དབུགས་ལྒང་། (2019ལོ།)
气球  BALLON

རིང་ཚད།   སྐར་མ་102 སྐད་རིགས།   བོད་སྐད། ཨང་རྟགས།   TF1F19125

འཁྲབ་ཁྲིད་པ།   
པད་མ་ཚེ་བརྟན།
གཙོ་འཁྲབ།   
བསོད་ནམས་དབང་མོ། སྦྱིན་པ། གཡང་ཕྱུག་མཚོ།
བཟོ་སྐྲུན་པ།   
ཕང་ཆེ་ཧྭ། ཧོང་ཞུའུ་ཧྥུན།
འཁྲབ་གཞུང་།   
པད་མ་ཚེ་བརྟན།
བརྙན་ལེན་པ།   
ལིའུ་སུང་ཡེ།
མཛེས་རྩལ།   
སྟག་རྩེ་དོན་གྲུབ།
རོལ་དབྱངས།   
ཏུའུ་ཏུའུ་ཀྲི། ཕའེ་མན་ཡ་ཚི་ཏ་ཉི་ཨན།
སྒྲིག་སྦྱོར།   
ལིའོ་ཆིང་སུང་། ཅིན་ཏུས། ཡུའེ་ཨེར་མོ་ཨེར།
རིགས།   
གཏམ་རྒྱུད་གློག་བརྙན།
ཁ་དོག    
ཚོན་ཁྲ།
ཕབ་སྐྲུན།    
པེ་ཅིན་ཧྲིན་ཐྭང་དུས་རབས་རིག་གནས། བཟོ་གྲྭའི་སྒོ་ཆེན་གློག་བརྙན། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན།
སྦྲེལ་ཐག   
མི་གསལ།

ངོ་སྤྲོད་མདོར་བསྡུས།

       སྤྱིར་ཡིན་ན་དར་རྒྱས་ཁྱིམ་མི་གང་བོས་རྒྱུན་ལྡན་གྱི་འཚོ་བ་ཞིག་རོལ་བཞིན་ཡོད་མོད། འོན་ཀྱང་སྤྱིར་བཏང་གི་སྦྲུམ་འགོག་སྲུང་ཤུབས་ཤིག་གིས་ཁྱིམ་མི་གང་བོ་ག་བྱེད་འདི་བྱེད་མེད་པར་ཐབས་ཟད་འུ་ཐུག་གི་གནས་སུ་བསྐྱལ། ཡང་སྐབས་དེར་རང་གི་ཨ་ཕ་འདས་གྲོངས་སུ་ཕྱིན་པས་མ་གཞི་ནས་ལྷིང་ཞིང་འཇགས་པའི་འཚོ་བ་དེ་ཁད་ཀྱིས་དཀྲོགས་ཤིང་། དེ་དང་བསྟུན་དང་ལེན་དང་གདམ་ང་ཇི་ལྟར་བྱེད་མིན་གྱི་གནད་དོན་རབ་དང་རིམ་པ་ཞིག་ལ་འཕྲད་པའི་འཚོ་བའི་གནས་སྟངས་ཤིག་བརྗོད་ཡོད།

བྱ་དགའ།

འབྲེལ་ཡོད་མི་སྣ།        

དཔྱད་ཐུང་། མངས།>> (2)

ཏིང་ངེ་འཛིན། བལྟས་ཚར།
2020-12-12 11:37:37
2

དབུགས་ལྒང་དང་སྲུང་ཤུབས་གཉིས་རྐྱེན་བྱས་ཤིང་། དེ་གཉིས་ཕན་ཚུན་རྐྱ་འཐབ་པ་ལྟར་གློག་བརྙན་གྱི་འགོ་རྔ་མཇུག་གསུམ་དུ་ཁྱབ་ཅིང་། དེ་ཡི་རྐྱེན་གྱིས་བསམ་ཡུལ་ལས་འདས་པའི་དོན་དག་ཆེ་མ་ཆུང་གསུམ་བསླངས་ཤིང་། དེ་ནི་ང་རང་ཚོའི་ཉིན་རྒྱུན་འཚོ་བའི་ཁྲོད་བྱུང་བཞིན་པ་དེའོ།། གློག་བརྙན་འདིའི་ཡིད་བརྙན་གྱིས་བག་ཆགས་གཏིང་ཟབ་ཡོད་བཞག་མྱོང་སྟེ། ཡིད་བརྙན་གལ་ཆེན་གསུམ་ནི་གློག་བརྙན་གྱི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་གསུམ་ཡིན་ཏེ། ཡིད་བརྙན་དང་པོ་དེ་ཕུ་བོའི་བརྒྱབ་ཀྱི་སྨེ་དེ་བཀོག་ནས་མཚོ་འགྲམ་གྱི་བྱེ་ཐང་སྟེང་ནས་བྱིས་པ་གསུམ་རྒྱུགས་ཤར་གློད་པ་དེ་ཡིན་ཞིང་། དེས་མ་རྒན་གྱི་རྣམ་ཤེས་ཐད་ལ་དོགས་འདྲི་ཚ་ནན་ཞིག་བྱས་ཡོད། གཉིས་པ་ནི་ཕ་རྒན་འདས་རྗེས་གནམ་སའི་འདྲེས་མཚམས་སུ་དམར་སེར་གྱི་མདངས་འཕྲོ་བའི་མཚམས་སྤྲིན་གྱི་རྣམ་པ་དེ་ཡིན་ལ། དེས་ཕ་རྒན་ཚེ་ལས་འདས་པ་དང་རྣམ་ཤེས་ཁ་བྲལ་བ། ཕྱི་མའི་ཡུལ་དུ་གཤེགས་པའི་སྐྱོ་གདུང་མཐའ་དག་གསལ་ལེར་མཚོན་པར་བྱས་ཡོད། ཡིད་བརྙན་གསུམ་པ་དེ་ནི་སྒྲོན་དཀར་གྱིས་གད་བདར་ནང་གི་ཆུ་བཟུང་ནས་ཡོང་བའི་རྣམ་པ་དེ་ཡིན་ལ། འདར་འགུལ་དང་གཡོ་སྐྱོམ། གསལ་བ་ནས་མི་གསལ་བ། མི་གཡོ་བ་ནས་གཡོ་བའི་འགྱུར་ལྡོག་ཅིག་བརྒྱུད་དེ་ཁོ་མོའི་མཐའ་མའི་གདམ་ག་དེ་མཚོན་ཡོད་ལ། ཡང་གཅིག་བཤད་ན་དེར་མཐུད་དེ་གློག་བརྙན་བྱུང་རིམ་མཐོ་རླབས་སུ་བསྐྱལ་བ་ཡིན། ཡིད་བརྙན་འདི་དག་གློག་བརྙན་གྱི་ནང་དུ་སིམ་ཡོད་པས། མ་གཞི་དེ་འདྲའི་མངོན་སུམ་གྱི་བྱུང་བ་ཅིག་ལྐོག་གྱུར་དང་སྦྱར་ཞིང་། རྟོག་བཏགས་དང་བསམ་གཞིགས་རྒྱ་ཡན་དུ་བསྐྱེད་པར་འདོད་པས། འདི་ནི་གློག་བརྙན་འདིའི་ཁྲོད་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་དང་དམིགས་བསལ་ཞིག་ཏུ་ཆགས་ཡོད་པར་འདོད།

དམར་པོ བལྟས་ཚར།
2020-11-20 08:52:05
2

དབུགས་ལྒང་ནི་གློག་བརྙན་འདིའི་ཡིད་བརྙན་གལ་ཆེན་ཞིག །ཐོག་མའི་སྲུང་ཤུབས་དཀར་པོ་ནས་མཐའ་མའི་དབུགས་ལྒང་དམར་པོའི་འགྱུར་བའི་གོ་རིམ་ཧྲིལ་བོར། ཨ་རྒྱ་གྲོངས་ཤིང་རྣམ་ཤེས་ཕྱིར་ཁྱིམ་ལ་འཁོར་བ་དང་། སྲུང་ཤུབས་ཀྱི་རྐྱེན་པས་སྡེ་བ་ནང་གི་ཁྱིམ་ཚང་རེ་འགའ་ངོ་ཚར་གཏད་པ། དར་རྒྱས་བཟའ་ཚོ་གཉིས་ཀྱི་སྲུང་ཤུབས་ཚར་པ་དང་དེ་ནས་ཐོབ་པ་ཡང་བོར་བ། ཨ་ནེས་དཀར་ཐིག་བསླངས་རྗེས་དགོན་པར་ལོག་པ། སྒྲོལ་དཀར་ཡང་སྨན་ཁང་ནས་དགོན་པར་ཁྲིད་པ། འཇམ་དབྱངས་ཀྱིས་སློབ་བྱོལ་གྱི་བསམ་པ་བསྟན་པ། བྱིས་པ་གཉིས་ཀྱི་དབུགས་ལྒང་ཐོབ་འདོད་ཀྱི་རེ་བ་མཐའ་མར་བསྐངས་ན་ཡང་དེ་ལས་གཅིག་བཀད་ཅིང་གཅིག་ནམ་མཁར་འཕུར་བ་སོགས་གཏམ་རྒྱུད་ཆུང་ངུ་མང་དུ་བྱུང་། གཏམ་རྒྱུད་ཆུང་ངུ་འདི་དག་གང་ལ་མཚོན་ན་ཡང་བོད་ཁུལ་ནས་བྱུང་མྱོང་བའམ་འབྱུང་གིན་པ་ཞིག་སྟེ། འཁྱོག་པོར་མི་བརྗོད་ལ་རབ་ཏུ་མི་འདོགས་པ། འུད་ཀྱིས་མི་སྤུར་བ་སོགས་ཁོང་གིས་གསར་རྩོམ་གྱི་གོ་རིམ་ཧྲིལ་བོར་སྤྱི་ཚོགས་དངོས་མཚོན་པའི་གསར་རྩོམ་གྱི་རྣམ་འགྱུར་ཞིག་ལྷུར་ལེན་བཞིན་པ་ལྟར། གློག་བརྙན་འདི་ལས་ཀྱང་ང་ཚོས་སྔར་བཞིན་ཁོའི་དངོས་ཡོད་རིང་ལུགས་ཀྱི་མཐོང་སྣེ་དང་གཤིས་ལུགས་མཐོང་ཐུབ།

དཔྱད་སྐར།

10

དཔྱད་མཁན་མི་2

སྐར་5
100%
སྐར་4
0%
སྐར་3
0%
སྐར་2
0%
སྐར་1
0%

བལྟས་ཚར།(2)

བལྟ་འདོད།(0)

པར་དབང་པྲ་དྲ་རང་ལ་ཡོད་པས། ཆོག་མཆན་མ་ཐོབ་པར་གང་འདོད་བྱ་མི་ཆོག

Powered by qmwl.cn   © 2013-2017 Filmtbt.com  E-mail: filmtbt@yeah.net