བརྙན་ཐུང་«དགུན་གྱི་རླུང»ཞེས་པ་འགྲེམ་སྟོན་བྱ་འཆར་ཡོད་པ།

webwxgetmsgimg_副本.jpg

བརྙན་ཐུང་༼དགུན་གྱི་རླུང༽ཞེས་པའི་བསྒྲགས་ཤོག

            སྤྱི་ཟླ་༦པའི་ཚེས་༢༦ཉིན་གྱི་ཕྱི་དྲོའི་དུས་ཚོད་༧དང་ཕྱེད་ཀའི་ཐོག བརྙན་ཐུང་༼དགུན་གྱི་རླུང༽ཞེས་པ་དེ་ནུབ་བྱང་མི་རིགས་སློབ་ཆེན་དུ་འགྲེམ་སྟོན་གཟིགས་འབུལ་བྱ་རྒྱུ་ཡིན་པ་རེད། བརྙན་ཐུང་འདི་ནི་བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་རྟ་མགྲིན་ཚེ་རིང་གིས་འཁྲབ་ཁྲིད་བྱས་ཤིང་། མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཆེད་སྐུ་སྲོག་ཤོར་བའི་འདས་པོ་ཁ་བ་སྙིང་ལྕགས་ལགས་ཀྱིས་འཁྲབ་གཞུང་བྲིས་པ་ཞིག་ཡིན་འདུག ད་རེས་བརྙན་ཐུང་ཕབ་བསྐྲུན་དང་སྒྲིག་སྦྱོར་གྱི་ལས་ཀ་ཡོངས་སུ་གྲུབ་རྗེས་དམིགས་བསལ་འདས་པོ་ཁོང་གི་མ་ཡུམ་སློབ་གྲྭ་སྟེ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཐོག་མའི་འགྲེམ་སྟོན་བྱ་འཆར་ཡོད་པ་རེད། 

webwxgetmsgimg (1).jpg

webwxgetmsgimg (2)_副本.jpg

འཁྲབ་གཞུང་རྩོམ་མཁན་ཁ་བ་སྙིང་ལྕགས།

webwxgetmsgimg (5).jpg

webwxgetmsgimg (3).jpg

འཁྲབ་ཁྲིད་པ། རྟ་མགྲིན་ཚེ་བརྟན། 

webwxgetmsgimg (4).jpg

བཟོ་སྐྲུན་པ། དཔལ་ཆེན།

webwxgetmsgimg (6)_副本.jpg

བརྙན་ཐུང་ཕབ་བསྐྲུན་གྱི་ཡུལ་དངོས།

webwxgetmsgimg (7)_副本.jpg

ཕབ་བསྐྲུན་གྲུབ་རྗེས་སྒྲིག་སྦྱོར་བྱེད་ཀྱིན་པ།

 

དཔྱད་མཆན་ཡོད།