དངོས་བཤུས་གློག་བརྙན་《ཕ་ཡུལ》གཟིགས་འབུལ་བྱས།

微信图片_20180713164748.jpg

          ཁཱ་ན་ཊ་དང་བོད་ཀྱི་དངོས་ཟིན་གློག་བརྙན་གཟིགས་འགྲེམས་ཀྱི་བྱ་འགུལ་ཁྲིན་ཏུའུ་ཆ་རུ་ཚང་ནས་སྤེལ།   ཐེངས་འདིའི་འགྲེམ་སྟོན་སྟེང་གཞོན་སྐྱེས་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི་དངོས་བཤུས་གློག་བརྙན་《ཕ་ཡུལ》གཟིགས་འབུལ་བགྲོ་གླེང་བྱས། 

微信图片_20180713164757.jpg

        དངོས་བཤུས་གློག་བརྙན་འདིའི་བརྗོད་བྱ་གཙོ་བོ་དགུང་ལོ་བརྒྱད་ཅུ་གྱ་དྲུག་ལ་སོན་པའི་ཨ་མ་རྒན་མོ་ཞིག་གིས་གནས་ས་ནས་རང་གི་ཕ་ཡུལ་དང་གཉེན་ཉེ་དྲན་ཞིང་། ཚེ་མཇུག་གི་རེ་བ་ཉག་གཅིག་པུའང་ཕྱིར་ཕ་ཡུལ་ལ་ཐེངས་གཅིག་ལོག་རྒྱུ་དེ་ཡིན། 

微信图片_20180713164755.jpg

      མཐར་ཁོ་མོའི་རེ་འདོད་ལྟར་རང་ཉིད་ཀྱི་སྐྱེས་ས་སྐྱེས་ཡུལ་ལ་ཕེབས་ནས། ལོ་ངོ་དུ་མའི་མཇལ་མཛོམས་ཀྱི་སེམས་འདུན་དེ་མངོན་འགྱུར་བྱུང་། དེ་ལས་སྤྱི་ཚོགས་འཕེལ་འགྲུབ་ཁྲོད་ཀྱི་མི་ཚེ་ཡི་དར་རྒུད་དང་། གཉེན་མིའི་བརྩེ་ཞེན། དུས་ཀྱི་འཕོ་འགྱུར། ཡུལ་གྱི་གདུང་བ་དང་དྲན་པ་སོགས་མངོན་པར་མཚོན་ཡོད།       

微信图片_20180713164801.jpg

       གཞན་ཁཱ་ན་ཊ་དང་བོད་ཁུལ་ས་ཆ་སོ་སོ་ནས་ཐོན་པའི་གཞོན་སྐྱེས་འཁྲབ་ཁྲིད་པ་དག་གི་དངོས་བཤུས་གློག་བརྙན་མང་པོ་གཟིགས་འབུལ་གནང་སྟེ་རྒྱལ་ཁབ་ཕྱི་ནང་གི་རིག་གནས་སྣ་འཛོམས་ཀྱི་གློག་བརྙན་བརྩམས་ཆོས་ཕུལ་བྱུང་དག་ལ་རོལ་མྱོང་བྱས།


དཔྱད་མཆན་ཡོད།