སློབ་ཆེན་བུ་མོ་ཞིག་གིས་གློག་བརྙན«རྒྱང་རིང»ལ་བལྟས་པའི་མྱོང་ཚོར།

  གློག་བརྙན་«རྒྱང་རིང»ལ་བལྟས་པའི་མྱོང་ཚོར།

                                                            སྒྲོལ་དཀར་ལྷ་མོ།

འཁྲབ་མཁན་མི་སྣ་རང་གི་མི་གཤིས་ཀྱི་ཐད་ནས་བཤད་ཁུལ་བྱས་ན་གཞན་དང་ཐུན་མོང་མིན་པའི་ཁྱད་ཆོས་ཡོད་དེ། མི་གཤིས་ལ་ལྷོད་ཆ་ལྡན་ཞིང་བབ་ཆགས་པ། དམུགས་འདུན་ཡོད་པ། བསྟན་ཚུགས་ཡོད་པ། ཅུང་སྐྱོ་སྣང་ལྡན་པ། དེ་ནི་ཁོའི་ཕུགས་འདུན་དང་འབྲེལ་ཡོད་པ་ཤ་སྟག་རེད་འཚོལ་སྙེག་གི་སྙིང་སྟོབས་ཡོད་པ་བཅས་ནི་གསར་བུ་སྤྱིར་བཏང་བ་ཞིག་དང་མི་འདྲ་སའི་ཁྱད་ཆོས་གཙོ་བོ་ཡིན་པར་སྣང་། གང་ལྟར་ཁོ་ནི་མི་བུ་རེ་བ་ཅན་ཞིག་རེད་ཨང་ཟེར་ཆོག རྒྱུ་མཚན་ཁོ་རང་ལ་ཕུགས་འདུན་བསྟན་པོ་ཞིག་འདུག

 ཡང་གཅིག་བཤད་ན་ཁོ་ནི་བོད་ཀྱི་རྩོམ་པ་པོ་ཚེ་རིང་དོན་འགྲུབ་གི་བརྩམས་སྒྲུང་།«རྭ་ལོ»ཞེས་པའི་ནང་གི་མི་སྣ་རྭ་ལོ་ཟེེར་བ་དེ་ཡང་དྲན་ཡོང་དུ་བཅུག་སོང་། ཐོག་མར་རྭ་ལོ་སློབ་གྲྭར་སོང་ཞིང་བར་ནས་གྲྭ་བ་བྱས། དེའི་བར་སྐབས་ནས་ཡང་མར་སྐྱ་སར་བབས་ནས་དམག་པར་སོང་། དམག་པ་ནས་མ་འགྲིག་པར་ཕྱིར་ཕུད་་་དེ་ནས་ཡང་་་་་་སོགས་རྭ་ལོའི་ལས་དབང་འདིའི་ཐོག་ནས་བོད་ཀྱི་མི་གཤིས་མཚོན་ཡོད་པ་བཤད། «རྒྱང་རིང»ཞེས་པའི་ནང་གི་མི་སྣ་བློ་བཟང་གི་མི་གཤིས་དང་ལས་དབང་འདི་ཡང་བོད་ཀྱི་ལས་དབང་མཚོན་ཡོད་ཟེར་ན་མི་ཆོག་རྒྱུ་ཡང་མི་འདུག་ལ་རྭ་ལོ་དང་ཆ་འདྲ་ཆ་ཡང་ཡོད་ངེས། ཡིན་ནའང་བློ་བཟང་ནི་རྭ་ལོ་ལས་སྙིང་སྟོབས་ཆེ་ཞིང་དམུགས་འདུན་གསལ་བ། ཁོའི་དགའ་ཕྱོགས་གི་དམུགས་འདུན་མ་གཏོགས་གཞན་བརྩེ་དུང་དང་ཁྱིམ་གྱི་སྐོར་སོགས་ལ་ཉོག་འཛིང་མེད་པའི་འཚོ་བ་དྭངས་གཙང་ཡིན་པ་ནི་རྭ་ལོ་དང་བསྡུར་ས་མེད་པའི་གནམ་ས་ལྟ་བུའི་ཁྱད་པར་ཡོད་དོ། གང་ལྟར། ཀློག་པ་པོ་རང་ངོས་ནས་བཤད་ན་བློ་བཟང་གི་གཤིས་ཀར་དད་ཀྱང་རྒྱབས་སྐྱོར་ཡོད། མི་སྣའི་ཕྱིའི་རྣམ་པའི་ཐོག་ནས་བསམ་ན། བབ་ཆགས་ཤིང་སྐྱེས་གཟུགས་ཡག བུད་མེད་མང་བོ་ཞིག་གི་སྣང་བའི་བཅུད་ཡིན་ངེས་སོ། མདོར་ན། རྒྱང་རིང་ནི་ཁོའི་མི་ཚེའི་ཕུགས་འདུན་དེ་ལམ་ལ་ཆས་པའི་སྒང་དང་རེ་བའི་ཁེངས་བའི་མི་ཚེ་ཞིག་གོ

དཔྱད་མཆན་ཡོད།