མཛོད་དགེ་ནས་ཡོང་བའི་དངོས་ཟིན་བརྙན་ལེན་པ་ཁྱུ་གཅིག

webwxgetmsgimg (14).jpg

  མཛོད་དགེ་ནས་ཡོང་བའི་དངོས་ཟིན་བརྙན་ལེན་པ་འགའ།

             ཡེ་ལོ་ཉིས་སྟོང་བཅུ་དྲུག་ལོའི་སྤྱི་ཟླ་དྲུག་པའི་ཚེས་ཉུ་ཤུའི་ཉིན་སྟེ། ངེད་མཛོད་དགེ་བརྙན་ལེན་ཚོ་ཆུང་ཞོགས་པའི་ཆུ་ཚོད་བཞི་བར་རང་གི་ཕུགས་བསམ་དང་གློག་བརྙན་ཁྱེར་ནས་ཨ་མདོ་སྟག་ཚང་ལྷ་མོ་ཀིརྟི་དགོན་འདབས་ནས་ལམ་ལ་ཆས་ཏེ་དགྱ་ནག་ཆུ་འདུའི་ཕྱོགས་སུ་བསྐྱོད་མགོ་བརྩམས། ངེད་ཚོགས་མི་མི་མགོ་བརྒྱད་གཙོས་ཁོར་སྲུང་བ་བྲ་ཁྱམ་དཔལ་བཟང་ལགས་དང་བཅས་འཇེམ་འཁོར་གཉིས་སུ་བསྡད་དེ་ཉིན་དེའི་ཆུ་ཚོད་བཅུ་གྲངས་ཙམ་ལ་སོང་རྗེས་ཉིན་དེའི་ཕྱི་དྲོ་ཆུ་ཚོད་གསུམ་པར་གཞི་ནས་དགྱ་ནག་ཆུ་འདུའི་གྲོང་མཁར་བདེ་ལེགས་ཀྱིས་འབྱོར། ངེད་ཚོགས་མིས་ལམ་དབར་དུ་རང་གི་དགའ་ཕྱོགས་དང་ཕུགས་བསམ། གློག་བརྙན་སྒྱུ་རྩལ་གྱི་ལམ་ཁ་སོགས་གླེང་བཞིན་མུར་མདུན་དུ་བསྐྱོད་པར་རེ་བ་དང་འབད་བརྩོན་བྱ་རྒྱུའི་གླེང་མོལ་མང་དུ་བྱས།

webwxgetmsgimg (14).jpg

           ཉིན་དེའི་ཕྱི་དྲོ་ཆུ་ཚོད་བདུན་པར་ངེད་ཚོགས་མི་ཡིས་རང་རང་གི་གློག་བརྙན་ཐད་ཀྱི་ཕུགས་བསམ་དང་སྐད་ཆ། ཚོགས་པ་སྤྱིའི་སྒྲིག་གཞི་དང་མ་འོངས་འཆར་གཞི། དངོས་ཟིན་གློག་བརྙན་འཕེལ་རྒྱས་གཏོང་ཐབས་ཀྱི་རུམ་གྱི་བྲོ་ཁ་དང་སྐད་ཆ་ཁྱེར་ནས་ཆ་རུ་ལས་ཁྱིམ་དུ་བགྲོ་གླེང་དུ་སོང་པ་ཡིན། སྐབས་དེའི་ཚོགས་ཞུགས་མི་སྣ་ནི། མགོ་ལོག་འབྲུག་སྐྱབས་དང་བྲ་ཁྱོམ་དཔལ་བཟང་། ཨ་སྒང་ཡར་རྒྱས།སྒར་གསར་ཀིརྟི་སྐྱབས།བཙན་པོ་བསེར་བ། ལྷག་དཀར། ཞོ་མུས་ཅེ། དཔའ་རྩེ། མཛོད་དགེ་བརྙན་ལེན་ཚོ་ཆུང་། ཆ་རུ་ལས་ཁྱིམ་ཚང་བཅས་བགྲོ་གླེང་དུ་དངོས་ཞུགས་བྱས་ཡོད།

webwxgetmsgimg.jpg 

          ཆ་རུ་ལས་ཁྱིམ་ཚང་གི་སྤྱི་གཉེར་བ་ཚེ་དཔག་གིས་བགྲོ་གླེང་གི་མགོ་འཛིན་བྱས་ཤིང་། ངེད་མཛོད་དགེ་བརྙན་ལེན་ཚོ་ཆུང་ཐོག་མཐའ་བར་གསུམ་དུ་ཀུན་ལ་ངོ་སྤྲོད་བྱས་པ་བརྒྱུད་ཁོ་རང་གིས་བོད་ཀྱི་ན་གཞོན་ཁྱུ་གཅིག་ཆུ་འདུ་རུ་ཕེབས་པར་དགའ་བསུ་ཞུས་པ་ཡིན། དེ་ནས། དགྱ་ནག་གི་སྤྱི་ཚོགས་རིག་པ་ཞིབ་འཇུག་དང་མིའི་རིགས་རིག་པ་ཞིབ་འཇུག་མཁན་ཞོ་མུས་ཅེ་ལགས་ཀྱིས་དངོས་ཟིན་གློག་བརྙན་དང་འབྲེལ་ཁོང་གིས་གཏམ་བཤད་ཡག་པོ་གནང་སོང་བ་དང་། མོ་ཡིས་ངེད་ཚོགས་མི་རེ་རེ་ངོ་སྤྲོད་བྱེད་དུ་བཅུགས་སོང་བ་དང་འབྲེལ་མོ་རང་ངེད་ཚོ་དང་འཕྲད་པས་ཧ་ཅང་དགའ་སྤྲོ་ཡིས་ཁེངས་འདུག་པའི་སྣང་བ་ངེད་ཚོ་མི་རེ་རེ་ལ་སྟེར་སོང་ཨང་།

 webwxgetmsgimg (1).jpg

ཞོ་མུས་ཅེ་ལགས་ཀྱིས་གཏམ་བཤད་གནང་ཚར་རྗེས་ངེད་ཚོགས་མི་མི་མགོ་བརྒྱད་ཀྱིས་རེ་རེ་ནས་རང་ཉིད་ངོ་སྤྲོད་བྱས་པ་ཡིན།

 webwxgetmsgimg (2).jpg

            ངེད་ཚོས་རེ་རེ་ནས་ངོ་སྤྲོད་བྱས་ཚར་རྗེས་ཞོ་མུས་ཅེ་ལགས་ཀྱིས་ང་ཚོ་མི་རེ་རེ་ལ་དྲི་བ་མི་གཅིག་པ་རེ་རེ་དྲིས་པ་ཡིན། དྲི་བ་མི་གཅིག་པ་དེ་ལ་བརྟེན་ནས་ང་ཚོས་ཀྱང་རང་རང་གི་ཐད་ནས་དྲི་བ་ལ་ལན་བཏབ་པ་ཡིན། དེ་ནི་དངོས་ཟིན་གློག་བརྙན་དང་རང་ཉིད་ཀྱི་འབྲེལ་བ། དེའི་འཕེལ་ཕྱོགས།དེའི་དཀའ་ཁག དངོས་ཟིན་གློག་བརྙན་གྱི་ནུས་པ་དང་མ་འོངས་ག་འདྲ་བྱས་ནས་མི་གཞན་ལ་བསྟན་རྒྱུ། མི་རིགས་རང་གི་འཚོ་བ་དང་རིག་གནས་ལས་ཁ་མ་བྲལ་བ་བྱ་རྒྱུ་ཡིན་དང་མིན། གང་ལྟར། དྲི་བ་མང་པོ་ཞིག་ངེད་ཚོ་མི་རེ་རེ་ལ་དྲིས་ཤིང་ངེད་ཚོས་ཀྱང་རང་རང་གི་བསམ་ཚུལ་དང་། དངོས་ཟིན་གློག་བརྙན་ལ་བཟུང་བའི་རྣམ་འགྱུར། ཕུགས་བསམ། མ་འོངས་ཇི་ལྟར་འཆར་གཞི་དང་དེའི་ཕྱོགས་སུ་ཤུགས་རྒྱུ་སོགས་ཀྱི་བསམ་ཚུལ་མང་དུ་བཤད་པ་ཡིན།

 webwxgetmsgimg (4).jpg 

webwxgetmsgimg (6).jpg

           སྤྱིར་བཏང་། མིའི་རིཊ་ཀྱི་འཇིག་རྟེན་ནི་ཧ་ཅང་འགྱུར་བག་རྒོད་པ་ཞིག་རེད། འགྱུར་བ་རྒོད་པོ་ཡོད་རྐྱེན་ང་ཚོས་ཟིན་བྲིས་བྲི་བ་དང་ཟིན་བྲིས་འདེབས་པ་སོགས་བྱེད་དགོས་པ་རེད། ཡང་། ཟིན་བྲིས་འདེབས་སྟངས་ལ་རིཊ་གསུམ་ཙམ་ཡོད་དེ། གཅིག་ནི། ཡི་གེའི་ཟིན་བྲིས་དང་། གཉིས་པ་ནི། པར་གྱི་ཟིན་བྲིས། གསུམ་པ་ནི། དངོས་ཟིན་གློག་བརྙན། དེ་གསུམ་གྱི་ནང་ནས་ཧ་ཅང་གལ་ཆེ་བ་ནི་དངོས་ཟིན་གློག་བརྙན་རེད། དངོས་ཟིན་གློག་བརྙན་ནི་ལེན་བྱའི་དབང་དུ་སོང་པས་འཁྲབ་ཁྲིད་པ་མེད་སྟབས་ངེད་ཚོས་ཧ་ཅང་གལ་ཆེ་རབས་སོཊ་བཤད་ཀྱིན་ཡོད།

 [CropImg]webwxgetmsgimg (7).jpg

           ད་ཐེངས་ངེད་ཚོགས་མིས་རྡོག་རྩ་གཅིག་སྒྲིལ་དང་དཀའ་ཁག་གདོང་ལེན། ངལ་བ་ཁྱད་བསད་ཀྱིས་ངེད་ཚོགས་མི་མི་མགོ་བཞིའི་བརྩམས་ཆོས་མི་ཡུལ་དུ་སྒོར་ཐོན་ཡོད་པ་ལ་ཀུན་གྱིས་རྟེན་འབྲེལ་ཞུས། དེ་དག་ནི་མཛོད་དགེ་རྩྭ་ཐང་ནས་ཡོང་བའི་ན་གཞོན་འགའ་སྟེ། བྲ་ཁྱོམ་ལྷ་མོ་སྐབས་ཀྱི༼ན་འདམ་ཉམས་གསོ།༽དང་། མགོན་པོ་ལགས་ཀྱི༼ཁྲུང་ཁྲུང་རྨས་མ་དང་བྱིས་པ་སྣབས་ལུག༽ཚེ་དཔག་ལགས་ཀྱི༼མགོ་སྦྲ་གསར་པ།༽འཕགས་པ་བཀྲ་ཤིས་ལགས་ཀྱི༼རྡོ་རྐོ་བ།༽བཅས་ལེགས་འགྲུབ་བྱུང་ཡོད། དེ་ནས། ང་ཚོས་དེའི་ཕྱོགས་ཀྱི་བགྲོ་གླེང་མང་དུ་བྱས་ཤིང་། བསམ་ཚུལ་མང་དུ་བཤད། དགེ་རྒན་དང་གྲོགས་པོ། མགྲོན་པོ་སོགས་ཀྱིས་ཀྱང་རང་རང་གི་བསམ་ཚུལ་མང་དུ་བཤད་ཁར་ངེད་ཚོ་ལ་བློ་སྐྱེད་མང་དུ་རེག་སོང་བས་དགའ་སྤྲོའི་ཡིད་སེམས་འཕེལ། དེ་ལྟར་ཆུ་ཚོད་གཉིས་ཙམ་ལ་ང་ཚོས་ཆ་རུ་ལས་ཁྱིམ་ནས་བགྲོ་གླེང་བྱས་ཤིང་བསམ་ཚུལ་གླེང་བས་ངེད་ཚོགས་མི་ཀུན་ལ་སློབ་སྦྱོང་ལྟ་བུའི་གོ་སྐབས་ཡག་པོ་རེག་པར་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།

 webwxgetmsgimg (11).jpg

དངོས་ཟིན་གློག་བརྙན། ༼ན་འདམ་ཉམས་གསོ།༽ལྷ་མོ་སྐྱབས།

webwxgetmsgimg (12).jpg 

དངོས་ཟིན་གློག་བརྙན།༼མགོ་སྦྲ་གསར་པ།༽ ཚེ་དཔག

 [CropImg]webwxgetmsgimg (13).jpg

དངོས་ཟིན་གློག་བརྙན།༼ཁྲུང་ཁྲུང་།༽ མགོན་པོ།

webwxgetmsgimg (10).jpg 

དངོས་ཟིན་གློག་བརྙན། ༼རྡོ་རྐོ་བ།༽  འཕགས་པ་བཀྲ་ཤིས།

44444.jpg

            སྤྱི་ཟླ་དྲུག་པའི་ཚེས་ཉི་ཤུ་ཉེར་གཉིས་ཉིན་གྱི་དགོང་ཁ་ངེད་ཚོས་སླར་ཡང་ཆ་རུ་ལས་ཁྱིམ་ནས་ངེད་ཚོའི་དངོས་ཟིན་གློག་བརྙན་རེ་རེ་གཟིགས་འབུལ་བྱ་རྒྱུར་སྟ་གོན་བགྱིས་པ་ཡིན།

            མ་འོངས་བོད་ཀྱི་རིག་གནས་དང་གློག་བརྙན་འཕེལ་རྒྱས་སུ་འགྲོ་བར་སྨོན་ལམ་དང་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།

              2016/6/22ཉིན་ཆུ་འདུ་ནས་རྐང་རིང་གིས་སྦྱར།

 

ངེད་དྲ་བའི་ནང་དོན་གང་བྱུང་དུ་གཞན་ལ་དགོལ་མི་ཆོག

དཔྱད་མཆན་ཡོད།