འཇིགས་མེད་འཕྲིན་ལས་ཀྱི་གློག་བརྙན་《གཅིག་དང་བཞི་》ཞེས་པ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ།

ཉེ་བའི་ཆར། སྐབས་ཉེར་གསུམ་པའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་མ་འཇོག་རྣམ་གྲངས་(电影项目创投  SIFF PROJECT)ལས། བཟོ་སྒང་གི་རྣམ་གྲངས་(制作中项目 Work in Progress Project) ཞེས་པའི་ཚན་པར་ཚུད་པའི་མིང་ཐོ་དངོས་སུ་བསྒྲགས་པ་ལས། 

640.png

656565.png

WechatIMG3811.jpeg

འཇིགས་མེད་འཕྲིན་ལས་(འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་བུ།)ཀྱིས་འཁྲབ་ཁྲིད་དང་། པད་མ་ཚེ་བརྟན་དང་ཧུའུ་ཁད་མཱེན་(侯克明)གྱིས་ལྟ་སྐུལ། སྦྱིན་པ་དང་བང་ཀྲིན་སོགས་ཀྱིས་འཁྲབ་སྟོན་བྱས་པའི་གློག་བརྙན་《གཅིག་དང་བཞི་》(《一个和四个》)ཞེས་པ་རྣམ་གྲངས་སུ་ཚུད་འདུག ། གློག་བརྙན་འདི་ནི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་གི་སྒྲུང་བཅོས་སྒྲིག་བྱས་ཤིང་། མདོ་དབུས་མཐོ་སྒང་དུ་བྱུང་བའི་ཡ་མ་བརླའི་དོན་ཅིག་སྟེ། ཁངས་ཆག་ལྷུང་ལ་ཁད་དུ། ནགས་སྲུང་བའི་ཁྱིམ་དུ་མགྲོན་པོ་གློ་བུར་བ་གསུམ་སླེབས་པ་དང་། ནགས་སྲུང་བ་ཉིད་ཅི་ཡིན་ཆ་མ་འཚལ་བའི་གྱོད་དོན་ཞིག་ཏུ་ཚུད་སོང་བ་སོགས་བརྗོད་ཡོད།

འཇིགས་མེད་འཕྲིན་ལས་ནི་པེ་ཅིང་གློག་བརྙན་སློབ་གླིང་ནས་མཐར་ཕྱིན་ཅིང་། སྔ་ཕྱིར་《ལག་དམར》དང་《ཆུ་ལྷམ་ཆུང་ཆུང་།》《དབུགས་ལྒང་》སོགས་གློག་བརྙན་བཟོ་སྐྲུན་གྱི་ལས་ལ་ཞུགས་ཡོད་ཅིང་། བརྙན་ཐུང་ཁ་ཤས་ཀྱང་ཕབ་ཡོད།

འོས་སྦྱོར་གྱི་གཏམ། གཏམ་རྒྱུད་གྲིམ་ལ་ཡང་ཆོབ་ཚ། བྱུང་རིམ་དང་སྒྲིག་གཞི་ཡོངས་སུ་སྨིན། གནས་ཡུལ་འདྲ་མིན་གྱི་བརྗེ་སྤོར་ལ་བྱང་ཆ་ལྡན། རྩོམ་པ་པོའི་གློག་བརྙན་གྱི་བརྗོད་སྟངས་དང་ཁྱད་གཤིས་འཛོམས་པའི་རིགས་མཐུན་གློག་བརྙན་ཞིག་ཡིན་པ་མ་ཟད། བོད་བརྙན་གསར་སྤེལ་བྱ་བའི་རྒོད་སེམས་ཤིག་ཀྱང་རང་ཆས་སུ་འཛོམས་འདུག 

推荐语:故事严谨且扑朔迷离,叙事节奏与结构成熟,封闭空间与开放空间转换自如。不仅仅是一部具有作者表达和作者风格的类型电影,还具有进一步发掘藏地电影的野心。

454.jpg

དཔྱད་མཆན་ཡོད།