བདུན་རེའི་གློག་བརྙན་འཕྲིན་གསར་ཕྱོགས་བསྡུས།


1661069721863217.jpg

      སྤྱི་ཟླ༨པའི་ཚེས༢༡ཉིན། གཟའ་ཉི་མ། གཞོན་སྐྱེས་འཁྲབ་ཁྲིད་པ་སངས་རྒྱས་ཚེ་རིང་གི་སྒེར་ཚུགས་སྒྱུ་རྩལ་བརྩམས་ཆོས་གསར་པ«སྒེའུ་ཁུང་གི་ཕྱི་རོལ»ཞེས་པ་མི་འགྱངས་བར་ཕབ་སྐྲུན་བྱེད་འཆར་འདུག་ལ། ཡུལ་དངོས་དྲས་སྒྲིག་དང་གློག་འོད་མཛུབ་སྟོན་ཕྱོགས་ཀྱི་ཕབ་བསྐྲུན་ཚོ་ཆུང་གི་མི་སྣ་བསྡུ་བཞིན་འདུག་པས། མོས་པ་ཅན་ཚོས་གཤམ་གྱི་འབྲེལ་གནས་བརྒྱུད་ནས་འབྲེལ་བ་བྱེད་རོགས།

འབྲེལ་གནས།

                རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་དང་བརྩམས་ཆོས་ཕྱོགས་སྒྲིག་འདི་གའི་ཡིག་ཟམ་བརྒྱུད་ནས་བསྐུར་དགོས།

                     r.xu@twelveoaks.onaliyun.com

1809593209.jpg

         སྤྱི་ཟླ༨པའི་ཚེས༢༡ཉིན། གཟའ་ཉི་མ། ཆགས་མེད་རིན་པོ་ཆེས་འཁྲབ་ཁྲིད་གནང་བའི་སྒྱུ་རྩལ་གློག་བརྙན་བརྩམས་ཆོས«ཨ་ཐཱ»ཞེས་པ་གཟའ་ཉི་མའི་ཉིན་འདིར་པེ་ཅིན་ནས་འགྲེམ་སྟོན་དང་བགྲོ་གླེང་བྱ་འགུལ་ཞིག་སྤེལ་འཆར་འདུག

cfbdf544e76781ecf4a6ef9070ad745e.jpeg

1661070160216923.jpg

         སྤྱི་ཟླ༨པའི་ཚེས༢༠ཉིན། གཟའ་སྤེན་པ། གློག་བརྙན་གསར་པ«གཅིག་དང་བཞི»ཞེས་པའི་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལ་པེ་ཅིན་རྒྱལ་སྤྱིའི་གློག་བརྙནReelFocus༼   ཁྲག་རྒྱུན་གསར་པའི ༽  གློག་བརྙན་མཁན་རྩེ་གྲའི་བྱ་དགའ་ཐོབ།

1661070227561952.jpg

1690596098.jpg

         སྤྱི་ཟླ༨པའི་ཚེས༡༦ཉིན། གཟའ་མིག་དམར། བྱེས་ནས་རྩ་འཛུགས་གནང་བཞིན་པའི་བོད་ཀྱི་གློག་བརྙན་དུས་ཆེན་སྐབས་བཅུ་གསུམ་པ་ཟླ༩པའི་ཚེས༩ཉིན་སུད་སིའི་སུད་རི་ཆེར་ནས་འཚོག་གཏན་འཁེལ་ཞིང་། ཐེངས་འདིའི་དུས་ཆེན་གྱི་སྒྲོག་པར་ཁྱབ་བསྒྲགས་གནང་། མི་འགྱངས་བར་བྷོར་ལིན་དང་དྷ་རམ་སཱ་ལ། ལོན་ཊོན་སོགས་ནས་བོད་ཀྱི་གློག་བརྙན་དུས་ཆེན་འཚོག་འཆར་རེད།

1611886102.jpg

           སྤྱི་ཟླ༨པའི་ཚེས༡༥ཉིན། གཟའ་ཟླ་བ། འཁྲབ་ཁྲིད་པ་ཁྲིན་ཀོ་ཞིན་དང་ལྷ་དཔལ་རྒྱལ་གཉིས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གསར་པ«ལོ་ཁུངས་དང་འཇིགས་མེད»ཞེས་པ་ཐེངས་འདིའི་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་བརྒྱུད་ནས་ཆེས་ཐོག་མའི་གཟིགས་འབུལ་བྱས།

 ཡོང་ཁུངས། པྲ་དྲ།

དཔྱད་མཆན་ཡོད།