ཨ་རི་ནས་བོད་ཀྱི་གློག་བརྙན་སྐོར་འགྲེམ་སྟོན་བྱས།

 


  ཉིན་ཁ་ཤས་སྔོན་ལ་ཨ་རིའི་གྲོང་ཁྱེར་ཆེན་མོ་ཉིག་ཡོག་ཏུ་གནས་པའི་དེང་རབས་སྒྱུ་རྩལ་བཤམས་སྟོན་ཁང་མཱོ་མཱ (MoMA) ཞེས་པས་སྤེལ་བའི་༼པར་མིག་ནང་གི་བོད༽(Lens on Tibet)ཅེས་པའི་གློག་བརྙན་གཟིགས་འབུལ་བྱེད་སྒོ་མཇུག་སྒྲིལ།

 

image.jpg


    ད་རེས་གཟིགས་འབུལ་གནང་བའི་གློག་བརྙན་དག་གི་ཁྲོད་དུ། པད་མ་ཚེ་བརྟན་གྱི་༼འཚོལ༽དང་།  ཟོན་ཐར་རྒྱལ་གྱི༼དབུས་ལམ་གྱི་ཉི་མ༽མཁར་བྱམས་རྒྱལ་གྱི་༼དཔའ་བོའི་ལུང་པ༽ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་གི་༼སྔགས་པ༽དང་༼མཚོ་སྔོན་པོ༽སོགས་ཡོད་འདུག་ཅིང་། 
  གཞན་ཡང་ཕྱི་རྒྱལ་དང་མཉམ་ལས་སམ་ཕྱི་རྒྱལ་མི་སྣས་བོད་བརྗོད་གཞིར་བྱས་ཏེ་བཟོས་པའི་༼ཡེ་ཤེས་རྒྱུད་འཛིན་མ༽ (Daughters of Wisdomཞེས་པ་Bari Pearlmanགྱིས་བཟོས།)ཞེས་པ་དང་། པདྨ་བཀྲ་ཤིས་དང་ཡུས་ཏན་སིམེར་གྱིས་བཟོས་པའི་༼འཐམ་འཁྱུད༽(Embrace)ཞེས་པ། ཚེ་རིང་འཕེལ་བློ་སོགས་ཀྱི་༼དབྱར་མཚེར༽ཞེས་པ། Donaghདང་ལྷ་རིག་མཚོ་གཉིས་ཀྱི་༼གེ་སར་སྒྲུང་མཁན་གྱི་སྒྲུང༽ཞེས་པ་སོགས་ཁ་ཤས་ཀྱང་ཡོད་འདུག

 

2014081811400944.jpg


   ད་ཐེངས་གཟིགས་འབུལ་གནང་བའི་གློག་བརྙན་དག་ཀྲུང་གོ་དང་བྱང་ཨ་རི། ཡོ་རོབ་བཅས་ནས་ཡིན་པ་དང་། ཀྲུང་ཕྱི་མཉམ་འབྲེལ་ཐོག་བཟོས་པའི་གློག་བརྙན་རེ་གཉིས་ཀྱང་ཡོད་པར་སྣང་། གཟིགས་འབུལ་འདམས་ཐོན་གྱི་གློག་བརྙན་ལས། སྙན་ངག་པ་གྲགས་ཅན་དང་གློག་བརྙན་འཁྲབ་ཁྲིད་པ་ལྗང་བུའམ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་དང་ཁོང་གི་གྲོགས་པོ་ཨ་སྟག་གཉིས་ཀྱིས་མཉམ་བཟོ་བྱས་པའི་༼དབྱར་རྩྭ་རིན་པོ་ཆེ༽ཞེས་པ་དེ་ཐེངས་འདིའི་དབུ་འབྱེད་གློག་བརྙན་ལ་བདམས་ཡོད་པ་མ་ཟད། བྱེད་སྒོ་འགོ་བཙུགས་པ་ནས་མཇུག་བསྡུ་བའི་བར་དུ་ཉིན་ལྟར་གཟིགས་འབུལ་ཐེངས་རེ་གནང་གིན་ཡོད་འདུག་ལ། འཁྲབ་ཁྲིད་པ་དང་གཟིགས་མོ་བའི་བར་གྱི་བགྲོ་གླེང་བྱེད་སྒོའང་ཐེངས་ཁ་ཤས་བཀོད་སྒྲིག་བྱས་ཡོད་འདུག 


 658fbde5gw1ejc15xdlh3j21kw21mwxa.jpg

གནས་ཚུལ་རྒྱས་པ་འདི་ལས་རྟོགས་པར་བྱའོ།། http://www.moma.org


             ༼པྲ་དྲ༽ནི་བོད་ཡིག་ལམ་ནས་གློག་བརྙན་སྐོར་གྱི་ཤེས་བྱ་དང་གཞུང་ལུགས་ངོ་སྤྲོད་སའི་སྡིངས་ཆ་ཞིག་ཡིན།

 

     གློག་བརྙན་སྐོར་གྱི་རྒྱུ་ཆ་གསོག་འཇོག་དང་གཞུང་ལུགས་ཚུར་ལེན། སྣང་ཚུལ་དཔྱད་བརྗོད་ཀུན༼པྲ་དྲ༽ཡིས་གཅིག་ལྕོགས་བྱས་ཡོད།

 

        ཁྱེད་ལ་གློག་བརྙན་སྐོར་གྱི་རྩོམ་གང་ཡོད༼པྲ་དྲ༽རུ་བཏང་ཆོག འདི་ནི་ང་ཚོ་ཐུན་མོང་ལ་དབང་བའི་གར་སྟེགས་ཤིག་ཡིན།


 

དཔྱད་མཆན་ཡོད།