དགུན་ཟླ་རིང་མོ།

ནང་དོན་མདོར་བསྡུས།

        བརྙན་ཐུང་༼དགུན་ཟླ་རིང་མོ༽ཞེས་པ་འདི་ནི་མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་རྒྱ་ཁྱབ་ཚད་ཡོད་སྤྱི་གཉེར་ཁང་གིས་བརྙན་ལེན་དང་ཕབ་བསྐྲུན་བྱས་ཤིང་། ས་གནས་རང་གི་གཞོན་སྐྱེས་འཁྲབ་ཁྲིད་པ་ལྷ་མོ་དོན་གྲུབ་ཀྱིས་འཁྲབ་ཁྲིད་བྱས་པའི་རིག་རྩལ་བརྙན་ཐུང་ཞིག་ཡིན་པ་དང་། བརྙན་ཐུང་འདི་ནི་དངོས་བྱུང་གཏམ་རྒྱུད་ཅིག་བཅོས་སྒྲིག་བྱས་ཏེ་གྲུབ་པ་ཞིག་ཡིན་འདུག གློག་བརྙན་ནང་གི་རྡོར་ལོ་ནི་གཟེབ་གྲུག་རྩེ་བར་ཤིན་ཏུ་དགའ་བའི་སློབ་ཆེན་པ་ཞིག་ཡིན་ལ། ཐེངས་ཤིག་ཁོང་གིས་སློབ་གྲྭའི་གཟེབ་གྲུག་འགྲན་བསྡུར་ནང་ཞུགས་ཆེད་རང་གི་ཕུ་བོར་གཟེབ་གྲུག་རྩེད་སྤྱད་ཀྱི་ལྷམ་ཆ་གཅིག་ཉོ་དགོས་པའི་རེ་འདུན་བཏོན། ནུ་བོའི་རེ་འདོད་བཞིན་ཕུ་བོ་ཕ་ཡུལ་ནས་གྲོང་ཁྱེར་དུ་ཡོང་བའི་ལམ་བར་ནས་སྟབས་མ་ལེགས་པར་རླངས་འཁོར་དོན་རྐྱེན་བྱུང་ནས་ཚེ་ལས་འདས། སྙིང་ལ་གཟན་པའི་དོན་རྐྱེན་གློ་བུར་བ་དེ་བྱུང་རྗེས། རྡོར་ལོ་ཕྱིར་རང་ཁྱིམ་དུ་ལོག་ཅིང་མིག་མདུན་གྱི་ཡིད་སྐྱོ་བའི་དོན་དག་ཡོད་ཚད་ལ་གདོང་ལེན་མི་བྱེད་ཐབས་མེད་དུ་གྱུར་བའི་གཏམ་རྒྱུད་བརྗོད་ཡོད།


 བརྙན་ཐུང་དང་འབྲེལ་ཡོད་པར་རིས།   

webwxgetmsgimg (2).jpg

webwxgetmsgimg (3).jpg

webwxgetmsgimg.jpg

བརྙན་ཐུང་གི་འདྲ་པར།

བརྙན་ཐུང་ཕབ་བསྐྲུན་གྱི་ཡུལ་དངོས།

(ངེད་དྲ་བའི་ནང་དོན་གང་བྱུང་དུ་དགོལ་མི་རུང་།)

དཔྱད་མཆན་ཡོད།