁྲུལ་སྣང་ལར་ནས་ཤེས་ཐུབ་གྱིན་མེད་པ་རེད།

      ཆིན་ཧཱ་སློབ་ཆེན་གྱི་སློབ་དཔོན་ཅང་ཅིན་སུང་ཟེར་བ་ཞིག་གིས།  ནང་བསྟན་ཤེས་རབ་ཀྱིས“མ་ཡུམ་གྱི་ལུས་པོ”ཡི་གཏམ་རྒྱུད་ཀྱི་བྱུང་རིམ་འགྲེལ་བཤད་དོན་སྙིང་དང་ལྡན་པ་ཞིག་བྱས་ཡོད་པ་རེད།  ཡིན་ན་ཡང་། རིག་གཞུང་རྐྱང་པ་ལས་ཤེས་རྟོགས་བྱུང་བ་ཙམ་གྱིས་ལར་ནས་མི་ཡོང་ཞིང་།  གལ་ཏེ་ང་ཚོས་དངོས་ཀྱི་སྒྲུབ་སྦྱོང་དང་འཚོ་བའི་ཉམས་མྱོང་གི་ཐོག་ནས་རྟོག་དཔྱོད་དང་སློབ་སྦྱོང་བྱས་ཚེ།   ད་གཟོད་གློག་བརྙན་འདི་ལས་བསྟན་པའི་དངོས་ཡོད་ཀྱི་འཇིག་རྟེན་དེ་སྒྱུ་མ་དང་རྨི་ལམ་ལྟ་བུ་ཞིག་ཡིན་པའི་གནས་ལུགས་ཀྱིས།  ང་ཚོར་སྔར་ལས་ལྷག་པའི་ཚོར་ཤེས་ཟབ་མོ་སྐྱེས་སུ་འཇུག་ཐུབ་ཀྱི་རེད།  

ཁྱེད་ཚོར་ནང་བའི་ཆོས་གཞུང་ལ་བལྟ་རྒྱུའི་འདུན་པ་དང་སྤྲོ་བ་རྩ་བ་ནས་མེད་ན། གློག་བརྙན་འདིར་ཐེངས་གཅིག་ལྟོས་དང་ཆོག་གི་རེད།   དེང་གི་དུས་སུ་ལྟོས་བཅས་ཀྱིས་ནུབ་ཕྱོགས་པ་རྣམས་ཀྱིས་འཛམ་གླིང་འདིར་དོ་ཁུར་བྱེད་པས།   གློག་བརྙན་འགའ་རེ་ཡག་པོ་དཔར་འདུག་ཅིང་རྒྱབ་ལྗོངས་སུ་ཆོས་ལུགས་ཀྱི་བསམ་བློ་འདི་དག་ཀྱང་ལོ་རབས་བདུན་ཅུ་པའི་སྐབས་སུ་སྤེལ་བསྒྲགས་བྱས་པ་ལྟ་བུའི་དུག་རིགས་ཤིག་དང་བཟི་སྨན་གྱི་རིགས་ཤིག་དང་ལར་ནས་མི་འདྲ་སྟེ།  དེ་འདྲའི་བརྗོད་ཚུལ་དེ་ཤིན་ཏུ་འཇིགས་སུ་རུང་བ་རེད། ཞང་ཀང་དུ་འདིའི་རིགས་ཀྱི་འབགས་བསླད་ཐེབས་མེད་ནའང་།སྐམ་ས་ཆེན་མོར་དུས་ཡུན་རིང་བོ་ཞིག་གི་ནང་དུ།   དུས་བབ་ལ་འགྱུར་བ་མང་བའི་རྐྱེན་གྱིས་ཆོས་ལུགས་ཀྱི་མིང་ཙམ་ཐོས་ཚེ་མི་རྣམས་ཀྱིས་མཐོང་ཆུང་བྱེད་ཅིང་།   ཆོས་ལུགས་ལ་སློབ་གྲྭ་དང་ས་གནས་གང་ཞིག་ནས་ཡིན་ཡང་འདྲ་མཉམ་གྱིས་རྣམ་འགྱུར་མི་འཛིན་པས།  ཆོས་ལུགས་དད་མོས་ཡོད་པའི་མི་རྣམས་ཀྱིས་ཀྱང་ཆོས་ལུགས་ལ་ལྟ་ཚུལ་གཞན་བཟུང་བ་རེད།    

   དོན་དམ་པར།  ཆོས་ལུགས་ཀྱི་དད་མོས་དང་ཞིབ་འཇུག་གིས་ང་ཚོར་མི་ཚེར་ཕན་ཐོགས་ཆེན་པོ་ཡོད་པས།  རྣམ་པ་ཚོས་གློག་བརྙན་ནམ་བརྙན་འཕྲིན་གྱི་འཕྲིན་སྦྱོར་དང་སྔོན་ཐོན་གྱི་ཚན་རྩལ་ལ་བརྟེན་ནས།  ཆོས་ལུགས་ལ་ངོས་འཛིན་དང་གདེང་འཇོག་གསར་དུ་བྱས་ཏེ་ཚེ་སྲོག་གི་སྙིང་དོན་དང་རིན་ཐང་ཤེས་པར་བྱ་རྒྱུའི་རེ་བ་ཡོད།  

34.jpg

དཔྱད་མཆན་ཡོད།