ཁྲེལ་མེད་རུ་ཁག

 

p1086394692.jpgགློག་བརྙན་གྱི་མིང་:  ཁྲེལ་མེད་རུ་ཁག           

དབྱིན་ཡིག་གི་མིང་།: Inglourious basterds

རྒྱ་ཡིག་གི་མིང་།   :无耻混蛋               

 འཁྲབ་འཁྲིད་པ།  : ཁོན་ཐྲིན་ཁྲར་ཌི་ནོ །

གློག་བརྙན་གྱི་རིགས།  :གཏམ་བརྗོད།  དམག་འཁྲུག   

 གཙོ་འཁྲབ་པ། : བྷི་རག་ཌི་ཕེ་ཐྲི།

དུས་ཡུན།: སྐར་མ་༡༥༣                      

སྐད་རིགས། : དབྱིན་ཇི། འཇར་མན། ཧྥ་རན་སི། ཨི་ཌ་ལི།

ཆེས་མཐོ་བའི་གློག་བརྙན་བྱ་དགའ།:

སྐབས་༨༢བའི་འཁྲབ་ཟུར་པ་རྩེ་གྲའི་བྱ་དགའ་ཐོབ།

སྐབས་༦༧པའི་ཨ་རིའི་རྒྱལ་ཡོངས་གློག་བརྙན་གསེར་གྱི་རྟགས་མའི་འོས་འདེམས་སུ་ཚུད།

གློག་བརྙན་འདིའི་འཁྲབ་གཞུང་།:

ཁོན་ཐྲིན་ཁྲར་ཌི་ནོ་ཡིས་ལོ་ངོ་བཅུའི་དུས་ཡུན་བེད་སྤྱད་ནས་བྲིས་པ་ཡིན་ལ། འདི་ནི་ཁོང་གིས་ལོ་རྒྱུས་དང་དམག་འཁྲུག་བརྗོད་གཞིར་བྱས་པའི་གློག་བརྙན་དང་པོ་དེ་རེད།

[ནང་དོན་གནད་བསྡུས།]

              གཏམ་རྒྱུད་འདི་ནི་འཛམ་གླིང་གཡུལ་ཆེན་གཉིས་པའི་སྐབས་སུ་བྱུང་ཞིང་། དེ་དུས་ཡོ་རོབ་གྱི་གཡུལ་ས་ཀུན་ཏུ་དམག་འཁྲུག་ཆེ་ཆུང་མང་བོ་ཟམ་མི་ཆད་པར་འབྱུང་ཞིང་ཡོད་ལ།  འཇར་མན་གྱི་ནཱ་ཛེའི་དམག་དཔུང་དང་མནའ་འབྲེལ་རྒྱལ་ཁབ་དག་གི་དབར་གྱི་གཡུལ་འགྱེད་གྱི་རྒྱལ་ཕམ་འཁྲུན་ཐག་མ་ཆོད་པར་ལུས་ཡོད། སྐབས་དེར་ནཱ་ཛེའི་དམག་གི་བཙན་དབང་འོག་ཏུ་གནས་པའི་ཧྥ་རན་སིའི་དཀྱིལ་རྒྱུད་དུ། ཆེས་ཕལ་བའི་བུ་མོ་ཟོ་ཤྲ་ན་ཡི་མི་ཚེ་དེ་ཡང་ཡ་ང་བའི་དམག་འཁྲུག་གིས་ཡོངས་སུ་འགྱུར་བ་བཏང་བ་སྟེ། འཇར་མན་གྱི་དམག་དཔོན་ཧན་ཟིས་མོའི་ཁྱིམ་མི་ཡོངས་རྫོགས་དམར་གསོད་བཏང་ཞིང་། མོ་རང་གཅིག་པུ་སྟབས་ལེགས་ནས་དམར་གསོད་ཀྱི་རྒྱ་ལས་ཐར་ཞིང་། ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་བྲོས་བྱོལ་དུ་འགྲོ་དགོས་བྱུང་ངོ་། །དེ་དང་ཆབས་གཅིག་ཏུ། ཨ་རིའི་རྐང་དམག་གི་རུ་གཙོ་ཨོར་རྡོ་རིན་གཙོས་པའི་དམག་མི་འགའ་ཞིག་དམག་དཔུང་གི་སྒྲིག་ལམ་དང་འགལ་རྐྱེན་དམག་དོན་ཁྲིམས་ཁང་ནས་སྲོག་ཆད་གཅོད་རྩིས་ཡོད་མོད། ཛ་དྲག་གི་གནས་བབས་ལ་དམིགས་ནས། ཁོ་ཚོར་རང་ཉིད་ཀྱི་ཉེས་པ་སེལ་ཐབས་སུ་རྒྱང་རིང་གི་ཧྥ་རན་སིར་གསང་འཛུལ་གྱིས་ཇེ་ནོ་ལས་འགུལ་ཞེས་འབོད་པའི་ཉེན་ཁ་ཆེ་བའི་ལས་འགན་ཞིག་བསྒྲུབ་པར་བཏང་། ལས་འགན་དེའི་དམིགས་ཡུལ་ནི་འཇར་མན་གྱི་མཐོ་རིམ་དམག་དཔོན་ཁག་ལྐོག་གསོད་བྱ་རྒྱུ་དེ་ཡིན་ལ། ཧྥ་རན་སི་ནས་ཁོ་ཚོར་གསང་བའི་འབྲེལ་བ་བྱ་མཁན་ནི་སྐབས་དེར་མིང་དུ་གྲགས་པའི་འཇར་མན་གྱི་གློག་བརྙན་འཁྲབ་སྟོན་པ་པུ་རི་ཆི་ཐྲི་ཡིན་ནོ། །དེ་ནས་ཨོར་རྡོ་རིན་གྱིས་མི་རྫོབ་ཞེས་ཁྲེལ་མེད་རུ་ཁག་ཞེས་འབོད་པའི་རུ་ཁག་དེ་འཁྲིད་ནས་ཧྥ་རན་སིར་གསང་འཛུལ་བྱས་ཤིང་། ཁོ་ཚོས་འཇར་མན་གྱི་དམག་དཔོན་དག་གློག་བརྙན་ཁང་དུ་ལྷན་འཛོམས་གྱིས་གློག་བརྙན་ལ་བལྟ་བའི་གོ་སྐབས་བེད་སྤྱོད་ཀྱིས་འགད་གཏོར་བྱ་རྩིས་ཡོད་ལ། དེ་དང་ལྷན་དུ། གློག་བརྙན་ཁང་དེ་གའི་གཉེར་མཁན་ནི་བུ་མོ་ཟོ་ཤྲ་ན་ཡིན་ལ། ཁོ་མོས་ཀྱང་རང་གི་སྙིང་ཉེ་བའི་ནང་མི་དག་ལ་དགྲ་ཤ་ལེན་པའི་འཆར་གཞི་ཞིག་འདིང་བཞིན་མཆིས། ཕན་ཚུན་ཁྱོན་ནས་རྒྱུས་མེད་ཀྱི་མི་དེ་དག་དམིགས་ཡུལ་གཅིག་པ་ཞིག་གི་ཆེད་དུ་མཉམ་དུ་འཛོམས་སོ། །

གློག་བརྙན་འདི་ལ་གཟིགས་འདོད་ཡོད་ན་དྲ་ཚིགས་འདི་མནོན་དང་ལམ་སང་བལྟ་ཐུབ།

www.wasu.cn/Play/show/id/846593

p1148502860.jpg

དཔྱད་མཆན་ཡོད།