ཐུམ་ནད་དང་ལྷག་བསམ།


640.jpg

གཙང་སངས་ཀྱི་སྐད་ཆ།

ལྷན་རྒྱས་ཁམས་བཟང་། ང་གཙང་སངས་ཡིན། རྫ་ཆུ་ཁ་རྫོང་ནས་ལོ་འགར་བསྡད། དེ་ཡི་རིང་ལ་རྫ་ཆུ་ཁའི་རིག་གནས་དང་གནས་བབས་ལ་བལྟས་ཤིང་བསམ་ནས་དཔལ་དགེ་མ་ཎིའི་གཏམ་རྒྱུད་དང་ཐུམ་ནད་དང་ལྷག་བསམ་ཟེར་བའི་བརྙན་ཕྲན་འདི་གཉིས་བསྟུད་མར་ཕབ། 

འདིའང་ཕྱོགས་གཅིག་ནས་ང་ལ་དགའ་ཕྱོགས་ཤིག་ཡོད་པས་ལོས་ཡིན་ཡང་། རྫ་ཆུ་ཁ་བའི་གནས་བབས་ལའང་བསམ་བློ་ཤུགས་ཀྱིས་བཏང་བ་ཡིན། དེ་བས་བརྙན་ཕྲན་འདི་གཉིས་མཐོང་ཚད་ཀྱི་རྫ་ཆུ་ཁའི་གྲོགས་པོ་ཚོར་འདང་རྒྱག་ཟབ་མོ་རེ་སྟེར་ཐུབ་པའི་རེ་བ་ཞུ། 

ད་དུང་ཞུ་དགོས་པ་ཞིག་ལ། འདི་ཡིས་མཚོན་ངའི་བརྙན་ཕྲན་དག་ལ་དངོས་ཤུགས་ཟུར་གསུམ་ནས་རྒྱབ་སྐྱོར་དང་དགའ་མགུ་བྱས་དང་བྱེད་བཞིན་པའི་སྤུན་ཟླ་ཚོར་བཀའ་དྲིན་སེམས་ནས་ཞུ།

དཔྱད་མཆན་ཡོད།