རང་དབང་གློག་བརྙན་བཤད་པ།

200413175535.6237996.jpg

  ཕྱི་ལོ་༡༩༥༦པར་དབྱིན་ཇིའི་གློག་བརྙན་འཕེལ་མེད་སོར་གནས་ཀྱི་གནས་བབ་ལ་གཞིགས་ནས། ལོ་ན་གཞོན་པའི་གློག་བརྙན་དོན་གཉེར་བྱེད་མཁན་སྐོར་ཞིག་གིས་གློག་བརྙན་དཔྱད་བརྗོད་པ་ལིན་སེ·ཨན་དྷི་སིན་གཙོར་བྱས་ཏེ༼རང་དབང་གློག་བརྙན༽དུ་འབོད་པའི་ཚོགས་པ་ཞིག་བཙུགས་ཏེ༼རང་དབང་གློག་བརྙན༽གྱི་ལས་འགུལ་བསླངས་ལ། དེའི་ཁྱད་ཆོས་ནི་སྤྱི་ཚོགས་ཀྱི་དངོས་ཡོད་ཞིབ་འབྲི་བྱེད་པ་ལྷུར་ལེན་ཅིང་།  གློག་བརྙན་བརྒྱུད་འབངས་ཕལ་བའི་སྤྱིར་བཏང་གི་རྒྱུན་ལྡན་འཚོ་བའི་ལས་ཀ་ཙག་ཙིག་ལ་ཞིབ་དཔྱད་བྱེད་པའོ། །༼རང་དབང་གློག་བརྙན༽གྱིས་རྩོམ་པ་པོའི་རང་སྣང་ཡུལ་ཅན་གྱི་འཇིག་རྟེན་ལ་དོ་སྣང་ཆེར་མི་བྱེད་པས། ཧྥ་རན་སིའི༼རླབས་རྒྱུན་གསར་བ༽དང་ངོ་བོའི་ཁྱད་པར་ཡོད།  

pic300_9787885889722.jpg

       ༼རང་དབང་གློག་བརྙན༽གྱི་ཚབ་མཚོན་བརྩམས་ཆོས་ལ་ཐོ་ནེ·རོས་ཆའར་སོན་མཆོག་གི༼ཞེ་སྡང་གི་ཕྱིར་རྟོག༽༡༩༥༩ལོདང༼རིང་རྒྱུག་ལུས་རྩལ་བའི་ཁེར་རྐྱང༽༡༩༦༣ལོཁ་རོས·རེས་ཛྷི་མཆོག་གི༼གཟའ་སྤེན་པའི་དགོང་མོ་དང་གཟའ་ཉི་མའི་ཞོགས་པ༽༡༩༦༠ལོདང་ལིན་སའེ·ཨན་དྷི་སོན་མཆོག་གི༼ལུས་རྩལ་འཚོ་བ་འདི་ལྟ༽༡༩༦༣ལོབཅས་དང་། དེ་མིན་ད་དུང་ཇོན·སི་ལེ་སིན་གྷིར་མཆོག་གི༼བརྩེ་བ་མཚོན་ཙམ༽༡༩༦༡ལོདང༼རྫུན་ལབ་མཁན་པིས་ལེ ༽༡༩༦༢ལོསོགས་ཡོད་དོ། །ལོ་རབས་དྲུག་ཅུ་བའི་དཀྱིལ་དུ་སླེབས་དུས། རང་དབང་གློག་བརྙན་གྱི་ལེན་སྟངས་འཁྲབ་ཚུལ་ལ་འགྱུར་བ་བྱུང་སྟེ། ངོ་རྒོལ་ནི་མི་སྒེར་གྱི་འཚོ་བའི་ལྟ་སྟངས་ཙམ་དུ་ངོས་འཛིན་བྱེད་འགོ་བརྩམས། འཕེལ་ཕྱོགས་འདིའི་མཚོན་བྱེད་བརྩམས་ཆོས་ནི་ཐོ་ཉིས·ལིས་ཁྲ་སིན་མཆོག་གི༼ཐོམ·ཆོན་སི༽ཞེས་པ་དེ་ཡིན། ལོ་རབས་དྲུག་ཅུ་བའི་སྨད་དང་བདུན་ཅུ་བའི་སྟོད་དུ་རང་དབང་གློག་བརྙན་གྱི་ཅུང་སྐད་གྲགས་ཡོད་པའི་བརྩམས་ཆོས་ལ་ལིན་སའེ·ཨན་དྷི་སོན་མཆོག་གི ༼གལ་ཏེ ༽༡༩༦༩ལོདང༼ཨ། ལས་བསོད་ཅན༽༡༩༧༣ལོགཉིས་ཡོད། ཨན་དྷི་སོན་མཆོག་གིས་དེང་རབས་སྤྱི་ཚོགས་ཀྱི་འགལ་བ་མཚོན་པར་བྱེད་དུས་ལྡོབས་སྐྱེན་པའི་ལྟ་ཞིབ་དང་ཐུན་མོང་མ་ཡིན་པའི་སྙིང་བསྡུས་ཐབས་མཁས་ཀྱིས་ཟུང་འཇུག་བྱས་ཏེ། བསམ་བློ་དང་སྒྱུ་རྩལ་སྟེང་ཚད་མཐོན་པོ་ཞིག་ལ་སླེབས་ཡོད།  

     དེང་རབས་གློག་བརྙན་གྱི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བརྗོད་པའི་ལེའུ་ལས། རང་དབང་གློག་བརྙན་བཤད་པ་སྟེ་བཞི་བའོ། །   

       སྨུག་རིས་མྱུལ་བཤེར་ལག་དེབ་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་མཛད་པའི༼གློག་བརྙན་ལག་དེབ༽ལས་ཁོལ་དུ་ཕྱུང་སྟེ་སྒྲོལ་དཀར་ཚེ་རིང་དུ་འབོད་པས་ཕྱི་ལོ༢༠༡༣པའི་ཟླ༣ཚེས༡༤ ཉིན་བསྒྱུར་བ་དགེའོ། །  (མུ་འགོད།)

 

ངེད་དྲ་བའི་ནང་དོན་གང་བྱུང་དུ་དགོལ་མི་རུང་།

དཔྱད་མཆན་ཡོད།