«ཐར་ལོ»མདང་དགོང་པེ་ཅིང་གི་བྷི་རོ་ཌི་ཝེ(Broadway)ནས་བསྟན།

 


     640-1.jpg

     མདང་དགོང་སྟེ།  སྤྱི་ཟླ་བཅུ་བའི་ཚེས་ཉི་ཤུ་དྲུག་གི་ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་། པད་མ་ཚེ་བརྟན་གྱི་བརྙན་རིང་ལྔ་བ་ཐར་ལོ་ཞེས་པ་པེ་ཅིང་གི་当代MOMA ཞེས་པའི་བྷི་རོ་ཌི་ཝེའི་གློག་བརྙན་ཁང་དུ་བསྟན། ལྟད་མོ་བ་བརྒྱ་ཕྲག་ལྷག་འཛོམས་ཤིང་། གློག་བརྙན་བསྟན་ཚར་རྗེས་འཁྲབ་ཁྲིད་པ་ཁོ་རང་ཉིད་དང་། སྒྲ་ལེན་པ་གདུགས་དཀར་ཚེ་རིང་། འཁྲབ་སྟོན་གཡང་ཕྱུག་འཚོ་སོགས་སྟེགས་བུར་བུད་ནས་ལྟད་མོ་དང་དང་གླེང་གཞི་སྣ་ཚོགས་ཐད་བགྲོ་གླེང་བྱས།

2.pic.jpg

3.pic.jpg

 
      ཤེས་གསལ་ལྟར་ན། འདི་ནི་ཀྲུང་གོའི་ནང་ལོགས་ནས་བསྟན་པ་ཐེངས་དང་པོ་ཡིན་ཞིང་། གློག་བརྙན་འདི་དག་རིམ་བཞིན་ཨོ་སི་ཁྲུ་རི་ལི་ཡའི་གློག་བརྙན་དུས་ཆེན་དང་ཐེ་ཝན་གྱི་གློག་བརྙན་དུས་ཆེན་སོགས་སུ་ཡང་རིམ་པར་ཞུགས་རྒྱུ་རེད་འདུག

      ཐར་ལོ་ཞེས་པའི་གློག་བརྙན་ནང་དུ་ཆེས་སྤྱིར་བཏང་གི་བརྩེ་དུངས་གཏམ་རྒྱུད་ཅིག་བརྗོད་ཡོད།   ཐར་ལོ་ནི་ལུག་རྫི་ཞིག་གི་མིང་ཡིན་ལ།   ཁོ་ནི་ཁེར་རྐྱང་གི་རྫི་བོ་ཞིག་ཀྱང་ཡིན།  ཁོའི་དྲན་པ་ནི་ཧ་ཅང་གསལ་བས་རྒྱ་སྐད་ཀྱི་ལམ་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་ཞེས་པའི་རྩོམ་ཡིག་འདི་བློ་ངོ་ནས་ཆུ་བཞུར་བ་ལྟར་སྐྱོར་ཐུབ་ནའང་།   ཐར་ལོ་ཞེས་པའི་རང་མིང་བརྗེད་ངེས་སུ་ཁྱེར་ཡོད་པ་ཞིག་རེད།  ཁོ་ལ་ཐོབ་ཐང་ལག་ཁྱེར་མེད་པས།  གྲོང་ཁྱེར་དུ་སོང་ནས་ཐོབ་ཐང་ལག་ཁྱེར་སྒྲུབ་དགོས།  ཁོས་ཕོ་མོའི་བར་གྱི་བརྩེ་དུངས་བརྒྱུད་མ་མྱོང་བས།   སྐྲ་བཀྲུ་བའི་གོ་རིམ་ཁྲོད་སྐྲ་བཞར་བུ་མོ་ཞིག་གི་དགའ་རོགས་སུ་གྱུར།   ཁོས་རང་ཉིད་མི་བཟང་བོ་ཞིག་ཡིན་པར་དོགས་པ་ཟ་བཞིན་ཡོད་ལ།  “མི་བཟང”དང“མི་ངན”གྱི་དབྱེ་བའང་གསལ་ཁ་དོད་པོ་ཞིག་འབྱེད་ཤེས་ཀྱི་མེད།
      གློག་བརྙན་འདིའི་བརྙན་ཕབ་པ་ནི་ཨུ་རུ་སི་ནས་སློབ་གཉེར་ཕྱིན་ཏེ་འོང་བའི་ལོའུ་སུང་ཡའེ་ཡིན།   དེ་མིན་བོད་ཁུལ་ན་མིང་དུ་གྲགས་པའི་སྒྱུ་རྩལ་བ་ཞི་བདེ་ཉི་མ་ཐར་ལོའི་ཆས་སུ་ཞུགས་ཡོད་ལ། གཡང་ཕྱུག་འཚོ་ཡིས་གློག་བརྙན་ཁྲོད་ཀྱི་སྐྲ་བཞར་བུ་མོ་འཁྲབ་ཡོད།

640.jpg


 ཐར་ལོ་དང་འབྲེལ་བའི་གནས་ཚུལ་དེ་ལས་མང་པོ་ཤེས་འདོད་ན། ང་ཚོའི་དྲ་བའི་ཁག་སོ་སོར་བཙལ་ཆོག


 

དཔྱད་མཆན་ཡོད།