བདག་ཉིད་ཕྱི་ཡིག་ལ་རབ་ཏུ་རྨོངས་པས། གོང་གསལ་གྱི་མིའི་མིང་དང་གློག་བརྙན་གྱི་མིང་དག་རྒྱ་འགྱུར་ལས་བསྒྱུར་བ་དང་། དེ་བཞིན་རྒྱ་འགྱུར་ལ་ལ་ཡང་འགྱུར་མང་པོ་འདུག་པས། གློག་བརྙན་དག་ལ་ཞིབ་ཏུ་གཟིགས་ཏེ་ནང་དོན་ལ་བསྟུན་ནས་བོད་སྐད་ལ་ཅུང་བདེ་བར་འདོད་པ་དེ་བཀོག་བ་ཡིན་ལགས། ཞོར་དུ་ཉིད་ཀྱི་སློབ་སྟོན་ཡང་སེམས་སུ་བཟུང་ཡོད་དོ།།
ཞ་རུང་ཁན་ཟེར་བ་སྒྲ་མ་དག་སྟེ། རྒྱ་གར་གྱི་སྐད་དོད་དུ་ ཤཱ་རུ་ཁན་ཞེས་འབྲི་ན་བཟང་།
Mohabhatein ཞེས་པ་ནི་རྒྱ་གར་ཨུ་ཏུའི་ཚིག་གམ་ཁ་ཆེའི་སྐད་ཡིན་པས་དེའི་དོན་ནི་༼བརྩེ་དུང་།༽ཞེས་པའི་དོན་འབའ་ཞིག་ལས་༼དུངས་བ་ངོ་མ་གཏན་དུ་གནས།༽ཞེས་པའི་དོན་ཡེ་ནས་མིན།
རྒྱ་ཡིག་བཞིན་མ་སྒྱུར་རོགས།