《མཐར་མཇུག་གི་སྦྲ་ནག》ལ་ཡང་བསྐྱར་བྱ་དགའ་ཐོབ།

微信图片_20180724171948.jpg

མཐར་མཇུག་གི་སྦྲ་ནག

         ཉེ་ལམ།   ཨ་མེ་རི་ཀའི་ལུའོ་ཧྲན་ཅིའི་གྲོང་ཁྱེར་གྱི་ལྷོའི་མཚོ་ཁུག་ཕྱེད་གླིང་དུ་སྤེལ་བའི་སྤྱི་ལོ་2018ལོའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྐབས་15པ་བདེ་བླག་ངང་མཇུག་སྒྲིལ་ཞིང་། མཚོ་ནུབ་ཁུལ་རིག་རྩལ་རྒྱང་སྒྲོག་ཅུའུ་དང་མཚོ་ནུབ་རྒྱང་སྒྲོག་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཕབ་བསྐྲུན་བྱས་པའི་བོད་ཀྱི་དམངས་སྲོལ་བརྙན་འཕྲིན་བརྩམས་ཆོས༼མཐར་མཇུག་གི་སྦྲ་ནག༽ལ་སྐབས་འདིའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་གྱི་གཏམ་རྒྱུད་གློག་བརྙན་ཁྲོད་བསྐོ་མིང་བྱ་དགའ་ཐོབ།

 微信图片_20180724171933.jpg 

微信图片_20180724171938.jpg

༼མཐར་མཇུག་གི་སྦྲ་ནག༽

            ༼   མཐར་མཇུག་གི་སྦྲ་ནག༽ནི་མཚོ་ནུབ་རྒྱང་སྒྲོག་བརྙན་ཁང་གི་བརྙན་འཕྲིན་སྒྲིག་ཁྲིད་པ་སྐུ་ཞབས་བསོད་རྡོ་ལགས་ཀྱིས་གསར་རྩོམ་བྱས་པའི་མཚོ་ནུབ་བརྙན་འཕྲིན་ཁང་བཙུགས་པའི་ཚུན་གྱི་བརྙན་འཕྲིན་ཟློས་གར་ཐོག་མ་ཡིན་ལ། ཉེ་བའི་ལོ་དུ་མའི་རིང་ལ་སྐུ་ཞབས་བསོད་རྡོ་ལགས་ཀྱི་གློག་བརྙན་འཕྲིན་བརྩམས་ཆོས་མང་པོ་ཁྲོད་མཚོ་ནུབ་ཀྱི་ས་བབས་དང་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་མིང་གྲགས་བརྙན་འཕྲིན་བརྩམས་ཆོས་ཐོག་མའང་ཡིན། བརྩམས་ཆོས་ནི་བོད་ཀྱི་མགོ་སྦྲ་སྨུག་པོའི་གཏམ་རྒྱུད་བརྗོད་པ་ལས་༼མཐར་མཇུག་གི་སྦྲ་ནག༽གི་གཞལ་མེད་རིན་ཐང་ངོས་ཟིན་པའི་གནད་གཙོ་བོར་བསྟན་ཞིང་། ཚྭ་འདམ་བོད་ཡུལ་གྱི་ཡུལ་སྲོལ་གོམས་འདྲིས་མངོན་མཚོན་བྱེད་པ་དང་། ཕྱོགས་ཡོངས་ནས་མཚོ་ནུབ་ཀྱི་སྣང་བརྙན་ཕྱི་ལ་འགྲེམ་སྟོན་བྱེད་པའི་དམངས་སྲོལ་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན། བརྩམས་ཆོས་འབྲོག་ས་བོད་ཡུལ་གྱི་དོན་དངོས་འཚོ་བར་རྐང་བཙུགས་ཏེ། སྤྱིར་བཏང་གི་མང་ཚོགས་མི་སེར་དཀྱུས་མའི་འཚོ་བའི་གོམས་སྲོལ་གཞིར་བྱས་ཤིང་། སྤྱི་ཚོགས་ཡོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་ལ་དོ་ཁུར་བྱེད་པ་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བར་འབོད་སྐུལ་བཏང་ཡོད། བརྩམས་ཆོས་འདིར་སྔ་གཞུག་ཏུ་ཨེ་ཤ་ཡ་གླིང་གི་སྐབས་ཐོག་མའི་༼གསེར་གྱི་མངར་འབྲས་མེ་ཏོག་རྟགས་མ་༽དང་སྐབས་དྲུག་པའི་ཀྲུང་གོའི་མི་རིགས་སྐད་ཡིག་དང་མི་རིགས་བརྩམ་གཞིའི་༼གསེར་གཤོག་རྟགས་མའི༽བྱ་དགའ་ཨང་དང་པོ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་ཕུལ་བྱུང་ལེ་ཚན་གྱི་བྱ་དགའ་ཨང་དང་པོ་སོགས་བྱ་དགའི་རིགས་བཅུ་ལྷག་ཐོབ་མྱོང་།

 微信图片_20180724171942.jpg

         རྒྱུས་ལོན་པ་ལྟར་ན།  སྐབས་འདིའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་དུ་བསྡོམས་པས་རྒྱལ་ཁབ་43གྱི་གློག་བརྙན་འཕྲིན་བརྩམས་ཆོས་1000ལྷག་འགྲན་ཞུགས་མིང་ཐོར་བཀོད་པ་དང་། མཇུག་མཐར་རྒྱལ་ཁབ་32ཀྱི་གློག་བརྙན་འཕྲིན་བརྩམས་ཆོས་94བདམས་ཐོན་བྱུང་ནས་བྱ་དགའི་རྣམ་གྲངས་ཐག་བཅད་པ་རེད།

 微信图片_20180724171945.jpg 

འཁྲབ་ཁྲིད་པ་བསོད་རྡོ།

微信图片_20180724171948.jpg


དཔྱད་མཆན་ཡོད།