བདུན་རེའི་གློག་བརྙན་འཕྲིན་གསར་ཕྱོགས་བསྡུས།

1684007307.jpg

        སྤྱི་ཟླ༩པའི་ཚེས༢༦ཉིན། གཟའ་ཟླ་བ། འཇིགས་བྷ་ལས་སྒྲུབ་ཁང་གིས་གློག་བརྙན་ཟིན་འགོད་སྒོ་སམ་ཞིག་གསར་དུ་བཟོས་འདུག་ལ། གློག་བརྙན་ཟིན་འགོད་སྒོ་སམ་འདི་སྐད་གཉིས་ཤན་སྦྱར་ཚུལ་དུ་བཟོས་ཡོད་ཅིང་། འཁྲབ་ཁྲིད་པ་དག་ལ་མཚོན་ན། གློག་བརྙན་ཕབ་བསྐྲུན་ལས་རིམ་ཁྲོད་མེད་དུ་མི་རུང་བའི་ཡོ་བྱད་ཅིག་ཡིན།

955875145.jpg

       སྤྱི་ཟླ༩པའི་ཚེས༢༧ཉིན། གཟའ་མིག་དམར། ན་གཞོན་འཁྲབ་ཁྲིད་པ་དམེ་ཚང་རྟ་ཁོའི་གློག་བརྙན་བརྩམས་ཆོས«བློ་བཟང་དང་གཡག་རྒན»ཞེས་པ༢༠༢༢ལོའི་ཀྲུང་གོ(ཀྲིན་ཀྲོའུ།)གསེར་གྱི་གླང་ཕྲུག་རྟགས་མའི་བྱིས་པའི་གློག་བརྙན་དུས་ཆེན་གྱི་བརྙན་ཐུང་སྡེ་ཚན་དུ་ཚུད་པའི་གནས་ཚུལ་འབྱོར། གློག་བརྙན་འདི་ནི་ཆུང་དུས་ནས་ངག་མི་འཁྲོལ་བའི་བྱིས་པ་ཞིག་དང་གཡག་རྒན་ཞིག་གི་བར་དུ་བྱུང་བའི་གཏམ་རྒྱུད་གཞིར་བཟུང་ནས་བྱིས་པ་ལྐུགས་པ་དེའི་ནང་སེམས་ཀྱི་འཇིག་རྟེན་དང་མི་དང་དུད་འགྲོའི་བར་ཀྱི་བརྩེ་བ། འབྲོག་ཁྱིམ་ཕལ་བ་ཞིག་གི་འཚོ་བའི་གནས་སྟངས་དང་དུས་ཀྱི་འགྱུར་ལྡོག་གི་ཁ་མཚམས་སུ་གནས་པའི་བྱ་དངོས་གསར་རྙིང་གི་འགལ་འདུ་བརྗོད་པའི་གཏམ་རྒྱུད་ཞིག་ཡིན།

1223588067.jpg

         སྤྱི་ཟླ༩པའི་ཚེས༢༧ཉིན། གཟའ་མིག་དམར།  ཆིན་ཏའོ་གྲོང་ཁྱེར་དུ༼  སྙན་ངག་གློག་བརྙན་དང་འཕྲད་པ  ༽ཞེས་པའི་བརྗོད་གཞིའི་ཐོག་ནས་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་གློག་བརྙན«དབུགས་ལྒང»གཟིགས་འབུལ་བྱས་ཤིང་། གཟིགས་འབུལ་བྱས་རྗེས་འཁྲབ་ཁྲིད་པ་དང་བགྲོ་གླེང་གི་བྱ་འགུལ་སྤེལ།

217142092.jpg

         སྤྱི་ཟླ༩པའི་ཚེས༢༧ཉིན། གཟའ་མིག་དམར།   ཧྲང་ཧེ་རིག་གནས་འཕེལ་རྒྱས་ཐེབས་རྩ་ཚོགས་པའི༢༠༢༢ལོའི་ལས་གཞི་རོགས་སྐྱོར་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས། དགའ་འོས་པ་ཞིག་ལ་གློག་བརྙན་འཁྲབ་གཞུང«གཅིག་དང་བཞི»མིང་ཐོ་ཁྲོད་ཚུད་འདུག 

1086360604.jpg

        སྤྱི་ཟླ༩པའི་ཚེས༣༠ཉིན། གཟའ་པ་སངས། ༢༠༢༢ལོའི་སྐབས་གཉིས་པའི༼  འཛམ་གླིང་འབྲོག་ལས་བརྙན་ཐུང་འགྲེམ་སྟོན  ༽གྱི་ནང་དུ་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དགའ་འོས་པ་ཞིག་ལ་འཁྲབ་ཁྲིད་པ་བསྟན་འཛིན་ཟླ་བའི་གཏམ་རྒྱུད་གློག་བརྙན«ཟོག་གིས་ཁྲིད་པའི་བུ་མོ།»(被牛牵着的女子)(རྩོམ་སྒྲིག་པས་བསྒྱུར།)གངས་སྒྲོན་གྱི«གླིང་ག་གླིང་ག» «དབྱར་སྐྱིད་ཕྲ་མོ།» བྱང་ཆུབ་ལྷ་མོའི«ཁེར་བགྲོད།»(独行)(རྩོམ་སྒྲིག་པས་བསྒྱུར།)ཚེ་རིང་དབྱངས་ཅན་གྱི«ཝང་སྒྲ།»(耳鸣)(རྩོམ་སྒྲིག་པས་བསྒྱུར།) དགོན་པ་ཐར་གྱི«ཨ་མྱེས་ཀྱི་མེ་མདའ།» བསྟན་པ་ཚེ་རིང་གི«བློ་བཟང་དང་གཡག་རྒན།» དབྲ་ཁྱུང་ཡེ་གྲགས་ཀྱི«སྤྱང་ཀི་ཐོན་ཐལ།» བཀྲ་ཤིས་རྒྱ་མཚོ་ཡི«གཙང་པོའི་ཕ་རོལ»(河的另一边)(རྩོམ་སྒྲིག་པས་བསྒྱུར།)བཅས་མིང་ཐོ་ཁྲོད་ཚུད་འདུག

དཔྱད་མཆན་ཡོད།