གློག་བརྙན་མུན་པ་མདོ་སྨད་ཁྱུང་མཆུ་ནས་ཕབ་སྐྲུན་བྱེད་མགོ་བརྩམས།
གློག་བརྙན་མུན་པ་ཡི་འཁྲབ་གཞུང་དང་འཁྲབ་ཁྲིད་ཀྱི་གཙོ་འགན་པ་འཁྲབ་ཁྲིད་པ་དགྲ་འདུལ་ཡིན་ལ། གློག་བརྙན་འདི་ལོ་ངོ་གསུམ་གྱི་རིང་ལ་རྒྱུ་ཆ་འཚོལ་བསྡུ་དང་འཁྲབ་གཞུང་བཅོས་སྒྲིག་བཅས་ཀྱི་ལས་ཀ་བླ་ལྷག་སྒྲུབ།
གློག་བརྙན་མུན་པ་ནི་དེང་རབས་འབྲོག་ལས་དང་འབྲོག་པའི་རིན་ཐང་ལྟ་བའི་འཕེལ་འགྱུར་དང་འགལ་འདུ་མཚོན་པའི་དགོང་མོ་མུན་རུབ་ཁ་ནས་ནངས་མོ་སྐྱ་མདའ་བར་བྱུང་བའི་གཏམ་རྒྱུད་ཅིག་ཡིན།
འཁྲབ་ཁྲིད་པ་དགྲ་འདུལ་གྱི་ལོ་ངོ་འདི་དག་གི་རིང་ལ་MVབརྩམས་ཆོས་སུམ་བརྒྱ་ལྷག་ཕབ་སྐྲུན་བྱས་ཡོད་ལ།བདེ་བླག་ངང་གཞས་པ་གཞས་མ་མང་ཙམ་གསོ་སྐྱོང་གནང་། ཁོང་གི་གློག་བརྙན་བརྩམས་ཆོས་དག་ལ་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་གློག་བརྙན་དུས་སྟོན་དང་། CCTVསྐར་འོད་བྱ་དགའ་སོགས་རྒྱལ་ཕྱི་ནང་ནས་དགའ་རྟགས་གང་མང་ཐོབ། ཁོ་རང་པེ་ཅིན་གློག་བརྙན་སློབ་གླིང་དང་། ནུས་ཡོར་ཁུ་གློག་བརྙན་སློབ་གླིང་བཅས་ནས་སློབ་སྦྱོང་བྱས་རྗེས།༢༠༡༦ལོའི་ཟླ་༧པར་ཕྱིར་ཕ་ཡུལ་དུ་ཕྱིན་དེ་སྦྲ་ནག་གློག་བརྙན་ལྟེ་གནས་གཟབ་རྒྱས་ངང་མདོ་སྨད་ཁྱུང་མཆུ་རུ་བཙུགས། ང་ཚོས་མི་མཐུད་དུ་འཁྲབ་ཁྲིད་པ་དགྲ་འདུལ་གྱི་བརྩམས་ཆོས་གསར་བ་མུན་པ་རྒྱལ་སྤྱིའི་སྟེང་འབྲས་བུ་ཡག་པོ་ལེན་པར་རེ་སྒུག་བྱེད།
དཔྱད་མཆན་ཡོད།