དབྱིན་རྒྱལ་མོ།

ཨི་ལེ་ཟི་བྷེ་དྷི་གཉིས་པ།

4B73890C-504E-47C4-BC4B-53FFBD31AA19.jpeg

       མིང་ཆ་ཚང་ལElizabeth Alexandra Mary Windsorའབོད་པ། ཁོང་ནི་སྤྱི་ལོ་༡༩༢༦ལོའི་ཟླ་༤བའི་ཚེས་༢༡་ཉིན་འཇར་མན་གྱི་ཁྲག་རྒྱུད་ཡོད་པའི་དབྱིན་ཇིའི་རྒྱལ་བོ་ལྗོ་ལྗི་དྲུག་པ་དང་ཁོང་གི་ལྕམ་ཨི་ལེ་ཟི་བྷེ་དྷི་གཉིས་ཀྱི་སྲས་མོ་རུ་འཁྲུངས། 

       ཡབ་རྒྱལ་བོ་༡༩༥༢ལོ་སྐུ་གཤེགས་རྗེས་མོ་རང་རྒྱལ་རྒྱུད་འཛིན་མཁན་གཅིག་པོ་ཡིན་པས་ལུགས་ལྟར་ཁྲི་ལ་བཀོད་དེ་དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཟི་བྷེ་དྷི་གཉིས་པར་ཆགས(གཉིས་པ་འབོད་དོན་ནི༡༥༥༨ནས་༡༦༠༣བར་རྒྱལ་སྲིད་བཟུང་ཞིང་མོ་དང་མིང་གཅིག་པའི་རྒྱལ་མོ་ཞིག་བྱུང་བས་ཡིན)། ཡབ་མ་གཤེགས་སྔོན་ཁོང་གིས་འཛམ་གླིང་དམག་འཁྲུག་ལ་གདོང་གཏད་ནས་བཙན་འཛུལ་ལ་རྒོལ་ལན་སྤྲད་ཅིང་དབྱིན་ཇིའི་རྒྱལ་ཁབ་དང་མི་དམངས་ལ་སྲུང་སྐྱོབས་བྱས་ཏེ་མཐར་རྒྱལ་ཁ་ཐོབ། སྐབས་དེ་དུས་ལོ་ན་གཞོན་པའི་ཨི་ལེ་ཟི་བྷེ་དྷི་གཉིས་པས་ཡང་རང་ཉིད་ཀྱི་ཚེ་སྲོག་ལ་མ་འཛེམས་པར་དབྱིན་ཇིའི་མང་ཚོགས་རྣམས་དམག་འཁྲུག་གི་འཇིགས་པ་ལས་བསྐྱབས་ཅི་ཐུབ་བྱས་པས་མི་དམངས་མང་ཚོགས་ཡང་མོ་ལ་དགའ་བ་སྐྱེས།

D3F15821-9B77-4012-BF82-7D252BC5426D.jpeg   

         དེའི་རྐྱེན་མོ་རང་ཁྲི་ལ་བཀོད་རྗེས་ཡང་མི་དམངས་ཀྱིས་བླ་ན་མེད་པའི་བརྩི་འཇོག་དང་གུས་བཀུར་བྱས། དེ་ལྟར་མི་ལོ་༧༠ཁྲི་ལ་བཞུགས་རྗེས་དགུང་ལོ་གོ་བདུན་པ་སྤྱི་ལོ་༢༠༢༢ལོའི་ཟླ༩པའི་ཚེས་༨ཉིན་དབྱིན་ཇིའི་མངའ་སྡེ་སི་ཁོ་ཐྲི་ལན་ཏི་རུ་སྐུ་འདས། ཁོ་མོ་ནི་དབྱིན་ཇིའི་ལོ་རྒྱུས་ནང་ཁྲི་བཞུགས་ཡུན་ཆེས་རིང་ཤོས་དེ་གྱུར་ཡོད།

61BB6714-B2D6-444D-8B3A-742FEA516FAC.jpeg

ལོ་ན་གཞོན་པའི་ཝེ་ཁུ་ཐོ་རེ་ཡ།

4F7BD15F-3324-47D8-9E6A-7EA965538C28.jpeg

       གློག་བརྙན་འདིའི་བསྟན་དོན། ཝེ་ཁུ་ཐོ་རེ་ཡ་(1840-1901)ལོ་ན་ཆུང་དུས་སུ་ཨ་མས་མོ་རང་གི་བྱ་སྤྱོད་མང་བོ་ལ་ཚོད་འཛིན་བྱས་པར་ཡིད་མ་རངས་བར་བསྡད་ཡོད་དུས་མོ་རང་གི་གཉེན་ཉེ་མིང་ལ་ཕཱ་ཐི་ཟེར་བའི་ཕོ་གསར་ཞིག་དང་འཕྲད་པས་ཕན་ཚུན་ལ་བརྩེ་བ་ཆགས།

       རྗེས་ཕྱོགས་མོ་རང་དབྱིན་ཇིའི་རྒྱལ་མོ་ཆགས་ཤིང་འགྲམ་ལ་འདྲིས་ཟབ་པའི་མི་ཉུང་བས་ཕཱ་ཐི་གམ་དུ་བོས་ཤིང་གཉེན་བསྒྲིགས། འདི་ནི་ཉེ་འབྲེལ་ཕན་ཚུན་བར་ལ་བྱུང་བའི་གཉེན་སྒྲིག་ཅིག་ཀྱང་རེད། དེ་ན་ཝེ་ཁུ་ཐོ་རེ་ཡ་ནི་ཨི་ལེ་ཟི་བྷེ་དྷི་གཉིས་པའི་ཨ་ཕྱི་ཡིན་པར་མ་ཟད་ཆབ་སྲིད་དང་དམག་དོན་ལ་ཧ་ཅང་མཁས་པས་ཁོ་མོའི་སྲིད་འཛིན་སྐབས་སུ་དབྱིན་ཇིའི་རྒྱལ་ཁབ་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ས་རྒྱ་ཇེ་ཆེར་སོང་བ་དང་དབྱིན་ཇི་ལ་ཉི་མ་མི་ནུབ་པའི་རྒྱལ་ཁབ་ཅེས་པའི་མིང་དེ་ཡང་འདིའི་སྐབས་སུ་ཐོགས།

ཨི་ལེ་ཟི་བྷེ་དྷི་གཉིས་པ།

52DFE51E-CC9B-475B-8F86-864429C7BE2B.jpeg

https://haokan.baidu.com/v?pd=wisenatural&vid=4569758617315524662

         དངོས་བཤུས་གློག་བརྙན་འདི་ནི་BBCགསར་ཁག་གིས་ལོ་མང་རིང་ཨི་ལེ་ཟི་བྷེ་དྷི་གཉིས་པའི་སྐོར་འཚོལ་བསྡུ་དང་བཅར་འདྲི། སྒྲ། བརྙན་སོགས་ཕབ་སྐྲུན་བརྒྱུད་ཨི་ལེ་ཟི་བྷེ་དྷི་གཉིས་པ་ཡི་འཚོ་བ་དང་བརྩེ་དུང་། ལོ་རྒྱུད་ཁྲོད་ཀྱི་འགྱུར་བ། དམག་འཁྲུག་དང་རྒྱལ་ཁབ་བར་གྱི་འབྲེལ་བ་སོགས་ཀྱིས་ཁོ་མོ་ལ་ཐེབས་པའི་ཤུགས་རྐྱེན་སོགས་གསལ་བརྗོད་བྱས་འདུག གློག་བརྙན་འདིའི་ནང་དུ་ང་ཚོ་དང་ཆེས་ཐག་ཉེ་བའི་མི་ལོ་བརྒྱའི་རིང་གི་དབྱིན་ཇི་གཙོ་བྱས་པའི་འཛམ་གླིང་གི་འགྱུར་ལྡོག་སོགས་གསལ་བོར་མཐོང་ཐུབ་པས་ཀུན་གྱིས་ལྟ་འོས་པ་ཞིག་འདུག

ཡོང་ཁུངས་པྲ་དྲ།

དཔྱད་མཆན་ཡོད།