«དགུན་ལམ་རིང་མོ»ཨ་མདོ་རྔ་བ་རུ་ཕབ་སྐྲུན་གྱི་འགོ་ཚུགས་པ།

480932008.jpg

            ཉེ་ལམ་ན་གཞོན་འཁྲབ་ཁྲིད་པ་སྐྱབས་བྷེ་ལགས་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ«དགུན་ལམ་རིང་མོ»ཞེས་པ་དེ་ཨ་མདོ་རྔ་བ་རུ་ཕབ་སྐྲུན་གྱི་འགོ་ཚུགས། 

            གློག་བརྙན་དགུན་ལམ་རིང་མོ་ནི་ན་གཞོན་འཁྲབ་ཁྲིད་པ་སྐྱབས་བྷེ་ལགས་ཀྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་ཀྱི་འགན་གཅིག་ལྕོགས་སུ་འཁུར་བའི་གཏམ་རྒྱུད་གློག་བརྙན་དེ་ཐོག་མ་ཡིན།  གློག་བརྙན་འདིའི་ནང་དུ་ལོ་ཞིག་ལ་ཁངས་ཆེན་བབས་པ་དང་ལོ་དེར་སྤྱང་ཀིའི་འདུར་རྒྱུགས་རྒོད་པས་ལུག་མང་བོ་ཤི།  དེ་མིན་ཁོའི་ཆུང་མར་མངལ་ཆགས་པ་སོགས་ཀྱིས་དགུན་ཁ་དེར་ཁོ་གཉིས་ཀྱི་འཚོ་བར་དཀའ་ཁག་རབས་དང་རིམ་པ་བྱུང་བའི་གནས་ཚུལ་བརྗོད་ཡོད།


1514125962309011.jpg

1514126006682268.jpg

1514126133928324.jpg

                           གཙོ་འཁྲབ་པ་སྲས་མཚོ།  ཤོམ་པ་དང་ཇུས་འགོད་པ།  འཁྲབ་སྟོན་པ།

1514126451214427.jpg

1514126496846219.jpg

                      གཙོ་འཁྲབ་པ་བདེ་ལྡན།  ཤོམ་པ་དང་གཞས་གཏོང་མཁན།  འཁྲབ་སྟོན་པ།

1514126638137946.jpg

               སྐྱབས་བྷེ་ནི་ན་གཞོན་འཁྲབ་ཁྲིད་པ་དང་རྩོམ་པ་པོ་ཞིག་ཡིན།  ཁོ་རང་སློབ་གྲྭ་ཆུང་འབྲིང་ནས་མཐར་ཕྱིན་ཏེ་དུས་ད་ལྟ་པེ་ཅིན་གློག་བརྙན་སྒྱུ་རྩལ་སློབ་གླིང་དུ་འཁྲབ་ཁྲིད་དང་འཁྲབ་གཞུང་གསར་རྩོམ་གྱི་ལས་ལ་འབད་ཀྱིན་ཡོད།  ཁོང་གི་བརྩམས་ཆོས་ལ་སྙན་དེབ༼   སྟ་གོན ༽  དང་བརྩམས་སྒྲུང༼    ཁྱི་མོ་དཀར་པོ  ༽  སོགས་གཙོ་བྱས་པའི་འབོལ་རྩོམ་སོགས་དྲ་བ་དང་ཚགས་པར།  དུས་དེབ་སོགས་སུ་བརྩམས་ཆོས་མང་པོ་ཞིག་སྤེལ་ཡོད།  དེ་མིན་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཁོ་ནི་ནང་སེམས་ཀྱི་དགའ་སྐྱོ་སྙན་ངག་གི་དབྱངས་སུ་གྱེར་བར་གོམས་པ་ཞིག་ཡིན།  ཁོས་བཤད་ན།  སྒྱུ་རྩལ་ནི་ཡིད་དུ་འོང་བའི་ཁེར་རྐྱང་ཞིག་དང་སྐྱོ་གདུང་གི་རང་དབང་ཞིག་རེད།  རྩོམ་རིག་དང་གློག་བརྙན་གྱིས་ང་ལ་རང་དབང་གི་འཇིག་རྟེན་ཡན་གར་བ་ཞིག་བསྐྲུན་ཡོང་།  དེ་དག་མེད་ཚེ་ང་རང་འཇིག་རྟེན་འདིར་གསོན་ཡོད་མེད་ཀྱང་བཤད་ཁག་པོ་ཡིན་ཞེས་བཤད་མྱོང་།  ཉེ་ལམ་ཁོས་ཕ་ཡུལ་ནས་གློག་བརྙན་བརྩམས་ཆོས༼   དགུན་ལམ་རིང་མོ  ༽  ཞེས་པ་ཕབ་སྐྲུན་བྱེད་མུས་སུ་ཡོད། 

དཔྱད་མཆན་ཡོད།