ཉི་མ་ལ་ཁར་བཞུད་དུས།

ན་གཞོན་འཁྲབ་ཁྲིད་པ་བསྟན་འཛིན་ཉི་མ་ནི་ཕ་ཡུལ་མཚོ་ལྷོ་ནས་ཡིན་ལ། ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། མུ་མཐུད་དུ། རང་ཉིད་དགའ་མོས་ཡོད་པའི་གློག་བརྙན་གྱི་ལས་ཀར་ཤུགས་ཀྱིས་འཇུག་བཞིན་ཡོད། ཁོས་སློབ་ཆེན་ནས་སློབ་གཉེར་བྱེད་པའི་སྒང་ལ༼  ལམ ༽ཞེས་པའི་བརྙན་ཕྲན་བརྩམས་ཆོས་འདི་ལས་མགོ་བཟུང་སྟེ། ད་གཟོད་གློག་བརྙན་ལས་རིགས་ཞེས་པའི་ཆེས་རྒྱུས་མེད་ཀྱི་ལམ་ཁ་འདི་དངོས་སུ་རྡོག་པས་གནོན་མགོ་བརྩམས། སློབ་མཐར་ཕྱིན་རྗེས་ཀྱང་གཞུང་ཕྱོགས་ཀྱི་ལས་ཀ་གང་ལའང་སེམས་མ་ཕྱོགས་པར། རང་ཉིད་ཀྱི་ཕུགས་བསམ་དང་རྨི་ལམ་གྱི་རྗེས་ལ་འབྲངས་ནས་ཆས་ཀྱིན་ཡོད། ཆས་ཀྱིན་པའི་༼  ལམ ༽ དེ་ནི་ཁོའི་ཆོད་སེམས་དང་དམ་བཅའ་ཡིན་ཟེར། ཉེ་བའི་ཆར། ཁོ་རང་བོད་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་བ༼.  ཐར་ལོ ༽ ཞེས་པའི་ཕབ་སྐྲུན་ཚོགས་པར་ཞུགས་པར་མ་ཟད།  ༼  ཆུ་མིག་ནང་གི་གློ་གྲི ༽ ཞེས་པ་དང་༼  ༣༡༨གཞུང་ལམ ༽  ཞེས་པའི་ཕབ་སྐྲུན་ཚོགས་པར་ཡང་ཞུགས་མྱོང་།

དཔྱད་མཆན་ཡོད།