རྩམ་པ།


སི་ཁྲོན་མཛོད་དགེའི་ཡུལ་གྱི་གནས་གཆོག་འབྲིང་བ། མཚོ་ངོས་ལས་རྨིད་སུམ་སྟོང་ལྷག་ཡོད་སའི་ཡུལ་དེར། འཁྲབ་ཁྲིད་པས་ལོ་ངོ་གསུམ་ཙམ་ལ་དཀའ་སྡུག་དང་བརྩོན་པ་ཡིས་དངོས་ཟིན་གློག་བརྙན༼  རྩམ་པ ༽ ཞེས་པ་ཞིག་ཕབ་སྐྲུན་བྱས། ༼རྩམ་པ༽ནི་ནས་འབྲུ་ལས་བྱུང་བ་ཞིག་སྟེ། མདོ་དབུས་མཐོ་སྒང་ཁོ་ནར་འདེབས་ཤིང་སྐྱེས་པའི་ཁ་ཟས་གཙོ་བོའི་རིགས་ཤིག་ཡིན། དེ་ཡང་། ཐོག་མར་ནས་འབྲུ་མ་བཏབ་སྔོན་གྱི་ལས་ཀ་དང་། དེ་ནས་འདེབས་པ་དང་སྲུང་བ། སྐྱོང་བ། འབྲེག་པ། རྡུང་བ། འཐགས་པ་སོགས་རྒྱུད་རིམ་མང་པོ་བརྒྱུད་དེ་བྱུང་བ་ཞིག་ཡིན། དེ་ནི་ཡུལ་དུས་མི་སྣ་བྱ་བ་སོགས་ཟུར་དང་ཕྱོགས་མི་འདྲ་བ་མང་པོ་ལས་གྲུབ་པ་སྨོས་མ་དགོས་པ་རེད། དེའི་ཕྱིར་དངོས་ཟིན་གློག་བརྙན༼  རྩམ་པ ༽ཞེས་པ་འདི་ཡི་བརྙན་མིག་རེ་རེ་ནི་དེ་དང་དེ་མཚུངས་ཀྱི་ཀྱག་ཀྱོག་མང་པོ་བརྒྱུད་དེ་ཕབ་པ་ཤ་སྟག་ཡིན་ལ། འདི་རུ་མི་རིགས་ཤིག་གི་རིག་གནས་དང་གོམས་གཤིས། ཁོར་ཡུག་དང་སྐྱེ་ཁམས་སོགས་ཀྱི་ཟུར་རེ་རེ་གྲ་མ་ཉམས་གྲུ་མ་ཆག་པར། རྟག་ཆད་ཀྱི་མཐའ་རུ་མ་ལྷུང་བའི་ངང་ནས་གསོན་ཉམས་ལྡན་པར་མངོན་དུ་བཅུགས་ཡོད་དོ།

དཔྱད་མཆན་ཡོད།