ཁོ་མོ་དང་མཉམ་དུ་གློག་བརྙན«མའོ་ཏའེ»ལ་བལྟས་རྗེས།

p2522914289.jpg མིང་ལ།  མའོ་ཏའེ།

 མིང་ངོ་མ། Maudie

 འཁྲབ་ཁྲིད་པ།   ཨའེ་སི་ལིན·ཝོ་ཧྲི།

 འཁྲབ་གཞུང་རྩོམ་མཁན།  ཞེ་ལི·ཧུའེ་ཐེ།

འཁྲབ་སྟོན།ཧྲ་ལི·ཧོ་ཅིན་སི།གཡའ་བཟང་ཧོར་ཁེ།

 རིགས་གྲས།  བརྩེ་དུང་གློག་བརྙན།

 ཕབ་སྐྲུན་ས་ཁུལ།   ཁ་ན་ཏ་དང་ཨར་ལན།

 ཕབ་སྐྲུན་གྱི་དུས་ཚོད།  2015.9.21-2015.10.31

 རིང་ཚད། སྐར་མ/115

 འགྲེམ་སྤེལ་དུས་ཚོད། 2016.9.2

 སྐད་རིགས། དབྱིན་སྐད།

 ཚོན་མདངས།  ཚོན་ལྡན།

 འགྲོ་གྲོན།  4993020སྒོར། (ཡོབ་སྒོར།)

       ངོ་སྤྲོད་ཉུང་བསྡུས། འདི་ནི་དངོས་ཡོད་ཀྱི་གཏམ་རྒྱུད་གཞིར་བཟུང་ནས་འཁྲབ་པའི་དུངས་བརྗོད་གློག་བརྙན་ཞིག  ཁཱ་ན་ཏའི་མཛེས་སྡུག་ལྡན་པའི་ནུབ་རྒྱ་མཚོ་ཆེན་མོའི་ཞིན་སི་ཁོ་ཧྲེ་ཞིང་ཆེན(NovaScotia)ས་ཚིགས་ན་ཡོད་པའི་དམངས་ཁྲོད་སྒྱུ་རྩལ་པ་མའོ་ཏའེ·ལིའུ་དབྱི་སི(MaudLewis)ཞེས་པས་སྒྱུ་རྩལ་ལ་འབད་བརྩོན་ལྷོད་མེད་བྱས་པ་དང་། ཁོ་མོའི་ཁྱོ་ག་དང་ངོ་ཤེས་པར་མ་ཟད། སྒྱུ་རྩལ་བརྩམས་ཆོས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱིན་ཡོད་པའི་བརྩེ་དུང་གི་གཏམ་རྒྱུད་བརྗོད་པའི་གློག་བརྙན་ཞིག་རེད།

       ཧྲ་ལི•ཧོ་ཅིན་སི། 1976ལོར་དབྱིན་ཇིའི་ཏེ་ཝེ་རུ་སྐྱེས། དབྱིན་ཇིའི་བུད་མེད་འཁྲབ་སྟོན་པ་དང་དབྱིན་ཇིའི་གོང་མ་ཚང་གི་ཟློས་གར་སྒྱུ་རྩལ་སློབ་གླིང(亶벌뽈소狗양論减欺牍)ནས་མཐར་ཕྱིན། ངོ་མཚར་ཆེ་བའི་བརྩེ་དུང་གི་གློག་བརྙན《彊近胶刀》ལ་བརྟེན་ནས་སྐབས་དགུ་ཅུ་བའི་ཨའོ་ཟི་ཁཱ་གསེར་གྱི་རྟགས་མའི་ཆེས་བཟང་བའི་བུད་མེད་འཁྲབ་སྟོན་པའི་བྱ་དགའ་ཐོབ། འདི་ནི་ཁོ་མོའི་ཆེས་མཐོ་བའི་མཚན་སྙན་ཡིན། འོན་ཀྱང་ང་ཁོ་མོས་གཙོ་འཁྲབ་བྱས་པའི《མའོ་ཏའེ》《칭曆》ལ་ལྷག་ཏུ་དགའ། གློག་བརྙན་འདིས་ང་ལ་གསང་བ་གང་ཞིག་བཤད་སོང་བ་འདྲ། འདི་ནི་གཞན་གྱིས་སྣང་མེད་དུ་བཞག་པའི་གློག་བརྙན་ཡག་པོ་ཞིག་རེད་སྙམ་བྱུང་།

        འཁྲབ་སྟོན་གཙོ་བོ་ཧྲ་ལི•ཧོ་ཅིན་སི་ནི་མཛེས་མ(སྐབས་འདིར་བརྗོད་པ་ནི་ཕྱིའི་མཛེས་པ་གཅིག་པོ་བཤད་པ)ཞིག་མིན་ཡང་ཁོ་མོས་འཁྲབ་པའི《མའོ་ཏའེ》《칭曆》ཡིས་ངའི་སེམས་ཀྱི་ཆེས་ཟབ་ས་ཞིག་ལ་སིམ་འཛུལ་བྱས་བྱུང་།  སེམས་རྩ་སྙི་མོར་དེར་གཡོ་འགུལ་ཐེངས་ཤིག་བཏང་བྱུང་། ངས་ཁོ་མོ་དང་མཉམ་དུ་གློག་བརྙན་འདི་ལ་མགོ་ནས་མཇུག་བར་ནན་ནན་བཅག་བཅག་གིས་ཚར་གཅིག་བལྟས་པ་ཡིན། ཧྲ་ལི•ཧོ་ཅིན་སི་བུད་མེད་ཕལ་བ་ཞིག་མིན་པ་ཚོར་བྱུང་།  ཧྲ་ལི•ཧོ་ཅིན་སི་ཡི་ཕྱིའི་སྐྱེ་གཟུགས་སྐད་གྲགས་ཅན་གྱི་འཁྲབ་སྟོན་པ་གཞན་པ་ལས་ཡག་པོ་ཞིག་མེད་ཀྱང་གློག་བརྙན་འཁྲབ་སྟོན་གྱི་ཁྲོད་ནས་གྲུབ་འབྲས་ཆེན་པོ་ཞིག་ལེན་འདོད་ན་དེ་ནི་ལས་སླ་མོ་ཞིག་ག་ལ་ཡིན། འཁྲབ་སྟོན་པ་ཞིག་ལ་མཚོན་ན་མི་གང་རུང་བ་ཞིག་གིས་བྱེད་ཐུབ་པ་ཞིག་ཡེ་ནས་མ་རེད། དེར་སྐྱེ་གཟུགས་དང་སྐད་གདངས་སོགས་ཀྱི་ཆ་རྐྱེན་སྣ་ཚོགས་ཤིག་མཛོམས་དགོས་པ་མ་ཟད། འཁྲབ་བྱའི་མི་སྣར་གོ་བ་གཏིང་ཟབ་ལེན་པ་དང་འཁྲབ་ཡིག་སོགས་ཁོང་དུ་ཆུད་པ། བསམ་གཞིགས་ཞིབ་ཚགས་ཡིན་དགོས་པ། ཕུལ་དུ་བྱུང་བའི་འཁྲབ་སྟོན་པ་སོགས་ཀྱི་ཆ་རྐྱེན་བཟང་པོ་ཞིག་དགོས།

   ང་གློ་བུར་དུ་མའོ་ཏའེ་ཞེས་པའི་མི་སྣ་འདི་ལ་དགའ་བ་ཡིན་ནམ་འཁྲབ་སྟོན་པ་རང་ཉིད་ལ་དགའ་བ་ཡིན་པ་མི་ཤེས། གློག་བརྙན་གྱིས་ང་ལ་སེམས་གཏིང་ཞིག་ནས"དགའ་ཞེན"མཐོང་དུ་བཅུག་པ་དང་། ཇི་ལྟར་བྱས་ནས་ཟློས་གར་ནང་དང་ཟློས་གར་ཕྱི་ཡི་ཆེས་སྤྱིར་བཏང་གི་ཚེ་སྲོག་དེ་ཐུན་མོང་མ་ཡིན་པ་ཞིག་ཏུ་འགྱུར་དུ་བཅུག གློག་བརྙན་ལ་ལྟ་བའི་སེམས་ཁམས་ཀྱི་མྱོང་ཚོར་ཧ་ཅང་ཁྱད་པར་བ་ཞིག་རེད། གདུང་སེམས་མཉམ་སྐྱེས་ལ་སེམས་འགུལ་ཐེབས་པ་དང་། བརྩི་བཀུར་དང་འགྲོགས་པར་དགའ་བ་རེད། བྲོ་བ་སྣ་ཚོགས་ལྡན་པ་དང་། ཕྱིར་དྲན་རྫོགས་མཐའ་མེད་པ་ཞིག་རེད།

1608717549493703.jpg

           མདང་ནུབ་བལྟས་ཟིན་པའི་ཁ་ན་ཏཱའི་གློག་བརྙན《མའོ་ཏའེ》《칭曆》ལ་ཕྱིར་དྲན་བྱེད་ཞོར་ངས་ཁོ་མོ་ཡང་ཞོར་དུ་གླེང་འདོད་བྱུང་།  གང་ཡིན་ཞེ་ན་གློག་བརྙན་འདི་ནི་ཆེས་སྤྱི་བཏང་གི་ཁ་ན་ཏའི་ཡུལ་ཚོ་ཞིག་གི་ཁྱོ་ཤུག་གཉིས་ཀྱི་དོན་དངོས་གཞིར་བྱས་ནས་བརྩམས་པའི་བརྩེ་དུངས་ཀྱི་གློག་བརྙན་ཞིག་རེད།  དྲྭ་སྟེང་ན་འདིའི་སྐོར་ནས་དཔྱད་བརྗོད་དང་བསམ་ཚུལ་གྱི་རྩོམ་ཡིག་དང་ཡིག་དུམ་མང་པོ་ཞིག་སྤེལ་ཟིན་པ་དང་སྤེལ་བཞིན་པ། མ་འོངས་པ་ན་ཡང་སྤེལ་མཁན་ཕལ་ཆེར་གང་མང་མཆིས་སྲིད་སྙམ། འདི་འདྲའི་སྐད་ཆ་ཆེན་པོ་ལབ་པ་ནི་གློག་བརྙན་འདི་ལ་རང་ཉིད་ཀྱིས་དངོས་སུ་བལྟས་རྗེས་ཀྱི་དྲན་པ་རྡོག་རྡོག་དེ་ཡིན། དེ་བས་འདི་ཡང་དྲན་པ་རྡོག་རྡོག་འདི་ལ་གཞི་བཅོལ་ནས་མྱོང་ཚོར་ཁག་ཅིག་དང་ངེད་གཉིས་ཀྱི་ཁ་བརྡ་འགའ་ཞིག་བརྗོད་པ་ཡིན།

          གློག་བརྙན་འདི་ཁོ་མོས་ཁ་སང་ང་ལ་འོས་སྦྱོར་བྱས་པ་དང་ངེད་གཉིས་ཀྱིས་དོ་དགོང་དུས་ཚོད་གཅིག་པའི་ནང་མཉམ་དུ་བལྟ་བར་གྲོས་བྱས་པ་ཞིག་ཡིན།(རིམས་ནད་ཀྱི་རྐྱེན་གྱིས་གནས་གཅིག་ན་མེད་པས་སོ་སོའི་ཁྱིམ་ནས་དུས་ཚོད་གཅིག་པའི་ནང་མཉམ་དུ་བལྟས་པ་ཡིན) ཁ་སང་མོས་ང་ལ་གློག་བརྙན་འདི་ངོ་སྤྲོད་བྱས་པ་དང་དུས་ཚོད་གཅིག་པའི་ནང་མཉམ་དུ་བལྟ་བར་གྲོས་བྱེད་སྐབས་ངས་ཀྱང་སོམ་ཉི་གང་ཡང་མེད་པར་ཁས་ལེན་བྱས་པ་ཡིན།  སྤྱིར་རང་ལ་ཡང་མ་གཞི་ནས་གློག་བརྙན་ཞིག་བལྟ་འདོད་པའི་ཕུགས་བསམ་ཆུང་ཆུང་ཞིག་ཡོད། ཡིན་ཡང་གློག་བརྙན་གང་ཞིག་ལ་བལྟ་བར་ངོ་མ་འཆར་གཞི་དང་གདམ་ཀ་གང་ཡང་མེད། ད་ལོའི་རིམས་ནད་ཀྱི་རྐྱེན་གྱིས་ཕ་ཡུལ་ནས་འདུག་ཡུན་རིང་བས། བྱ་བ་གང་ཞིག་ལས་ཀྱང་ཟས་ཅི་ཞིག་ཟས་ཀྱང་ཡི་ག་མེད་པ་ཇི་བཞིན་སུན་སྣང་རྫིག་པོ་ཞིག་གིས་འཕག་འཚགས་ག་ཙམ་བྱས་ཀྱང་ཡར་ལེན་ཁག་པོ་འདུག ལྷག་ཏུ་ཉིན་འདི་གར་དཔེ་ཆ་ཞིག་གི་ནང་སྒྲིག་སྦྱོར་བྱེད་ཀྱིན་པའི་སྒང་ཡིན། རྩོམ་པ་པོས་དེབ་འདི་ང་ལ་སྐུར་ཡོང་དུས་ཞུ་དག་ནན་མ་ཞིག་བྱས་མེད་པས་ཆད་ལྷག་གང་མང་རི་རབ་བཞིན་གང་སར་གང་འདུག་ལ་སུན་སྣང་དང་ངལ་དུབ་ཀྱིས་ཕྱི་ནང་གསང་གསུམ་ལ་ལྕགས་ཚེར་རྒྱབ་འདུག དེ་བས་གློག་བརྙན་གང་ཞིག་ལ་བལྟས་ནས་སེམས་ཀྱི་ངལ་དུབ་དག་ལ་གཙང་སྦྲ་ཐེངས་ཤིག་བྱེད་འཆར་ཡོད་པའི་སྐབས་འདི་ཏག་ཏག་ལ་ཁོ་མོས་ཀྱང་གློག་བརྙན་ཞིག་ལ་བལྟ་བའི་སྐོར་ནས་སྐད་ཆ་ཁ་ཤས་ལབ་པ་མ་ཟད་གློག་བརྙན་འདི་ངོ་སྤྲོད་བྱས་བྱུང་། ངའི་ཚོར་བ་ནོར་མེད་ན་གློག་བརྙན་འདིར་བལྟ་བར་ཁོ་མོ་ལ་ཡང་ཡུན་རིང་ཞིག་གི་གྲ་སྒྲིག་དང་མོས་པ་ཡོད་པར་སེམས།

        རང་ཉིད་སྒེར་གྱི་གཤིས་ཀ་གྱོང་བོ་འདི་ལ་མཚོན་ན་སྤྱིར་བརྙན་འཕྲིན་དང་གློག་བརྙན་ལ་གོམས་ཡོད་པའི་མི་ཞིག་མིན། ལྷག་ཏུ་མུ་འབྲེལ་ཟློས་གར་གྱི་སྐོར་ལ་སྤྲོ་བ་ཆེན་པོ་མེད་མོད། སྐབས་རེར་གློག་བརྙན་ཁ་ཤས་ལ་བལྟས་མྱོང་། རང་མི་རིགས་ཀྱི་གློག་བརྙན་སྐོར་ནས་མང་ཤོས་ལ་བལྟས་ཟིན། ཐེངས་སྔོན་མར་པདྨ་ཚེ་བརྟན་ལགས་གྱིས་འཁྲབ་འཁྲིད་བྱས་པའི《ལག་དམར》ལ་བལྟས་རྗེས་དེའི་སྐོར་ནས་མྱོང་ཚོར་རེ་གཉིས་ལབ་ཡོད། འདི་ནས་བསྐྱར་དུ་གླེང་བའི་དགེ་བ་མི་འདུག

p2462732240.jpg

       ངས་བསམ་ན་ད་རེས་ཁོ་མོས་གློག་བརྙན་འདི་གདམ་ཀ་བྱེད་དོན་དང་དེའི་དམིགས་ཡུལ་ཡང་ཕལ་ཆེར་ཅིག་ཅིག་ཡིན་ངེས་འདོད། ངས་ཀྱང་འདི་ཐད་ཀར་ཁོ་མོར་དྲིས་མྱོང་མེད། ངས་འདི་ལྟར་བཤད་དོན་ཡང་གློག་བརྙན་འདི་ལ་ལྟ་བཞིན་པའི་སྐབས་ཀྱི་ངེད་གཉིས་ཀྱི་ལབ་གླེང་དང་བལྟས་ཚར་རྗེས་ཀྱི་ཁ་བརྡ་ལ་གཞི་བཅོལ་བ་ལས་རང་སྣང་གང་ཤར་གྱིས་བརྗོད་པ་ཞིག་ཡེ་ནས་མིན། གློག་བརྙན་འདི་མ་གཞི་ནས་དུངས་བརྗོད་ཀྱི་གྲས་ཤིག་རེད། དེར་མ་ཟད་ཆེས་སྤྱིར་བཏང་གི་ཁྱོ་ཤུག་གཉིས་ཀྱི་དངོས་བྱུང་གི་མི་ཚེའི་གཏམ་རྒྱུད་ཅིག་རེད། གློག་བརྙན་འདི་དང་གློག་བརྙན་མང་ཤོས་ཤིག་ལ་ཡོད་པའི་མི་འདྲ་བའི་ཆ་གཙོ་བོ་ཡང་དངོས་བཤུས་གློག་བརྙན་ཡིན་མིན་དེ་རེད། བོད་རང་གི་གཏམ་དཔེ་ཞིག་ལ"འཇིག་རྟེན་ཕོ་རེ་གམ་ན་མོ་རེ"ཞེས་པ་བཞིན་ངེད་གཉིས་ཀྱིས་མ་འོངས་པའི་གཡའ་དག་པའི་རང་དབང་གི་ནམ་མཁར་ངང་སྒུག་དང་རེ་སྨོན་འབྲི་བཞིན་ཡོད་པས། མ་འོངས་ལ་སྟ་གོན་བྱེད་ཚུལ་ཞིག་དང་རེ་སྨོན་བྱེད་སྟངས་ཤིག་ཡིན་ཞེས་བརྗོད་ན་མི་ཆོག་པ་མི་འདུག  དེ་ནི་མི་སོ་སོའི་སེམས་ན་རེ་སྨོན་གྱི་འཚོ་བ་ཞིག་དང་ཁྱིམ་གཞིས་དྲོན་མོ་ཞིག་ཡོད་སྲིད་པས། ངས་ཁོ་མོས་གློག་བརྙན་འདི་གདམ་ཀ་བྱེད་དོན་ལ་དམིགས་ཡུལ་ཞིག་འདུག་ཅེས་བརྗོད་པ་ཡིན།

        ངེད་གཉིས་ཀྱི་དོ་དགོང་གི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཡན་མན་ནས་གློག་བརྙན་འདི་ལ་ལྟ་མགོ་བརྩམས་པ་ཡིན། གློག་བརྙན་འདིར་ལྟ་བཞིན་པའི་བར་ནས་ངེད་གཉིས་ཀྱིས་གློག་བརྙན་གྱི་འཁྲབ་སྟོན་པ་གཙོ་བོ་མའོ་ཏའེ་དང་ཁོ་མོའི་ཁྱོ་ག་གཉིས་ཀྱི་སོ་སོའི་འཚོ་བ་དང་གཤིས་ཀ  ཀུན་སློང་སོགས་ཀྱི་ཐད་ནས་རང་དབང་གིས་ཁ་བརྡ་བྱས་པ་ཡིན།  ཁོ་མོས་ང་ལ་རྒྱ་ཡིག་གི་ལམ་ནས་གློག་བརྙན་གྱི་འཁྲབ་ཚིག་ཅིག་སྐུར་བྱུང་། (“唐硅훙였꼇발唐훙宅露꼇谿”མི་ཁ་ཤས་ཀྱིས་གཞན་དང་མི་འདྲ་བ་མཐོང་འདོད་མི་འདུག) ངས་སྐབས་དེར་ཁ་བརྡ་གཞན་ཞིག་གི་དབང་གིས་འདིའི་སྐོར་ནས་ཁོ་མོར་ལན་བྱིན་རྒྱུ་བརྗེད་སོང་། དེའི་རྗེས་ནས་མོས་ང་ལ་འཁྲབ་སྟོན་པ་མོ་ཏའེ་ཡི་ཁྱོ་ག་ལ་རྒྱ་ཡིག་ལམ་ནས(켕寮⻆廬禁)ཞེས་སྐུར་བྱུང་། ངས་ཐོག་དང་པོར་ཀུ་རེ་ཞིག་གི་ཚུལ་དུ་ངའི་གཤིས་ཀ་ཁོ་དང་ཅུང་འདྲ་འདུག་ཅེས་ལབ་པ་ཡིན།  སྤྱིར་འཁྲབ་སྟོན་པ་མའོ་ཏའེ་ཡི་ཁྱོ་ག་ནི་བསམ་བློ་དང་ཀུན་སློང་སོགས་འགལ་ཟླར་སྣང་བའི་མི་སྣ་ཞིག་ཏུ་ཆགས་འདུག   གཤིས་ཀའི་སྟེང་ནས་ངོ་མ་ཁོ་མོས་བཤད་པ་ནང་བཞིན་ཅུང་རྩུབ་མོ་དང་གྱོང་པོ་ཞིག་ཏུ་ཆགས་འདུག  ཡིན་ཡང་བསམ་བློ་དང་ཀུན་སློང་རྣལ་མ་ཅན་གྱི་སྐྱེས་པ་ཡ་རབས་དག་གི་ཁྲོད་དུ་རྩིས་ཆོག་པར་སྙམ།  གལ་ཏེ་ཁོ་རང་བསམ་བློ་དང་ཀུན་སློང་རྣལ་མ་ཅན་གྱི་མི་ཞིག་མིན་པའི་དབང་དུ་བཏང་ན་འཁྲབ་སྟོན་པ་གཙོ་བོ་མའོ་ཏའེ་ལ་འགུལ་རིས་སྣུམ་ཚོན་འབྲི་བའི་རི་མོ་བ་ཞིག་གི་ཕུགས་བསམ་མངོན་འགྱུར་གྱི་ཁོར་ཡུག་དེ་འདྲ་ཆགས་མི་སྲིད། རང་ཉིད་ཀྱིས་བསམ་ན་ཁྱོ་གའི་གཤིས་ཀ་ཅུང་རྩུབ་མོ་ཡིན་དོན་གཅིག་ནས་ཁོ་རང་མི་ལོ་བཞི་བཅུ་ལྷག་ལ་ཁང་མིག་གཉིས་ཅན་གྱི་སྡོད་ཁང་དེ་ནས་ཁེར་རྐྱང་ངང་འཚོ་བ་རོལ་བས་ཡིན་སྙམ། གཞན་ནས་ཉ་བ་ཞིག་ཡིན་པའི་ཆ་ནས་ཀྱང་ཡིན་འདུག་སྙམ།   མའོ་ཏའེ་ཡི་ལུས་པོ་སྟབས་བདེ་པོ་མིན་པས་ཕུ་བོས་ཁོ་ཚང་གི་ཁང་བ་བཙོང་ཞིང་མོ་རང་ཁྱིམ་ནས་སྒོ་ལ་ཕུད་རྗེས་མའོ་ཏའེ་ཁྱོ་ག་འདི་དང་ཁ་འཕྲད་པ་རེད། སྐབས་འདིར་ངས་བསམ་ན་གཏམ་རྒྱུད་འདི་ལ་ས་བོན་ནམ་རྨང་ཞིག་གཏིང་འགོ་བརྩམས་འདུག་སྙམ། འདི་ལྟར་བརྗོད་དོན་ཡང་།  གལ་ཏེ་མའོ་ཏའེ་ཡི་ཕུ་བོས་སྔར་བཞིན་ཁོ་ཚང་ནས་གནས་སྡོད་བྱེད་དུ་བཅུག་ན་མའོ་ཏའེ་ཡི་ལས་དབང་དང་མ་འོངས་ལ་འདི་འདྲའི་འགྱུར་ལྡོག་ཅིག་ཡོང་དཀའ་སྲིད་སྙམ། རྒྱུ་མཚན་གང་ཡིན་ཞེ་ན་མའོ་ཏའེ་སྔར་བཞིན་གནས་དེ་ནས་འཚོ་གནས་བྱས་ན་རི་མོ་འབྲི་བའི་ཁོར་ཡུག་མེད་པ་དང་མོ་རང་གི་ཁྱོ་ག་ཉ་བ་འདི་དང་འཕྲད་པར་ཡང་དཀའ་སྙམ།

        ཁོ་མོས“ཕུ་བོ་དེ་མི་ཁོ་ཆད་ཅིག་རེད” ཅེས་བཤད་བྱུང་། དེ་ཡང་མའོ་ཏའེ་ནི“བྱ་སྤྱོད་སྤེལ་ནུས་མེད་པའི་མི” “轟契槨콘제훙”ཞིག་ཡིན་ལ། ལྷན་སྐྱེས་རང་བཞིན་གྱི་གྲུམ་ནད་ཕོག་ཡོད་པས། འདིས་མོའི་མཛུབ་མོ་སྲ་རེངས་སུ་གྱུར་པ་མ་ཟད། འགུལ་སྐྱོད་ལ་བར་ཆེད་བཟོས་འདུག  ད་རུང་རྐང་བ་གཡས་པ་ཡང་ཞ་ཡོད་པས་བྱ་སྤྱོད་ཡ་མཚན་ཅན་ཞིག་ཏུ་མཐོང་ལ་མི་ཚང་མས་ནམ་ཀུན་ཁོ་མོར་ལྟ་ཚུལ་མི་ལེགས་པ་ཞིག་བཟུང་ནས་འདུག  ཕུ་བོས་སྒོར་མོའི་ཆེད་དུ་སྡོད་ཁང་བཙོངས་པས་ལོ30ལྷག་ཙམ་ལ་སླེབས་པའི་མའོ་ཏའེ་ཨ་ནེ་ཚང་དུ་མི་གཏོང་ཐབས་མེད་དུ་གྱུར། ཨ་ནེས་ཀྱང་ཁོ་མོ་གཉོར་སྐྱོང་བྱ་འདོད་མེད་ལ། ཁོ་མོར་ནམ་རྒྱུན་རྣམ་འགྱུར་ལེགས་པོ་ཞིག་ཀྱང་བསྟན་མ་མྱོང་། མའོ་ཏའེ་རང་ཉིད་ལ་མཚོན་ན་སྒེར་ཚུགས་ལ་དགའ་ཞིང་མོ་རང་ཉིད་ཀྱི་བསམ་བློ་དང་རང་ལ་འཚོལ་སྙེགས་ཀྱི་འཚོ་བ་ཞིག་ཡོད་པར་སྨོན་པས། ཨ་ནེ་ཚང་ནས་མ་བསྡད་པར་གཞན་པར་ཁྱིམ་གཡོག་མ“괏캠”བྱེད་པའི་ལས་ཀ་འཚོལ་དུ་སོང་། བར་ནས་ངས་ཁོ་མོར་ལན་དུ་དེ་ནི་གློག་བརྙན་འདིའི་རྒྱུན་སྐྱོང་ཕྱིར་མི་གཤིས་དང་བྱ་སྤྱོད་འདི་འདྲ་ཆེད་དུ་བཀོད་སྒྲིག་བྱས་པ་ཡིན་རྒྱུ་རེད་ཅེས་དང་། གལ་ཏེ་ཕུ་བོས་ཁོ་ཚང་གི་སྡོད་ཁང་སོགས་བཙོང་མེད་པའི་དབང་དུ་བཏང་ན། ཁོ་མོ་ཉ་བ་དེ་དང་འཕྲད་མི་སྲིད་ལ། ཁོ་མོའི་རི་མོ་སྒྱུ་རྩལ་གྱི་ལམ་བུ་འདི་འདྲ་ཞིག་ཡིན་པ་བཤད་ཁག་པོ་འདུག་ཅེས་བརྗོད་པ་ཡིན། ངས་འདི་ལྟར་བཤད་དོན་ཡང་གློག་བརྙན་འདིའི་ས་བོན་འདི་རེད་སྙམ་པ་ཡིན། དེ་ག་རེ་ཞེ་ན་ཕུ་བོས་ཁོ་གཉིས་ཀྱི་སྡོད་ཁང་བཙོང་བ་ནས་མོའི་ལས་དབང་ལ་བསྒྱུར་བཀོད་བཏང་བ་དང་འཚོ་བ་ལ་ཁ་ཕྱོགས་གཞན་ཞིག་བྱིན་པས་ཡིན། དེ་བས་འདི་ནི་གཏམ་རྒྱུད་ཀྱི་ས་བོན་ནམ་གློག་བརྙན་འདིའི་ས་བོན་རེད་ཅེས་བརྗོད་པ་ཡིན། དེ་མིན་མའོ་ཏའེ་ཕུ་བོ་དང་མཉམ་དུ་ཡོད་སྐབས་ཁོ་མོར་རི་མོ་འབྲི་བའི་ཁོར་ཡུག་ཅིག་མེད་པས་འབྲི་མོ་འབྲི་འདོད་ཀྱི་ཕུགས་བསམ་དང་དད་མོས། དགའ་ཞེན་ཡོད་ཀྱང་དེ་དག་ཡོད་ཚད་སྟོང་བ་ཞིག་རེད།

       ཁོ་མོས་ལན་དུ“འོན་ཀྱང་། གློག་བརྙན་ཡིན་ཡང་ཆོག དོན་དངོས་འཚོ་བ་ཡིན་ཡང་ཆོག ང་ཚོར་གལ་ཏེ་ཞེས་པའི་ཆ་འཇོག་འདི་མེད་པས་བརྒྱུད་རིམ་འདིར་མི་ཞུགས་རང་ཞུགས་རེད”ཅེས་སྨྲས་བྱུང་ལ།  ངས་ལན་དུ“འོ་ལེ། གློག་བརྙན་དང་སྒྲུང་གཏམ་སོགས་གང་ཡིན་ཡང་ང་ཚོ་དོན་དངོས་འཚོ་བ་མཚོན་བྱེད་ཀྱི་འདྲ་རིས་ཤིག་དང་ཨ་ན་མ་ན་རེད། མའོ་ཏའེ་ཡིས་བྲིས་པའི་འགུལ་རིས་སྣུམ་ཚིན་རི་མོ་ལྟ་བུ་ཞིག་རེད”ཅེས་བཤད།

1608717752136453.jpg

          ཁོ་མོས་ང་ལ་མའོ་ཏའེ་ཡི་ཕུ་བོས་ཁང་བ་སོགས་བཙོང་བ་ནི་སྐབས་དེའི“སྤྱི་ཚོགས་ཀྱི་བསྡུས་གཟུགས་ཤིག་རེད”ཅེས་བརྗོད་བྱུང་། ངས་ཕྱིར་དེ་ནི་ཁ་ན་ཏའི་རྒྱལ་ཁབ་ཀྱི་སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཤིག་ཡིན་སྲིད་སྙམ་ཞེས་བརྗོད་པ་ཡིན། སྐབས་དེར་ཁོ་མས་འདི་ལྟར་བརྗོད་པ་ན་མོ་རང་ལོ་རྒྱུས་ལ་དགའ་བ་དང་ད་སྐབས་ཞིབ་འཇུག་སློབ་མའི་ཆེད་ལས་ཀྱང་ལོ་རྒྱུས་ཡིན་པས་སྐད་ཆ་འདི་འདྲ་བརྗོད་པ་རེད་སྙམ་པའི་ཚོར་བ་ཞིག་བྱིན་བྱུང་། ཡིན་ཡང་ངས་སྐབས་འདི་ནས་རང་ཉིད་ལ་ལོ་རྒྱུས་ཀྱི་ཤེས་བྱ་དབེན་པས་གསལ་ཐག་ཆོད་པ་ཞིག་བཤད་དཀའ་འདུག མཐོ་འབྲིང་ནས་རང་ཉིད་ལོ་རྒྱུས་དང་རྒྱང་ཐག་རིང་དུ་ཕྱིན་སོང་ཞིང་། སྔོན་ཆད་ཅིག་ལ་ཨུ་ཚུགས་ཀྱིས་རྩིས་ཚན་ལ་འཇུས་པའི་ལོ་རྒྱུས་ཤིག་ཀྱང་རང་སྟེང་ན་ཡོད།   ཡིན་ཡང་བཤད་ཐུབ་པ་ཞིག་ལ་འདི་ནི་སྐབས་དེའི་ཁ་ན་ཏའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཆ་ཤས་ཤིག་ཏུ་བགྲང་ཆོག་པར་བསམ། དེ་གཅིག་གཙོ་བོ་མི་སྣ་འདི་གཉིས་ཀྱང་གློག་བརྙན་འདིའི་ནང་ནས་སྐབས་དེའི་སྤྱི་ཚོགས་ཀྱི་ཚབ་མཚོན་མི་སྣ་ཞིག་ཡིན་པ་མ་ཟད། གློག་བརྙན་གྱི་མི་སྣ་གཙོ་བོ་རེད། གློག་བརྙན་དང་སྒྲུང་གཏམ་གང་ཞིག་ལ་ཆ་མཚོན་ནས་བཤད་ན་མི་སྣ་གཙོ་བོ་རེ་གཉིས་ཤིག་གིས་སྐབས་དེའི་མི་སྣ་གང་མང་ཞིག་གི་བསྡུས་གཟུགས་མཚོན་ནས་ཡོད་པས་གློག་བརྙན་འདི་ཡང་དེ་ལས་མ་འདས།

      གློག་བརྙན་གྱི་མཚམས་འདི་ནས་ངེད་གཉིས་ཀྱིས་ཀྱང་རང་རང་ས་ནས་ནན་གྱིས་བལྟས་པ་ཡིན། གློག་བརྙན་གྱི་ཆེས་མཐའ་མཇུག་གི་སྐར་བཅུ་གྲངས་ལྷག་ཡོད་པའི་སྐབས་དེར་ཁོ་མས“གློག་བརྙན་འདི་སྐྱོ་གར་ཞིག་རེད”ཅེས་བརྗོད་བྱུང་།  “འོ་ལེ། སྤྱིར་མའོ་ཏའེ་ཡི་ལུས་ཕུང་སྟབས་བདེ་བོ་མིན་པ་མ་ཟད། དུས་རྒྱུན་ཁོ་མོས་དུ་བ་འཐེན་གྱིན་འདུག་པས་གྲུམ་ནད་ཇེ་སྡུག་རེད། ད་སོ་མར་མགོ་བརྩམས་པའི་ཆེས་སྤྱིར་བཏང་གི་བཟའ་མི་གཉིས་ཀྱི་བདེ་སྐྱིད་དེ་ཡང་ཁོ་མོ་ནས་ཆེས་མི་འདོད་པའི་སྐྱོ་སྐར་ཞིག་ཏུ་གྱུར།”ངོ་མ་དེ་འདྲ་ཞིག་ཏུ་ཆགས་འདུག མོ་ཏའེ་ཡིས་འཚོ་བ་གསར་བ་ཞིག་དང་ཕུགས་བསམ་གྱི་ཁྱིམ་གཞི་ཞིག་རྙེད་ནས་ཡུན་རིང་མ་འགོར་བར་ཁོ་མོ་ཡང་མི་འདོད་ནད་ཀྱི་དབང་གིས་རེ་ཞིག་མི་ཡུལ་གྱི་ཆེས་སྙིང་ཉེ་བའི་ཁྱོ་ག་དང་ཁོ་མོའི་ཕུགས་བསམ་ལ་མཚམས་བཞག་ནས། གྱེས་བྲལ་གྱི་ཁ་ཆེམས་ཤིག་མི་འཇོག་དཀའ་མེད་དུ་གྱུར། དེ་བས་འདི་ནི་སྐྱོ་གར་ཞིག་རེད་ཅེས་བརྗོད་པ་ཡིན། འདི་ཡང་གློག་བརྙན་འདིའི་ཆེས་ཡིད་སྐྱོ་བའི་བརྙན་མིག་གཅིག་རེད། འདི་ནི་གློག་བརྙན་རང་སྟེང་ནས་བརྗོད་པ་ཡིན། ཞིབ་ཕྲ་ནས་མི་སྒེར་ལ་བབས་ཏེ་མའོ་ཏའེ་རང་སྟེང་ལ་ཆ་བཞག་ན་དཔའ་ངར་ཞུམ་མེད་ཀྱིས་རང་ཉིད་ཀྱི་འཚོ་བ་ལ་རེ་བ་ཆེན་པོ་བཏོན་ཡོད་ལ། གློག་བརྙན་འདིར་མོ་རང་ལ་འཁྲབ་ཚིག་མང་པོ་མེད་ཀྱང་། འགུལ་སྐྱོད་ཀྱི་མིག་མདངས་དང་། སྐད་ཆ་ཁ་ཤས། ཡན་ལག་གི་སྐད་ཆ་བཅས་ཀྱིས་མི་སྣའི་སེམས་ཁམས་དང་གློག་བརྙན་གྱི་ཁམས་ལ་འགྱུར་བ་བཏང་འདུག (མོ་ཏའེ་ཡི་གོམ་པ་སྤོ་དཀའ་བའི་རྣམ་པ་དང་། རི་མོ་འབྲི་སྐབས་ཀྱི་མཛུབ་མོའི་མཁྲེགས་པ། མི་རེ་རེ་ལ་འཕྲད་པའི་རྣམ་འགྱུར) མའོ་ཏའེ་ཁོ་མོར་མཚོན་ན་མི་ཚེ་ཧྲིལ་བོ་སྐྱིད་སྡུག་གིས་བརྩམས་ཤིང་། མཇུག་མཐར་ཁོ་མོས་རང་ཉིད་ཀྱིས་བསྒྲུབ་འདོད་པ་དག་འགྲུབ་སོང་བས་འདི་ནི་མི་མང་བོ་ཞིག་ལས་ཆེས་བདེ་སྐྱིད་ལྡན་པ་དང་ཁོ་མོར་མཚོན་ན་མི་ཚེ་ཧྲིལ་བོའི་རྒྱལ་ཁ་ཞིག་ཏུ་རློམ་ཆོག་ཆོག་ཡིན།

          ཁོ་མོས་ང་ལ“륫寧학,떼성굳움냥寧류뺌”ཞེས་པ་འདི་སྐུར་བྱུང་། འདི་ནི་གློག་བརྙན་ཁྲོད་ཀྱི་མའོ་ཏའེ་ཡི་སྐད་ཆ་ཞིག་རེད། སྐབས་དེར་ངས་ཅི་ཡང་བཤད་མ་ཤེས་པས་ལན་བྱིན་མ་སོང་།  འདི་ནས་གློག་བརྙན་ཧྲིལ་བོར་ཕྱིར་དྲན་ཞིག་བྱས་ན་མའོ་ཏའེ་ཡི་མི་ཚེ་ཕྱེད་ཀ་ཁོ་མོའི་ཁྱོ་ག་ཨའེ་ཧྥུ་ལེ་ཐེའི་དང་མཉམ་དུ་ཁང་མིག་ཆུང་བ་གསུམ་དང་ཤིང་གི་མལ་ཁྲི་ཆུང་ཆུང་ཞིག་ནས་བུད་སོང་། ཡིན་ཡང་ཁོ་གཉིས་གཅིག་གིས་གཅིག་ལ་ཤིན་ཏུ་སྙིང་ཉེ་ལ་ཁྱིམ་འདི་ལ་ཧ་ཅང་གཅེས། ཁོ་གཉིས་ཀྱིས་ཁང་མིག་ཆུང་ཆུང་འདི་དྲོད་སོབ་སོབ་ཅིག་ཏུ་བཏང་ནས། གྱང་དང་སྒེའུ་ཁུང་། སྒོ་བཅས་གང་ཡིན་རུང་ཁོ་མོས་རི་མོ་འབྲི་ཐུབ་ས་ཚང་མར་ཚོན་མདངས་རྣམ་པར་བཀྲ་ཤིང་ཡིད་དུ་འོང་བའི་ཡུལ་ལྗོངས་དང་མེ་ཏོག་སྣ་ཚོགས་བྲིས་ནས་ཡོད། མའོ་ཏའེ་ལ་འཕྲད་པའི་དཀའ་ཁག་ཡོད་ཚད་ཀྱིས་ཁོ་མོས་འཛམ་གླིང་གི་བསམ་པའི་འགོད་ཤུགས(拳蹶제)འབྲི་བ་རྐྱེན་གང་མང་འདུག ད་སྔའི་སྤྱི་ཚོགས་ཀྱི་ཁྲོད་ནས་མའོ་ཏའེ་ནི་ཁ་ན་ཏའི་དམངས་ཁྲོད་སྒྱུལ་རྩལ་མཁན་གྱི་གྲས་སུ་ཚུད་ཡོད། དེ་བས་ཁོ་མོར་མཚོན་ན་འཚོ་བ་ཡོད་ཚད་སྒྲོམ་གཞི་ཅན་གྱི་རི་མོ་ཞིག་རེད།  ཁོ་མོར་མཚོན་ན་འབྲི་མོ་འབྲི་བ་ནི་འཇིག་རྟེན་ལ་ཁ་བརྡ་བྱེད་ཚུལ་ཞིག་གཞན་ཞིག་དང་། ན་ཟུག་གང་མང་ཞིག་ཁ་བ་ལྟར་ཞུ་རུ་འཇུག་སྟངས་ཤིག་རེད། ཡང་ཅིག་བཤད་ན་ཆེས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཚུལ་ཞིག་ཀྱང་རེད།

1608717790287323.jpg

         ཁོ་མོས་ང་ལ“ངས་བལྟས་ན་མི་དང་མིའི་བར་གྱི་འབྲེལ་བ་ནི་སེམས་ཀྱི་ཚུར་སྣང་ཞིག་ཡིན་པ་གལ་ཆེ་སྙམ། ལྷད་མེད་པའི་བརྩེ་བ་དང་བྱམས་སེམས། སེམས་ཤེས་སོགས་ཀྱིས་ཕན་ཚུན་གྱི་བར་ཐག་ཇེ་ཉེར་གཏོང་བཞིན་འདུག་སྙམ།” “ཁོ་མོ་རི་མོ་ལ་དགའ་བ་དང་མོའི་ཁྱོ་ག་ལ་བརྩེ་བ་ཆེ་བ་གཅིག་འདྲ་རེད། ཁྱོ་ག་ལ་བརྩེ་བས་ད་གཟོད་རི་མོ་ཡག་པོ་འབྲི་ཐུབ་སོང་སྙམ”ཞེས་བརྗོད། ངས་ཀྱང“དེ་རེད། མི་གཉིས་ཀྱི་འབྲེལ་བ་ལས་ཆེས་གལ་ཆེ་བ་ནི་སེམས་ཀྱི་ཚུར་སྣང་རེད། རྒྱའི་སྙན་ངག་ཅིག་ཏུ་ཡང་དེ་འདྲ་བྲིས་ཡོད་མོད། ད་མྱུར་མོར་ངའི་ཡིད་ལ་མི་དྲན་མོད་ནང་དོན་དེ་འདྲ་ཞིག་ཡིན། ལྷད་མེད་པའི་བརྩེ་བའི་སྟེང་ནས་བྱམས་བརྩེ་དང་ཕན་ཚུན་ལ་བསམ་ཤེས་བྱེད་རྒྱུ་གལ་ཆེ་སྙམ” “འོ་ལེ། ཁྱོ་ག་དེར་གཤིས་ཀ་རྩུབ་མོ་ཞིག་ཡོད་ཀྱང་སེམས་པ་དང་ཀུན་སློང་རྣལ་མ་ཞིག་ཡོད་པ་མ་ཟད། འགན་འཁྲི་ཡི་འདུ་ཤེས་ཀྱང་གསལ་བོ་འདུག   གལ་ཏེ་ཁོ་མོའི་ཕུ་བས་ཁོ་མོ་སྒོ་ལ་ཕུད་མེད་ན་མོ་ཡང་ཉ་བ་དང་འཕྲད་མི་དཔེ། དེར་མ་ཟད་ཁོ་མོའི་སྣུམ་ཚོན་རི་མོའི་སྒྱུ་རྩལ་གྱི་ཕུགས་བསམ་འགྲུབ་མིན་བཤད་དཀའ་མོ་རེད”ཅེས་བཤད་པ་ཡིན། མའོ་ཏའེ་མོ་རང་ཨ་ནེ་ཚང་ནས་ཕྱིར་འབུད་དོན་ཁོ་མོས་རང་ལ་དབང་བའི་འཚོ་བ་ཞིག་འཚོལ་བསམ་པ་དང་རང་ཉིད་མི་ངོ་མ་ཞིག་བྱེད་འདོད་པས་རེད། དེ་བས་མོས་བརྡ་སྦྱོར་གྱི་ནག་པང་སྟེང་དུ་ཁྱིམ་གཡོག་མའི (괏캠)ལས་ཀ་འཚོལ་བའི་སྐབས་དེར་ཁོ་མོའི་ཁྱོ་ག་ཨའེ་ཧྥུ་ལེ་ཐེའི་ཡིས་ཀྱང་ཁྱིམ་གཡོག་མ་ཞིག(괏캠)འཚོལ་གྱིན་འདུག སྐབས་དེར་ཁོ་མོས་ཁ་ཅི་ཡང་མ་གྲག་པར་ཁོའི་རྗེས་དེད་ནས་ཁྱིམ་དུ་ལོག སྐབས་ཐོག་དེར་ཁོས་དང་ལེན་མི་བྱེད། ཡིན་ཡང་མའོ་ཏའེ་ཨུ་ཚིགས་ཀྱིས་ཁོ་སར་བསྡད་པས་ཁོ་ལ་ཡང་བྱ་ཐབས་གཞན་མ་བྱུང་།  ཨེ་ཧྥའུ་ལའེ་ཐེ་ནི་ཡུལ་འཁྱམས་ཀྱི་ཉ་བ་ཞིག་ཡིན་ལ། ལོ་མང་རིང་ཁེར་རྐྱང་དང་ཁེར་སྡོད་བྱས་པས་སྨྲ་བ་ཉུང་ལ་གཤིས་རྒྱུད་རྩུབ་པའི་མི་ཞིག་ཏུ་ཆགས།

          གློག་བརྙན་ཁྲོད་ང་ལ་བག་ཆགས་ཆེས་ཟབ་པའི་སྣང་བརྙན་ནི་དགུན་གཞུང་དེར་ཁ་བའི་ཁྲོད་ནས་མའོ་ཏའེ་ཡི་ཁྱོ་གས་ཁོ་མོ་ཤིང་རྟ་འཁོར་ལོ་གཅིག་ཅན་ཞིག་གི་ནང་དུ་དྲུད་ནས་ཡོང་བའི་རྣམ་པ་དེ་རེད། “ཁ་བ་ལྟར་དཀར་ཞིང་གཙང་བའི་མའོ་ཏའེ་ཁྱོ་ཤུག་གཉིས་ཀྱི་བརྩེ་དུང”

    ཁོ་གཉིས་གཉེན་སྒྲིག་བྱས་པ་ན་མའོ་ཏའེ་ཡིས་ཁྱོ་ག་ལ་ཉ་བཙོང་རོགས་དང་ཁོ་མོ་ཁོམ་སྐབས་ཡིད་ཏུ་འོང་བའི་ཚོན་དག་གིས་ཁང་མིག་གི་གང་སར་མེ་ཏོག་དང་བྱིས་པ་ཆུང་ཆུང་སོགས་བྲིས། མཐའ་ན་མའོ་ཏའེ་ཡིས་མེ་ལོང་དང་སྒེའུ་ཁུང་གི་དྲ་མ་སོགས་ཀྱི་སྟེང་དུ་རྣམ་པར་མཛེས་པའི་མེ་ཏོག་དང་ཡལ་ག་དག་གིས་རྒྱན། དུས་རྒྱུན་མའོ་ཏའེ་ཡི་ཁྱོ་ག་གཤིས་རྒྱུད་གྱོང་ལ་སེར་སྣ་ཆེ་ཡང་། མའོ་ཏའེ་ལ་གང་སར་རི་མོ་འབྲི་རུ་བཅུག་པ་དང་ཁོས་བཟུང་ཡོང་བའི་ཉ་དག་བཙོང་ནས་མའོ་ཏའེ་ལ་རི་མོ་འབྲི་བྱེད་ཀྱི་སྨྱུ་གུ་དང་ཚོན་རྩི་སོགས་ཉོས། སྐབས་འདིའི་རྣམ་པ་ནི་ཁོ་མོས་ང་ལ་བཤད་པའི་མི་དང་མིའི་འབྲེལ་བ་ནི་སེམས་ཀྱི་ཚུར་སྣང་ཞིག་རེད་ཅེས་པ་འདི་འདྲ་ཞིག་ལ་ཆགས་འདུག་སྙམ་བྱུང་།

        “ངས་ཁྱེད་ཆུང་མར་བརྩི་ནས་ཡོད་”དང“ཁྱོད་ཀྱིས་ལྟོས་དང་། མོ་ཅི་འདྲའི་མཛེས་ཨང་།” འདི་ནི་མའོ་ཏའེ་ཡི་ཁྱོ་གས་ཁོ་མོར་བཤད་པའི་ཆེས་ཞི་འཇམ་གྱི་སྐད་ཆ་དང་ཆེས་ལྷག་བསམ་རྣམ་དག་གི་སྙིང་གཏམ་རེད།  མའོ་ཏའེ་ཡི་ཁྱོ་གས་དག་དག་ཁོ་མོར་བཅིངས་པའི་ཡིད་ཆེས་དང་རེ་སྨོན་ཅི་ཙམ་ཡོད་པ་གབ་སྦས་ཀྱི་རང་བཞིན་ཅན་ཞིག་ཏུ་ཆགས་འདུག ནམ་རྒྱུན་མའོ་ཏའེ་ཡི་ཁྱོ་ག་ནི་སྐད་ཆ་ཉུང་ཞིང་གདོང་ལ་འཛུམ་གང་ཡང་མེད་པའི་མི་ཞིག་ཡིན་པས་བལྟས་ཚོད་ཀྱིས་མའོ་ཏའེ་ལ་སྙིང་ཉེ་ཉེ་བྱེད་ཀྱིན་མེད་པའི་ཚོར་བ་ཞིག་སྟེར་ཡོང་།

1608717829391976.jpg

         ངས་མའོ་ཏའེ་ཁྱོ་ག་འདི་དང་མ་འཕྲད་ན་ཁོ་མོའི་རྨི་ལམ་ཁྲོད་ཀྱི་མི་དེ་བྱེད་ཐུབ་མིན་དཀའ་འདུག་ཅེས་བརྗོད་པ་ཡང་འདི་འདྲ་ཞིག་གི་དབང་གིས་ཡིན། མའོ་ཏའེ་ཡི་ཁྱོ་ག་ཨེ་ཧྥེ་ལེ་ཐིས་ཡིས་ཁོ་མོ་རང་ཉིད་བྱེད་ཐུབ་པ་ལ་རྒྱབ་སྐྱོར་དང་སེམས་ཤུགས་གང་མང་ཞིག་ཤུགས་ནས་སྦྱིན་སོང་སྙམ། འདི་ལྟར་བརྗོད་དོན་ཡང་ཨེ་ཧྥེ་ལེ་ཐི་ཡིས་ཆུང་མས་ཅི་ཞིག་འབྲི་བཞིན་པ་མི་ཤེས་མོད། ཨེ་ཧྥེ་ལེ་ཐི་ནི་ཆུང་མར་གཅེས་པའི་འགན་ཁྲི་ཅན་གྱི་སྐྱེས་པ་རྣལ་མ་ཞིག་རེད། ཁོས་ཁ་ནས་མའོ་ཏའེ་ལ་ངོ་རྒོལ་བྱེད་པའི་སྐད་ཆ་བཤད་ཀྱང་། བྱ་སྤྱོད་ཀྱི་སྟེང་ནས་དོན་འཁྱོལ་བ་ཅན་ཞིག་ཡེ་ནས་མིན། ཡོད་ཚད་མའོ་ཏའེ་ཡི་འདོད་མོས་ལྟར་བསྒྲུབས། གོང་ནས་བཤད་པ་ལྟར་ཁོར་སེར་སྣ་ག་ཙམ་ཡོད་ཀྱང་སྒོར་མོ་བཀོལ་ནས་ཆུང་མ་ལ་ཚོན་རྩི་སོགས་ཉོ། འདི་ནི་ཁྱོ་ཤུགས་གཉིས་ཀྱི་བདེ་སྐྱིད་རེད་ལ་འདི་ནི་ཆེས་ལྷག་བསམ་རྣལ་མའི་བརྩེ་དུང་རེད།

        བརྩེ་དུང་དེའི་ཆེད་དུ་མའོ་ཏའེ་ནི་ཨེ་ཧྥེ་ལེ་ཐའི་ཆུང་མར་གྱུར་ལ། བརྩེ་དུང་དེའི་ཆེད་དུ་མའོ་ཏའེ་སྐད་གྲགས་ཆེ་བའི་རི་མོ་བ་ཞིག་ཏུ་ཆགས། བརྩེ་དུང་དེའི་ཆེད་དུ་ཁོ་མོར་དད་མོས་ཤིག་ཆགས་ལ་རེ་སྨོན་ཞིག་ཐོབ། ལྷག་བསམ་རྣལ་མའི་བརྩེ་དུང་དེ་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ལ།  བརྩེ་དུང་དེ་ཅི་འདྲའི་རླབས་ཆེན་ཞིག་རེད།

       འདི་ནས་ངེད་གཉིས་ཀྱིས་ཀྱང་གློག་བརྙན་གྱི་སྐོར་ནས་དྲ་ལམ་ཁག་གི་དཔྱད་བརྗོད་འགའ་ལ་མཉམ་རོལ་བྱས་པ་ཡིན།  ཡིན་ཡང་ཚང་མ་རྒྱ་ཡིག་གི་ལམ་ན་ཡོད་པ་མ་ཟད་མང་ཤས་གོང་ནས་བརྗོད་ཟིན་པས་བསྐྱར་དུ་གླེང་བར་མི་བྱ།

          གློག་བརྙན་འདིར་བརྩེ་དུང་གི་འགལ་འདུ་དྲག་པོ་མེད་ཀྱང་། ལྷག་བསམ་ཟོལ་མེད་ཅིག་ཡིན་ལ། སྐྱོ་སྣང་ཁྲོད་ནས་རེ་བ་སྐྱེས་བྱུང་། སེམས་པ་དྲོད་ཁོལ་གྱིས་འཁྱིལ། གང་ལེགས་ཤེ་ན་མོ་ཏའེ་ལ་ནམ་ཡང་ཁོ་མོར་དབང་བའི་སྨྱུ་གུ་དང་ཤོག་བུ་དེ་དག་ཡོད་ལ། མེ་ཏོག་དང་འདབ་ཆགས་ཀྱི་ཁ་དོག་རྣམ་པར་བཀྲ་བའི་ཁང་མིག་ཆུང་ཆུང་ཞིག་ཡོད། ད་དུང་ནམ་ཡང་ཁོ་མོར་སྙིང་ཉེ་ཉེ་བྱེད་མཁན་གྱི་ཁྱོ་ག་རྣལ་མ་ཞིག་ཡོད།  ཡིན་ཡང་གཏམ་རྒྱུད་ཀྱི་མཇུག་འབྲས་ནི་ང་ཚོའི་རེ་སྨོན་བཞིན་དེ་འདྲའི་ཕུན་སུམ་ཚོགས་པ་ཞིག་མ་ཡིན་ཏེ། ཁོ་མོ་རི་མོ་བ་མིང་གྲགས་ཅན་ཞིག་ཏུ་གྱུར་པ་མ་ཟད་ཁྱོ་ག་ཡང་དབུལ་ཕོངས་ཀྱི་འཚོ་བའི་ཁྲོད་ནས་བསྐྱབས་མོད།  ཆེས་མཇུག་མཐར་མའོ་ཏའེ་ནད་རྙིང་དེའི་དབང་གིས1970ལོར་མེ་ཏོག་སེར་ཆེན་སད་ཀྱིས་བཅོམ་སོང་བ་བཞིན་ཚེ་ལས་འདས་སོང་།


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 


དཔྱད་མཆན་ཡོད།