【 དབྱིན་སྐད་དུ Lens རྒྱ་ནག་སྐད་དུ 镜头】
རྒྱ་ཡིག་གི་འགྲེལ་བ།
镜头一词有两种涵义。
1.指安装在摄影机上的可供操控的光学镜头。(པར་སྒོ།)
2.摄影机开停一次对被摄对象的连续记录,或者在剪辑过程中,将一次拍成的连续画面分剪成两个以上的片段,可供穿插、组接,每一分剪段亦称一个镜头。 (པར་སྣེ།)
镜头是电影构成的基本单位。镜头组接形成场,场形成段落等。一部影片由所含信息、延续时间长短、景别、角度、运动方式等各异的众多镜头按照特定的顺序组接而成。
镜头可按景别分为远景、全景、中景、近景、特写等。镜头按摄影机与被摄物体的角度又可分为鸟瞰、俯拍、水平、仰拍、倾斜镜头等。镜头按照运动方式的不同可分为横摇、上下直摇、升降、推轨、伸缩镜头、手提摄影、空中摇摄镜头等。镜头按照景框内人物的数量可分为单人、双人、多人镜头等。此外,又有过肩镜头、主观镜头、反应镜头、空镜头、资料镜头等。
【མཆན།】
འདིར་པྲ་དྲ་ནས་གློག་བརྙན་སྐོར་གྱི་བརྡ་ཆད་ཟླ་རེར་བཅུ་གྲངས་རེ་ལུགས་འདི་ལྟར་དུ་རིམ་བཞིན་འཇོག་རྒྱུ་ཡིན་པ་དང་། ལོ་ཕྱེད་རེའི་མཚམས་ནས་བརྡ་ཆད་འདི་དག་གི་འདེམ་ཤོག་མང་ཉུང་སོགས་ལྟར། འབྲེལ་ཡོད་མི་སྣ་རྩ་འཛུགས་སྒོས་སྤྱི་བསྒྲགས་ཀྱི་ཚུལ་དུ་སྤེལ་འདང་ཡོད། བོད་སྐད་གློག་བརྙན་གྱི་གཞུང་ལུགས་འཛུགས་སྐྲུན་དང་བརྩམས་ཆོས་སྐོར་སྐྱོན་བྲལ་ངང་མགྱོགས་མྱུར་སྒོས་སྤེལ་ཡོང་བ་ལ། ཁྱེད་གློག་བརྙན་ལ་དོ་སྣང་ཡོད་མཁན་རྣམས་བྱེད་སྒོ་འདིའི་ནང་མང་ཙམ་ཞུགས་རྒྱུའི་རེ་འབོད་དང་སྦྲགས། ངེད་ཅག་ལ་གློག་བརྙན་སྐོར་གྱི་བརྡ་ཆད་ཀྱི་མ་ཁུངས་སམ་འགྱུར་འདྲ་མིན། གཞན་པའི་འབྲེལ་ཡོད་གནས་ཚུལ་སྐོར་མཁོ་སྤྲོད་གནང་བའི་རེ་འདུན་ཡང་ལན་བརྒྱར་ཞུས་པ་ཡིན། གཤམ་ནི་འདྲེན་ཁུངས་དག་གི་གནས་ཚུལ་སྟེ།
⊙ རྒྱ་བོད་གློག་བརྙན་དང་བརྙན་འཕྲིན་མིང་མཛོད། (རིན་ཆེན་ཚེ་རིང་དང་བསོད་ནམས་བཀྲ་ཤིས།) ⊙ རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད། (ཚུལ་ཁྲིམས་བློ་གྲོས།) ⊙ སྨོན་ལམ་ཚིག་མཛོད། (བློ་བཟང་སྨོན་ལམ།) ⊙ རྒྱ་བོད་ཤན་སྦྱར་ཚིག་མཛོད། (མི་རིགས་དཔེ་སྐྲུན་ཁང་སོགས།) ⊙ གློག་བརྙན་སྤྱི་བཤད། (བྱམས་ཕྲུག)
དཔྱད་མཆན་ཡོད།