བོད་ཀྱི་བརྙན་ལེན་པ་ཐོག་མ། རྭ་སྐལ་བཟང་སྐྱབས།

 


     ༡༩༢༥ལོར། ལྷ་སའི་ཕྱི་ཡི་རི་ཁྲོད་ན་སྒོམ་ལ་གཞུགས་པའི་དེ་མོ་སྐུ་ཕྲེང་བཅུ་བ་ལགས་ཀྱིས་བལ་བོའི་མི་ཞིག་དཀའ་ཁག་ལས་གྲོལ། རྗེས་སུ་བལ་བོ་བ་དེས་དྲིན་གཟོ་བའི་ཕྱིར་ཏུ་ཁོང་ལ་ཤིང་གིས་ཤུན་བཟོས་པའི་པར་ལེན་འཕྲུལ་ཆས་ཤིག་ཕུལ་ཞིང་པར་འདེབས་སྟངས་དང་བཅས་པ་ཁོང་ལ་ཁྲིད། དེ་ནས་བཟུང་ལྷ་སའི་གླིང་བཞིའི་ཧོ་ཐོག་ཐུ་ཡི་བླ་ཆེན་འདི་ལ་མཚན་གཞན་ཞིག་ཡོད་པ་ནི་བོད་ཀྱི་བརྙན་ལེན་པ་ཐོག་མའི་མཚན་བྱང་དེའོ།།


    ལོ་དེར་དེ་མོ་སྤྲུལ་སྐུ་ལགས་དགུང་ལོ་ཉེར་ལྔ་ལས་སོན་མེད་མོད། འཕྲོ་ཡི་ལོ་ངོ་བཞི་བཅུ་ལྷག་གི་པར་འདེབས་ཀྱི་འཚོ་བའི་ཁྲོད་ནས་ཁོང་གིས་རབ་བྱུང་བ་དང་སྤྱི་ཚོགས་གནས་ཚུལ་དང་ཡུལ་སྲོལ་གོམས་ལུགས་ལ་སོགས་བོད་མིའི་འཚོ་བ་དང་འབྲེལ་བ་གཏིང་ཟབ་ཡོད་པའི་བརྙན་པར་འབོལ་པོ་བརྙན་ལ་བཏབ། འོན་ཏེ་མང་ཆེ་ལོ་རྒྱུས་ཀྱི་གོད་ཆགས་སམ་ཟིང་ལོང་གི་དུས་ཀྱི་འགྱུར་བའི་ཁྲོད་ནས་བོར་བརླག་ཐེབས་ཤིང་ལྷག་མ་ནི་ཧ་ཅང་དཀོན། ཕྱོགས་གཞན་ཞིག་ནས༡༩༢༥ནས་༡༩༥༩ལོའི་དབར་སྐབས་ཀྱི་ལྷ་སའི་གནས་ཚུལ་དང་སྤྱི་ཚོགས་འཚོ་བ་བརྙན་ལ་བསྐྱོན་ཡོད།


  པཱ་ལགས་ཀྱིས་པར་འདེབས་པ་ལ་དམིགས་འབེན་ཡན་གར་གང་ཡང་མེད། དེ་ནི་དགའ་ཕྱོགས་ཤིག་གམ་རོལ་མྱོང་རིགས་ཤིག་རེད། ཁོང་རང་ཁྱིམ་མི་དང་ཉེ་འཁོར་གྱི་ཤག་པོ་དང་ངོ་ཤེས་ཚོ་པར་ལ་འདེབས་པར་དགའ་བོ་ཡོད། ད་དུང་པར་རེ་རེ་འཁྲུད་རྗེས་ཁོང་ཅག་སོ་སོར་འབུལ་ངེས། བརྙན་པར་དག་གི་ནང་དོན་ནི་ཁོང་ཉིད་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། པར་རིས་རེ་ལ་མི་ཆོས་ཀྱི་རི་མོས་ཕྱུག་འདུག པར་འདེབས་པ་ནི་ཁོང་གི་སྤྲོ་སྣང་འཚོལ་སྟངས་ཤིག་གོ      

    དེ་མོ་སྤྲུལ་སྐུ་ཡི་བྱུང་བ་ནི་འཕགས་པ་ལྷ་སྤྲུལ་སྐུ་དང་འབྲེལ་བ་དམ་ཟབ་ཡོད། དེ་མོ་སྤྲུལ་སྐུ་ཁྲི་རབས་ཆེས་སྔ་མ་འགའ་ནི་འཕགས་པ་ལྷ་སྤྲུལ་སྐུའི་སློབ་མའམ་གཉེན་ཉེ་ཡིན། འཕགས་པ་ལྷ་སྐུ་ཕྲེང་དང་བོས་སྤོ་མེས་དང་ཀོང་པོའི་འབྲེལ་མཚམས་ནས་དེ་མོ་དགོན་པ་བཏབས་རྗེས། དེ་མོ་སྐུ་ཕྲེང་དང་བོ་དཀོན་མཆོག་འབྱུང་གནས་དགོན་བདག་ལ་བསྐོས། དེ་མོ་དཀོན་མཆོག་འབྱུང་གནས་ནས་དེ་མོ་བསྟན་འཛིན་རྒྱ་མཚོའི་བར་དེ་མོ་སྐུ་ཕྲེང་རིམ་པ་བཅུ་བྱུང་། དེ་མོ་སྐུ་ཕྲེང་བཅུ་བ་བསྟན་འཛིན་རྒྱ་མཚོ་མཆོག1901-1973ནི་ཆིང་རྒྱལ་རབས་ཀྱིས་བཟུང་བའི་ལྷ་སའི་གླིང་བཞིའི་ཧོ་ཐོག་ཐུའི་ཡ་གྱལ་ཡིན། ཁོང་གི་ཁྱིམ་རྒྱུད་ནི་ང་ཕོད་ཡིན།


1.jpg

2.jpg

3.jpg

4.jpg

5.jpg

6.jpg

7.jpg

8.jpg

01.jpg

02.jpg

03.jpg

04.jpg

05.jpg

06.jpg

07.jpg

08.jpg

09.jpg

10.jpg

111.jpg

222.jpg


༼རྩོམ་འདི་རྩོམ་མཁན་ཉིད་ཀྱི་མོས་པ་བཞིན། བོད་སྐད་གློག་བརྙན་གྱི་འཕྲིན་སྟེགས༼གློག་བརྙན་ཁྲོད་གསོན་པའི་མི༽ཞེས་པ་

ལས་དྲངས་ཤིང་། འཕྲིན་སྟེགས་སྦྲེལ་གནས Live_Movie ཡིན་འདུག གྲོགས་པོ་བརྙན་ཞེན་པ་ཚང་མས་སྐད་འཕྲིན་སྒང་ནས་འཕྲིན་སྟེགས་འདི་ལ་དོ་སྣང་གནོངས་དང་འདི་འདྲའི་རྩོམ་ཐུང་ལྷག་པས་མང་།  ༽

དཔྱད་མཆན་ཡོད།