གློག་བརྙན«དབུགས་ལྒང»སྐོར་གྱི་ལབ་རྡོལ།

དཔྱད་མཆན་ཡོད།

  • 0
    ཟླ་ཤེལ།
    2024-02-01 20:27:17
    དཔྱད་བརྗོད་འདི་ལ་ཞིབ་ཙམ་ཀློག་མ་ཐུབ། ཡིན་ཡང་། པད་ཚེ་ཡི་ཐར་ལོ་མ་གཏོགས་གཞན་དག་གློག་བརྙན་ཁང་ནས་བལྟས་ཟིན།  འདི་ལྟར་རྒྱལ་སྤྱིའི་གློག་བརྙན་བཞིན་བོད་རང་གིས་བརྩམས་ཤིང་། རང་སྐད་དུ་ཕབ་བསྐྲུན་བྱས་པར་དངོས་གནས་དགའ་ཚོར་ཆེན་པོ་བྱུང་། ལྟ་གིན་སེམས་གཏིང་ལ་འོང་བ་ཞིག་ནི་འདུག བརྗོད་བྱའི་ཆ་ནས་གསར་རྙིང་གང་གི་ལྟ་བ་འདྲེས་ཀྱང་ཆོག  གང་ལྟར་བོད་ཀྱི་གློག་བརྙན་འདི་འདྲ་ལ་རེ་བས་བརྟས་ཡོད། མུ་ནས་བོད་ཀྱི་གློག་བརྙན་གྱི་བསྟན་པ་ས་སྒང་ལ་ཁྱབ་པའི་སྨོན་འདུན་ཞུ།  
  • 1
    མིང་མེད།
    2021-01-07 07:02:23
    བརྙན་དཔྱད་ངོ་མ་ཡག་པོ་བྲིས་འདུག  ཞིབ་ཆ་དང་གཟིར་གནས་ཀྱི་སྒོ་ནས་བསམ་ཚུལ་ལེགས་པོ་གསུངས་བར་ཐུགས་རྗེ་ཆེ།
  • 3
    མིང་མེད།
    2020-12-29 18:22:25
    དེ་ཙམ་རེད།  དམིགས་བསལ་ཞིག་བྲིས་མི་འདུག  བརྙན་ནང་དུ་འདས་པོ་ལ་ཁ་བརྡ་བྱེད་པ་ཞིག་གང་ན་འདུག  སྐྱོན་མེད་སར་སྐྱོན་མ་བཙལ་རོགས།
  • 6
    བཙན་མོ་ཁྲི་མ་ལོད།
    2020-12-26 20:50:57
    ཐོག་མར་ངའི་ཁྱོད་ཀྱི་བརྩམས་ཆོས་བཀླགས་མ་ཐག་ མི་སྣ་བཞེངས་བསྐྲུན་དང་སྒ྄་རིག་བཟོ་དབྱིབས་ཞེས་པའི་ཚིག་གསར་བ་གཉིས་ཤེས་སོང་། དེ་ནས་ཁྱོད་ཀྱི་གློག་བརྙན་བརྡ་སྤྲོད་རིག་པའི་ཚིག་བཀོལ་ནས་གློག་བརྙན་ལ་དཔྱད་པ་དེས་ཁྱེད་ནི་གློག་བརྙན་དང་འབྲེལ་བའི་གཞུང་ལ་བྱང་ཆ་ཡོད་པ་མ་ཟད་གློག་བརྙན་ལ་མོས་མཁན་དག་མ་ཞིག་ཡིན་པ་མཚོན།
  • 2
    མིང་མེད།
    2020-12-25 12:25:45
    པད་ཚེའི་གློག་བརྙན་བརྩམས་གང་ཡིན་ནའང་མི་རིགས་ཀྱི་འདུ་ཤེས་ཐམས་ཅད་རྡོག་རྫིས་གཏོང་བ་མ་ཟད་གསར་རྗེ་རིང་ལུགས་ཀྱི་བསམ་བློ་འདི་དག་ད་དུང་ཤེས་མེད་མཁན་ཡོད་ཚེ་མིག་ཞར་བ་དང་རྣ་བོན་པ་ཡིན་རྒྱུ་རེད། ད་དུང་ཆེ་བརྗོད་ཀྱི་ཤིས་ཚིག་མང་པོ་ཡོད་པ་འདི་དག་ནི་བྱི་ལའི་སྐྱག་པ་གསེར་དུ་སྒོམ་པ་རང་རེད།
  • 2
    མིང་མེད།
    2020-12-25 12:21:22
    ང་རང་ལ་མཚོན་ན་དཔྱད་བརྗོད་འགའ་རེ་བཀླགས་པ་ལས་དབུགས་ལྒང་ཆ་ཚང་ལ་ལྟ་མ་ཐུབ། ཡིན་ནའང་། བློ་གཟུ་བོར་གནས་པའི་གཏམ་རེད་སྙམ། པད་ཚེས་བོད་རང་གི་འཚོ་བ་གནས་སྟངས་ཕྲན་བུ་ཞིག་མིག་སྤྱད་ནས་འཛམ་གླིང་གི་གར་སྟེགས་སུ་བཀྲམ་ན་དེ་བཟང་མོད། ཁོ་བོད་མི་གཤའ་མ་ཞིག་གིས་རང་གི་མི་རིགས་ཀྱི་སྲོལ་རྒྱུན་གོམས་སྲོལ་ཡང་འཐུས་ཤོར་ཆེ་བ་ནི་དངོས་གནས་ཡིད་ཕམ་པའི་གནས་རེད།  ཁོས་བོད་ཀྱི་བུད་མེད་ཚོའི་དཀའ་ངལ་གླེང་ལོས་ཆོག་ཀྱང་དེའི་ཞོར་དུ་བོད་མིའི་རིག་གནས་ཀྱི་རྩིས་ཐང་ལ་རྡོག་རྫིས་ཐེབས་ན་ཡག་པོ་ཞིག་ཡེ་མ་རེད། གཞན་མང་པོ་ལབ་ན་ཆགས་སྡང་གི་དབང་དུ་ཤོར་ཉེན་ཆེ་བས་འདི་ཙམ་བྱ།
  • 6
    མིང་མེད།
    2020-12-25 09:55:14

    ཨ་ཆེ་ངོ་མ་ངོ་སོ་བསྟོད།  ཁྱོད་ཀྱིས་གློག་བརྙན་འདིར་དཔྱད་བརྗོད་ཀྱི་སྤོབས་པའམ་ཡོན་ཚད་དབན་པའི་ལྟད་མོ་བ་གང་མང་ཞིག་གི་དོགས་གཞི་ཕྱི་རུ་དབྱུང་བར་ཐུགས་རྗེ་ཆེ།
  • 4
    ཨ་མདོའི་རོང་མོ།
    2020-12-25 09:20:52
    དཔྱད་བརྗོད་ཡག་པོ་བྱས་འདུག   གློག་བརྙན་བལྟས་ཚར་རྗེས་ཧ་མ་གོ་བའི་ཆ་དང་གནད་དོན་ཡོད་གི་སྙམ་པའི་ཆ་དག་ཁ་གསལ་གོ་བདེའི་གཅིག་གཅིག་གཉིས་གཉིས་ཀྱིས་དཔྱད་པ་བཏང་སྟེ་དཔྱད་བརྗོད་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད།
  • 1
    སེམས
    2020-12-25 08:32:07
    2020-12-24 20:00:27
    དངོས་གནས་ཡག་པོ་བྲིས་འདུག
  • 2
    མིང་མེད།
    2020-12-25 02:10:37
    དཔྱད་བརྗོད་སྤེལ་ན་འགྲིག་འདུག གློག་བརྙན་ཧ་ལས་བའི་ཡག་པོ་འདུག བོད་མི་གཞན་སུས་ཀྱང་གློག་བརྙན་འདི་འདྲ་འཇོན་ཡོད་པ་མ་རེད། བརྗོད་བྱའི་ཆ་ནས་བོད་པའི་སྤྱི་ཚོགས་གནད་ཐོག་འབུར་གཙགས་རེད་ལ། སྒྱུ་རྩལ་ཆ་ནས་ཀྱང་ཚད་མཐོན་པོ་རེད། གཉིས་ཀའི་ཆ་ནས་གོ་བ་ལེན་རྒྱུ་འདུག་ལ་བསམ་བློ་གཏོང་རྒྱུའང་མང་། འདི་འདྲ་བསམ་པའི་རྒྱགས་ཕྱེ་ཡོད་ན་ང་ཚོའི་བོད་པའི་བསོད་ནམས་རེད།
  • 1
    བཙན་པོའི་བུ།
    2020-12-25 01:41:35
    ངོ་མ་དཔྱད་བརྗོད་ཡག་པོ་བྱས་སོང་།
  • 4
    མིང་མེད།
    2020-12-24 23:15:36
    བརྙན་དཔྱད་ཡག་པོ་རེད་ཡ་་་དཀོན་ཅོག་་་་འདི་འདྲའི་བརྙན་དཔྱད་ལས་བློ་སྐྱེད་མི་དམན་པ་ཐོབ་ཡོང་་་རྩོམ་པ་པོར་ཐུགས་རྗེ་ཆེ་ཞུའོ་་་
  • 1
    ཉུལ་མ།
    2020-12-24 22:51:40
    བོད་ཀྱི་གློག་བརྙན་ལ་གློག་བརྙན་ཕན་གྱི་འགན་ཁུར་མང་བ་ལ།  
  • 3
    མིང་མེད།
    2020-12-24 21:57:23
    (གཞན་ཡང་ཡམ་ཡོམ་གྱི་ལག་འཁྱེར་བརྙན་མིག་གི་གཡོ་སྐྱོམ་ལས་ཡུལ་དངོས་ཀྱི་ཚོར་བ་དང་མི་སྣའི་ནང་སེམས་ཀྱི་དངངས་འཚབ་ཚོར་ཐུབ་ལ། )ཅི་མ་བདེན།  སྐད་ཆ་འདི་ང་ཡི་སེམས་ཁམས་ལས་འདྲ་བཤུས་རྒྱབ་པ་དང་ཅིས་མ་མཚུངས།  ཨ་ལ་ལ
  • 3
    འཐོར་རླུང་།
    2020-12-24 21:31:22
    སྐད་ཆའི་ཕྱོགས་ནས་འགལ་བ་ཡོད་མོད། འགལ་བ་དེ་འཁྲབ་སྟོན་པ་ལའང་རག་ཆེན་པོ་ལས། ང་ཚོར་འཁྲབ་སྟོན་པ་བཟང་ཤོས་དང་མང་པོ་མེད་པའི་རྐྱེན་ཡང་རེད། དེ་བས་དེ་མ་བཀོལ་མཐུ་མེད་རེད། ཡང་ཁྱེམ་ཁིས་དྷོར་མཚོན་ན།金基德དེ་གནད་དོན་ལ་ཆགས་ཀིན་མ་རེད། ཁོས་ཐད་ཀར་འཁྲབ་ཚིག་མི་བཀོལ་བར་འཁྲབ་སྟོན་དུ་འཇུག་གི་རེད།
  • 4
    ཁ་བ།
    2020-12-24 20:37:34
    དཔྱད་རྩོམ་འདི་བཀླགས་རྗེས། འགྱ་མ་གོ་བ་གང་ཞིག་གི་བསྐྱར་ཁ་ཕྱེས་སོང་།  
  • 4
    ཕལ་བའི་མི།
    2020-12-24 20:29:36
    གློག་བརྙན་འདིའི་ནང་དོན་གྱི་ཆ་ནས་བཤད་ན། གོམ་གཤིས་ཀྱི་བརྩེ་བ་ཞིག་ཡོད་པ་ཙམ་ལས། རང་དབང་གིས་མདུན་སྤྱོད་དང་། ཤེས་རྟོགས། བསམ་བློའི་ཕུགས་རྒྱང་། གུ་ཡང་གི་འཚོ་གནས་སོགས་མེད་པ་ཞིག་མཐོང་ཡོང་གི་འདུག
  • 3
    བཙན་མོ་ཁྲི་མ་ལོད།
    2020-12-24 20:00:49
    དངོས་གནས་ཡག་པོ་བྲིས་འདུག
  • 3
    བཙན་མོ་ཁྲི་མ་ལོད།
    2020-12-24 20:00:27
    དངོས་གནས་ཡག་པོ་བྲིས་འདུག
  • 3
    མིང་མེད།
    2020-12-24 19:50:13
    ང་དང་ངའདྲ་བའི་མི་ཕོ་དག་བཤད་ལ་མཁས་པ་ལས་བསྒྲུབས་པ་ལ་མི་མཁས་པའི་གཞན་གྱི་ལེགས་པའི་ཆ་ལེན་པར་བྱེད་པ་ལས་གཞན་གྱི་ཞན་པའི་ཆ་མི་བཤད་པར་བྱ།ངོ་མ་ངོ་སོ་ཡར་ལབསྟོད།