སྙན་ངག་གློག་བརྙན་བཤད་པ།

p2088409221.jpg

       སྙན་ངག་གློག་བརྙན་ཞེས་པ་ནི་གློག་བརྙན་གྱི་དཔེ་རྣམ་རིགས་ཤིག་ཡིན་ལགཙོ་བོ་སྒྲ་མེད་གློག་བརྙན་གྱི་དུས་སྐབས་སུ་གནས་ཤིང་དེའི་ཁྱད་ཆོས་ནི་གློག་བརྙན་གྱི་ངོ་བོ་སྙན་ངག་དང་མཚུངས་པར་སྦྱོར་ལ༼སྙན་ངག་གི་སྐད་ཆས༽གློག་བརྙན་ཕབ་སྐྲུན་བྱེད་པའི་ལངས་ཕྱོགས་འཛིནའཕྲོས་རྟོགས་དང་གཟུགས་རྒྱནམཚོན་དོན་དང་འགྱུར་བ་སོགས་སྙན་ངག་གི་རྩོམ་ཐབས་དག་གློག་བརྙན་ཁྲོད་སྤྱོད་པར་གཙིགས་སུ་འཛིནདུས་སྔ་མའི་ཧྥ་རན་སིའི་གློག་བརྙན་གདོང་མཆོང་ཕྱོགས་ཁག་གི་མི་སྣ་དག༼ཡོལ་དཀར་ཐོག་གི་སྙན་ངག་པར༽དཔེ་འཇོག་ལ སུའུ་ལེན་གྱི་འཁྲབ་ཁྲིད་པ་ཨེ་སིན་སི་ཐན་དང་ཏུའུ་ཧུའུ་རེན་ཁུ་ཡིས་དུས་ཉི་ཤུའི་ལོ་རབས་ཉི་ཤུ་བར་འཁྲབ་པའི་གློག་བརྙན་གྱིས་ཀྱང་སྙན་ངག་གི་རྒྱན་ལ་དང་དོད་ཆེན་པོ་བྱེདསྒྲ་ལྡན་གློག་བརྙན་བྱུང་རྗེསའཛམ་གླིང་གློག་བརྙན་གྱི་གཙོ་རྒྱུག་ནི་དོན་བརྗོད་པ་གཙོ་བོར་འཛིན་པའི་ལྷུག་རྩོམ་གློག་བརྙན་ཡིན་ལསྙན་ངག་གློག་བརྙན་ཕབ་སྐྲུན་མཁན་དག་གིས་ཀྱང་གཅིག་པུར་གློག་བརྙན་གྱི༼སྙན་ངག་གི་སྐད་ཆར༽རྟོག་ཞིབ་བྱེད་མཁན་ཇེ་ཉུང་དུ་ཕྱིན་ལ  དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་བའི་སྨད་དུ་སྙན་ངག ་གློག་བརྙན་གྱི་ཕབ་སྐྲུན་དེ་གཙོ་བོ་སུའུ་ལེན་དུ་འདུས་ཡོད་ལཁ་ལ་ཐོ་ཀྲའོ་ཧྥུའུ་དང་ཐའར་ཁུ་ཧྥུའུ་སི་ཅི་སོགས་ནི་ཚབ་མཚོན་ཡིན།

20151223101418297.jpg

         མཚོན་བྱེད་བརྩམས་ཆོས་ལ༼དམག་མིའི་གླུ༽དང༼ཁྲུང་ཁྲུང་ལྷོ་ལ་འཕུར༽༼ཡུས་ཝན་གྱི་བྱིས་དུས༽དང༼མི་ཞིག་གི་བར་གེགས༽སོགས་ཡོད་དོ། །

         དེང་རབས་གློག་བརྙན་གྱི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བརྗོད་པའི་ལེའུ་ལསསྙན་ངག་གློག་བརྙན་བཤད་པ་སྟེ་བརྒྱད་པའོ། །

         སྨུག་རིས་མྱུལ་བཤེར་ལག་དེབ་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་མཛད་པའི༼གློག་བརྙན་ལག་དེབ༽ལས་ཁོལ་དུ་ཕྱུང་སྟེ་སྒྲོལ་དཀར་ཚེ་རིང་དུ་འབོད་པས་ཕྱི་ལོ༢༠༡༣པའི་ཟླ༣ཚེས༡༤ ཉིན་བསྒྱུར་བས་དགེའོ། ། མུ་འགོད

 

ངེད་དྲ་བའི་ནང་དོན་གང་བྱུང་དུ་དགོལ་མི་ཆོག

དཔྱད་མཆན་ཡོད།