འདི་འདྲི་བརྗོད་བྱ་འདྲ་མིན་སྣ་ཚོགས་བཀོད་ནས་
བརྙན་འཕྲིན་ཐུང་ཐུང་མང་པོ་འཁྲབ་སྟོན་བྱ་བཞིན་
ཡོད་པ་ཧ་ཅང་བཟང་གི་འདོད་བྱུང་། འོན་ཀྱང་
མི་བཟང་ས་ཞིག་ནི་བརྙན་ཐུང་མང་པོ་ཞིག་གི་བརྗོད་བྱ་
ཕོ་མོའི་བརྩེ་དུང་ཁོ་ན་ཡིན་པ་མི་བཟང་གི་བསམ་བྱུང་། རབས་ཡིན་ན་
བརྗོད་བྱ་བོད་ཀྱི་སྤྱི་ཚོགས་གནས་བབས་དང་མདུན་ལམ་
ལ་འབྲེལ་བ་དམ་ཟབ་ཡོད་ན་ལྷག་དུ་བཟང་གི་སྙམ་བྱུང་།
ལྷག་པར་དུ་དེང་སང་གི་སྤྱི་ཚོགས་ཀྱི་གནས་བབས་དང་ཁ་ཕྱོགས་
ལ་འཚམ་ན་བཟང་གི་འདོད་བྱུང་། ༼བསམ་བློ་དང་ལྟ་ཚུལ་གྱི་ཕྱོགས།༽
གཞན་པ་ཞུ་རྒྱུ་ཞིག་ལ་བརྙན་འཕྲིན་གཞུག་དུ་དེང་མ་བརྙན་འཕྲིན་
ཐོག་མར་འཁྲབ་སྟོན་བྱེད་དུས་ཀྱི་ཡུལ་དངོས་ཀྱི་གནས་ཚུལ་གཞུག་དུ་མ་བཀོལ་
ན་ལེགས་པར་སྙམ།
རྒྱ་ནག་གི་གྲོང་ཁྱེར་སོ་སོ་ན་སྡོམ་རྒྱུད་ལུང་མེད་ཀྱི་བསྟན་དགྲ་མང་པོ་དང་རྡོ་ལྕགས་རྒྱན་དུ་ངོམ་པའི་ཀླད་རྙིང་བྱིས་བློ་དག་གི་སྣང་བརྙན་ལ་འཁྲབ་ཁྲིད་རེ་བྱེད་ཐུབ་ན་དེ་ལས་ཀྱང་ཕན་ཐོགས་ཆེན་པོ་ཡོད་བསམ་གི དཔེར་ན། ང་ཚོས་བལྟས་ཟིན་པའི་"བྱུ་རུའི་སྐེ་རྒྱན"ལྟ་བུ་ལ་ལྟོས་ན་གོ་ཐབུ་གི