2018ལོའི་ཟླ་6པའི་ཚེས་14ཉིན། བོད་ཀྱི་སྐད་གྲགས་ཆོད་པའི་གློག་བརྙན་འཁྲབ་ཁྲིད་པ་རྒན་པད་མ་ཚེ་བརྟན་ལགས་ངེད་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་སློབ་མང་པོའི་རེ་འདོད་ལྟར། དཀའ་ལས་སྐུ་ཚེགས་ལ་མ་འཛེམ་པར་ངེད་སློབ་གྲྭར་ཕེབས་ཏེ། ཆུ་ཚོད་ལྔ་ཡི་རིང་ཁོང་གི་གློག་བརྙན་བརྩམས་ཆོས་༼ ཐར་ལོ ༽ གཟིགས་འབུལ་ དང་བགྲོ་གླེང་གྱ་ནོམ་པ་བྱས།
ད་ཐེངས་ཀྱི་བྱེད་སྒོ་འདི་ནི་རིམ་པ་གསུམ་གྱིས་གྲུབ་ཡོད་དེ། ཐོག་མར་ཁོང་གི་གློག་བརྙན་༼ ཐར་ལོ ༽ གཟིགས་འབུལ་དང་། བར་དུ་གློག་བརྙན་སྐོར་ནས་བགྲོ་གླེང་བྱས། མཇུག་ཏུ་ཞོའུ་ཏུང་གིས་བརྩམས་པའི་(徐晓东)༼ པད་མ་ཚེ་བརྟན་དང་འཕྲད་པ ༽ ཞེས་པའི་དཔེ་ཆ་བཀྲམ་ཞིང། ཁོང་གིས་ཀློག་པ་པོ་རེ་རེའི་དཔེ་ཆའི་སྟེང་མཚན་རྟགས་བཀོད།
ཁོང་གིས་ངེད་སློབ་གྲྭའི་རྩོམ་རིག་ཟློས་གར་འཛིན་གྲྭར་མཐོང་ཆེན་ཆེན་པོ་བྱས་པ་དང་། གསར་སྐྱེས་འཁྲབ་ཁྲིད་པ་ཚོས་ཕྱོགས་གང་ཐད་ལ་མཉམ་འཇོག་བྱ་དགོས་ཚུལ། གློག་བརྙན་བཟོ་དགོས་ན་སློབ་སྦྱོང་ཇི་ལྟར་བྱ་དགོས་པ། བོད་ཀྱི་གློག་བརྙན་འཕེལ་རྒྱས་ག་འདྲ་ཡིན་པ། གློག་བརྙན་དང་བརྩམས་སྒྲུང་གི་འབྲེལ་བ་དང་ཁྱད་པར་སོགས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཁ་བརྡ་བྱས། ད་ཐེངས་ཀྱི་བྱེད་སྒོ་འདིའི་སྟེང་དགེ་སློབ་ཉིས་སྟོང་ལྷག་མཉམ་ཞུགས་བྱས་ཤིང་། གློག་བརྙན་སྐོར་གྱི་བགྲོ་གླེང་འཁྲུག་ཆ་དོད་པོ་བྱུང་།
དཔྱད་མཆན་ཡོད།