སངས་རྒྱས་རྒྱ་མཚོ།


9ad91d473cf24f93a0ca8d6c0bb34658.jpg-mobile.jpg

                                                                                                       

       སངས་རྒྱས་རྒྱ་མཚོའམ་གངས་ཞུན་ལགས་ནི་ཨ་མདོ་ས་ཁུལ་དུ་སྐྱེས་ཤིང་། པེ་ཅིང་ཧི་མ་ལ་ཡ་གློག་བརྙན་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་དང་། གློག་བརྙན་བཟོ་སྐྲུན་པ། བོད་ཀྱི་སྙན་ངག་པ་བཅས་ཡིན། ཁོང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་རྩོམ་རིག་གི་རབ་འབྱམས་པ་ནས་སློབ་མཐར་ཕྱིན་པ་རེད།
    ༡༩༨༨ལོར་ནས་བཟུང་རྩོམ་རིག་གི་རྩོམ་ཡིག་བོད་ཁུལ་གྱི་ཚགས་པར་དང་དུས་དེབ་སོ་སོའི་སྟེང་ལ་སྙན་ངག་གཙོ་བོ་བྱས་ནས་རྩོམ་བརྒྱ་ལྷག་ཙམ་སྤེལ་བས། སྐབས་གསུམ་པའི་སྦྲང་ཆར་རྩོམ་རིག་གི་བྱ་དགའ་ཐོབ་པ་མ་ཟད། ༢༠༠༤ལོའི་ལྗོངས་ཞིང་ལྔའི་སྙན་ངག་གི་བྱ་དགའ་ཨང་དང་པོའང་ཐོབ་མྱོང་བ་རེད། ཁོང་གི་བརྩམས་ཆོས་རྣམས་རྒྱ་ཡིག་དང་། དབྱིན་ཡིག ཧྥ་རན་སིའི་ཡི་གེ་ལ་སོགས་སུ་བསྒྱུར་ཡོད་ཅིང་། བོད་ཁུལ་ན་མིང་དུ་གྲགས་པའི་བོད་ཡིག་གི་སྙན་ངག་པ་ཞིག་ཡིན་པ་དང་། སྔ་གཞུག་ཏུ་ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཨ་རིའི་བོད་སྨན་ཐེབས་རྩ་ཚོགས་པ་བཅས་ཀྱི་ལས་སྒྲུབ་བཞིན་ཡོད། ད་ལོ་ནས་བཟུང་དོ་དམ་རིག་པ་སོགས་བོད་ལ་ཉེ་བར་མཁོ་བའི་དཔལ་འབྱོར་འཛུགས་སྐྲུན་སྐོར་གྱི་རིག་གཞུང་ཁ་ཤས་བྲིས་ནས། དཔེ་ཁྲིད་དང་ཉམས་མྱོང་བརྗེ་རེས་བྱེད་མུས་སུ་ཡོད་དོ། །


______________________

ཁོང་གི་བརྩམས་ཆོས་གཙོ་བོ།

&  ༢༠༠༠ལོར་རྡོ་ལ་དང་མཉམ་དུ་《དུས་རབས་ལ་སྔོན་དཔག——སྲོལ་རྒྱུན་ནམ། དུང་རབས་ཞེས་པའི་སྐོར་གྱི་གཏམ་གླེང》ཞེས་པའི་དཔེ་དེབ་རྩོམ་སྒྲིག་བྱས་པ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པ་རེད།

&  དངོས་བཤུས་གློག་བརྙན་《ཆེས་མཐའ་མཇུག་གི་སེར་སྲུང་པ》ཞེས་པ་༢༠༠༤ལོར་DISCOVERYའཁྲབ་ཁྲིད་པའི་འཆར་འགོད་ནང་དུ་བདམས་པ་ནས་བོད་ཁུལ་དུ་ཕབ་སྐྲུན་བྱས།

&  ༢༠༠༤ལོར་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་རོགས་བྱས་ནས་35mmཅན་གྱི་གློག་བརྙན་ཐུང་ངུ《རྩྭ་ཐང་》ཞེས་པ་བརྙན་ཕབ་བྱས།

&  ༢༠༠༤ལོའི་ལོ་མཇུག་ཏུ་པདྨ་ཚེ་བརྟན་དང་རྡོ་ལྷ་གཉིས་ཀྱིས་མཉམ་དུ་པེ་ཅིང་ཧི་མ་ལ་ཡ་གློག་བརྙན་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སི་བཙུགས་པ་དང་། ༢༠༠༥ལོར་སྒྲིག་སྦྱོར་བ་དང་བརྙན་ཕབ་པའི་འགན་ཁུར་བ་ཡིན་པའི་མཉམ་དུ་རང་ས་གནས་ཀྱི་བོད་སྐད་གློག་བརྙན་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པ་བརྙན་ཕབ་བྱས།

&  ༢༠༠༧ལོར་བོད་ཁུལ་ཕྱོགས་སུ་བོད་ཀྱི་སྒྱུ་རྩལ་དང་ཚན་རྩལ་ཆ་འཕྲིན་ལག་རྩལ་གྱི་ཧི་མ་ལ་ཡའི་ཐེབས་རྩ་བཙུགས་ཤིང་། དེ་ནི་ཀྲུང་གོའི་ཀོང་ཧྭ་ཚན་རྩལ་ཐེབས་རྩ་ཚོགས་པའི་ཁོངས་སུ་གཏོགས་པའི་ཐེབས་རྩ་ཞིག་ཡིན། 

&  ༢༠༠༧ལོར་ཧི་མ་ལ་ཡའི་ས་ཁང་བདག་ཁོངས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་དང་། ༢༠༠༨ལོར། གློག་བརྙན་གྱི་ཚོང་རའི་ལྟ་སྐུལ་དང་བརྙན་ཕབ་ལྟ་སྐུལ་པའི་འགན་ཁུར་ནས《འཚོལ》ཞེས་པའི་གློག་བརྙན་ཕབ་སྐྲུན་བྱས་པ་རེད།


དཔྱད་མཆན་ཡོད།