གདུགས་དཀར་ཚེ་རིང་།

 


              W020090724411397810803.jpgཧི་མ་ལ་ཡ་གློག་བརྙན་བརྒྱུད་སྒྲོག་ཚད་ཡོད་ཀུང་སིའི་སྒྲ་ལེན་པ་གདུགས་དཀར་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ནས་སྐྱེས་ཤིང་། སྔ་གཞུག་ཏུ་པེ་ཅིང་གློག་བརྙན་སློབ་གླིང་གི་སྒྲ་ལེན་ཚན་ཁག་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རྩོམ་རིག་ཚན་ཁག་ཏུ་སློབ་སྦྱོང་བྱས། ༢༠༠༠ལོ་ནས་བཟུང་རོལ་དབྱངས་གསར་རྩོམ་དང་སྒྲིག་བཟོ་བྱ་བའི་ལས་སུ་ཞུགས་ཏེ།《ཕ་ཡུལ》ཞེས་པ་གཙོ་བྱས་པའི་གླུ་དབྱངས་ཉི་ཤུ་ལྷག་ཙམ་གྱི་དབྱངས་དང་ཚིག་བརྩམས་པ་མ་ཟད། ཁོ་རང་ཉིད་ཀྱི་སྐད་ངག་སྙན་མོར་བརྟེན་ནས་ཉན་མཁན་གང་མང་གི་ཐོས་འཛིན་སྤྲོ་བའི་རྒྱན་དུ་གྱུར། སྐབས་༢༡པའི་སློབ་གྲྭའི་དུས་རབས་ཕུལ་བྱུང་གི་གླུ་བ་ཞེས་པའི་བྱ་དགའ་ལ་སོགས་པའི་བྱ་དགའ་སྣ་མང་ཐོབ་མྱོང་། ཁོས་ཁོམ་གསེང་གི་དུས་ཚོད་བེད་སྤྱད་ནས་དེ་སྐོར་གྱི་རྩོམ་ཡིག་བྲིས་ནས་དྲ་རྒྱ་དང་རོལ་དབྱངས་ཆེད་ལས་ཀྱི་དུས་དེབ་སྟེང་ཏུ་བཀོད་པ་དང་། ད་ལྟ་ཁོས་གཙོ་བོ་ནི་རོལ་དབྱངས་སྒྲིག་བཟོ་བ་དང་། རོལ་དབྱངས་རྩོམ་མཁན། གློག་བརྙན་གྱི་སྒྲ་ལེན་པ་བཅས་ཀྱི་ལས་ཀ་གཉེར་བ་ཡིན།


༢༠༠༤ལོར་ནས་བཟུང་གློག་བརྙན་གསར་རྩོམ་གྱི་ལས་སུ་ཞུགས་ཤིང་། གཙོ་བོ《ཤམ་བྷ་ལའི་བརྩེ་དྲོན》ཞེས་པའི་ཐོག་མའི་སྒྲ་དབྱངས་ཀྱི་གསར་རྩོམ་དང་།
༢༠༠༥ལོའི་ཟིན་ཕབས་གློག་བརྙན《ཆེས་མཐའ་མཇུག་གི་སེར་སྲུང་པ》ཞེས་པའི་ཐོག་མའི་སྒྲ་དབྱངས་རྩོམ་མཁན་དང་།
༢༠༠༥ལོའི35mmཡི་ཚོན་ལྡན་གཏམ་རྒྱུད་གློག་བརྙན་ཏེ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པའི་གླུ་དབྱངས་ཀྱི་དབྱངས་དང་ཚིག ལེན་མཁན་བཅས་ཀྱི་འགན་གནང་པ་རེད།
༢༠༠༥ལོའི35mmཡི་ཚོན་ལྡན་གཏམ་རྒྱུད་གློག་བརྙན་ཏེ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པའི་སྒྲ་ལེན་གྱི་རམ་འདེགས་པ་དང་།
༢༠༠༦ལོའི་འགུལ་རིས་ཀྱི་ལམ་ནས་མཚམས་སྦྱོར་བྱེད་པའི《ཅན་དང་ཞིན་མེ》ཞེས་པའི་ནང་གི་གླུ་དབྱངས་གསར་རྩོམ།
༢༠༠༦ལོའི་བྱུང་བརྗོད་གློག་བརྙན་ཐུང་ངུ་སྟེ《གློག་སྐས》ཞེས་པའི་འཁྲབ་གཞུང་འབྲི་མཁན་དང་འཁྲབ་ཁྲིད་པ། སྒྲ་ལེན་པ། གླུ་དབྱངས་གསར་རྩོམ།
༢༠༠༦ལོའི35mmཡི་ཚོན་ལྡན་གཏམ་རྒྱུད་གློག་བརྙན《ཆུ་བྱ་དང་ཁྲུང་ཁྲུང》ཞེས་པའི་སྒྲ་ལེན་གྱི་རམ་འདེགས་པ་དང་།
༢༠༠༦ལོའི་འགུལ་རིས་གཏམ་རྒྱུད་གློག་བརྙན་ཐུང་ངུ 《མི་ལ་ཙི་ཙི》ཞེས་པའི་ནང་གི་གླུ་དབྱངས་གསར་རྩོམ་བཅས་གྱི་ལས་ཀ་སྒྲུབ་པ་རེད།
༢༠༠༧ལོར་གཏམ་རྒྱུད་གློག་བརྙན《ཧྭ་རུང་ཏའོ》དང་ཟིན་ཕབས་གློག་བརྙན《ཀ་ཐོག་སྨོན་ལམ་ཆེན་མོ》ཞེས་པ་གཉིས་ཀྱི་སྒྲ་ལེན་པ་དང་གླུ་དབྱངས་གསར་རྩོམ་མཛད། ༢༠༠༨ལོར་ཟིན་ཕབས་གློག་བརྙན《བསམ་ཡས་དགོན》དང་《ཀྲུང་གོའི་དགོན་སྡེ་གྲགས་ཅན་གྱི་འཕགས་པའི་དགེ་འདུན་དག་གི་རི་བོ་རྩེ་ལྔའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག》(ཟིན་ཕབས་གློག་བརྙན)གཉིས་ཀྱི་སྒྲ་ལེན་པ་དང་གླུ་དབྱངས་གསར་རྩོམ་གནང་།
༢༠༠༨ལོར《འཚོལ》ཞེས་པའི་གློག་བརྙན་དང《ཧུའེ་ཕུའུ་ཚ་གྲང་སྙོམས་སྒྲིག་འཕྲུལ་ཆས》ཞེས་པའི་མཚམས་སྦྱོར་གློག་བརྙན་ཐུང་ངུ་གཉིས་ཀྱི་སྒྲ་ལེན་པ་བྱས།
༢༠༠༨ལོར《བ་ཡན་ཧ་རིའི་ཁ་བ》ཞེས་པའི་གློག་བརྙན་གྱི་སྒྲ་ལེན་པ་དང་། གླུ་དབྱངས་ལེན་མཁན་དང་གསར་རྩོམ་གྱི་ལས་སྒྲུབ།

དཔྱད་མཆན་ཡོད།