འཇམ་དབྱངས་སྦྱིན་པའི་བརྙན་ཐུང་«ཏ་ཆུང»ཞེས་པ་བཟོས་གྲུབ་འདུག

1523027149521975.jpg

བརྙན་ཐུང་«ཏ་ཆུང»ཞེས་པ་འདི་ནི་གཞོན་སྐྱེས་ཉི་མ་ཕ་ཡུལ་དང་ཁ་བྲལ་བའི་སྐྱོ་གདུང་དང་བརྩེ་དུང་གི་གཏམ་རྒྱུད་ཅིག་སྟེ། གློག་བརྙན་འདི་ནི་ཨ་རིར་གནས་སྡོད་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་དོན་དངོས་ཀྱི་བྱུང་བ་ལ་གཞི་བཅོལ་ནས་འཁྲབ་གཞུང་བརྩམས་ལ། ཁོ་རང་གིས་འཁྲབ་ཁྲིད་དང་འཁྲབ་སྟོན་སོགས་བྱས་པ་ཞིག་ཡིན། བདེ་ཆེན་འཚོ་ཡིས་འཁྲབ་སྟོན་ལས་རོགས། དེ་བཞིན་ནོར་བུ་དགྲ་འདུལ་ལགས་ཀྱིས་བརྙན་ལེན་པའི་འགན་ཁུར་ཏེ་བཟོ་སྐྲུན་བྱས་པ་ཞིག་ཡིན།

ལོ་མང་ཞིག་གི་རྗེས་ཉི་མ་ཕྱིར་རང་གི་ཕ་ཡུལ་གྱི་གྲོང་གསེབ་ཏུ་ལོག་སྐབས་ཁོ་རང་གི་ཆུང་འདྲིས་རྩེད་གྲོགས་ཏ་ཆུང་ལ་ཐུག མོས་ལོ་མང་རིང་སེམས་ཁུངས་སུ་ཉར་བའི་སྐྱོ་གདུང་གི་མིག་ཆུའི་ཐིགས་པ་དེའང་རེ་ཞིག་བསྐམས་ནས་སེམས་ལ་དྲོད་ཁོལ་རྒྱས། ཉི་མས་མངོན་ལྐོག་གི་སྡུག་བསྔལ་ཁོག་ཏུ་བཅུག་པའི་མྱོང་ཚོར་དེ་དག་དུས་རབས་ཤིག་གི་ཟུར་ཆ་ལ། རང་གི་ཕ་མ་མིག་གིས་མཐོང་མ་ཐུབ་པའི་གྲོགས་པོ་འཕྲིན་ལས་ལ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཁ་བརྡ་བྱས་པ་ཞིག་རེད།

12.jpg

གློག་བརྙན་འདིའི་གཙོ་འཁྲབ་དང་འཁྲབ་གཞུང་། འཁྲབ་ཁྲིད་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་མཁན་འཇམ་དབྱངས་སྦྱིན་པ་ལགས་ནི་མདོ་སྨད་ཟངས་དཀར་སྡེ་བ་རུ་སྐྱེས་ཤིང་། རྗེས་སུ་རྒྱ་གར་ལ་ཕེབས་པ་དང་ད་ལྟ་ཨ་རིར་གནས་སྤོས་དེ་ལ་གཞིས་ཆགས་ནས་ཡོད། སྔོན་ཆད་ཁོང་གིས་SAMSARAཞེས་པའི་གློག་བརྙན་ནང་གྲྭ་བ་ཞིག་འཁྲབ་ཡོད་པ་དང་དེ་ནི་ཁོ་རང་གློག་བརྙན་གྱི་ལམ་བུར་གོམ་པ་སྤོ་ཐེངས་དང་པོ་དེ་ཡིན།།

དཔྱད་མཆན་ཡོད།