གློག་བརྙན་ངོ་སྤྲོད། «འཁོར་བ»

            p1812104335_副本.jpgསྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་ཁམས་ཆེན་པོ་འདི་རུ། གནམ་ས་གའུ་ཁ་སྦྱོར་དང་། ཉི་ཟླའི་འཆར་ནུབ་དང་བགྲོད་པ། རི་ར་བ་ཁང་ཁྱིམ། ཤ་ཁྲག་གདོས་བཅས་ཀྱི་ཕུང་བོས་རྣམ་པར་གྲུབ་པའི་རིགས་དྲུག་འགྲོ་བ་སྟེ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་མཆིས་སོ་ཅོག་ཕན་ཚུན་བརྟེན་ནས་ཆགས་པ་དང་གནས་པ། འཇིག་པ། ཡང་རྟེན་ཅིང་འབྲེལ་ནས་འབྱུང་བ་སོགས་འཁོར་འདས་བརྟན་གཡོའི་དངོས་ཀུན་སྣང་སྲིད་ཀྱི་ཀློང་ན་ཐོག་མ་མེད་ཅིང་མཐའ་མ་མེད་ལ། སྐྱེ་བ་མེད་ཅིང་འགག་པ་མེད་པར་འཁོར་བའི་ནང་ན་སྲིད་པའི་འཁོར་ལོ་བཞིན་བར་མེད་དུ་འཁོར་བར་བཤད། 

               ༼འཁོར་བ ༽ནི་དངོས་བཤེར་རིང་ལུགས་ཀྱི་ངོ་བོ་ལྡན་པའི་དངོས་བཤུས་གློག་བརྙན་ཞིག་ཡིན། Ron fricheཡིས་ཐུན་མིན་ཁྱད་དུ་འཕགས་པའི་མཛེས་རིས་དང་སྣ་མང་རྨད་དུ་བྱུང་བའི་ཐབས་རྩལ་ལ་བརྟེན་ནས་ཧའོ་སྨི70ཅན་གྱི་སྦྱིན་ཤོག་བཀོལ་ནས་ཕབ་བསྐྲུན་བྱས་ཤིང་། fricheཡིས་ལོ་ངོ་ལྔ་ཡི་དུས་ཡུན་བེད་སྤྱད་ནས་རྒྱལ་ཁབ་དང་ཡུལ་ལུང་མི་གཅིག་པ25བརྒལ་ནས་མིག་དབང་ལོངས་སུ་སྤྱོད་པའི་མཛེས་སྡུག་གི་འགྲུལ་བཞུད་ཐེངས་ཤིག་ཡིན། ཁོས་རིག་གནས་སོ་སོའི་ཁྲོད་ཀྱི་ཆེས་རྔམ་བརྗིད་ཆེ་པའི་རྣམ་པ་དེ་གཟུང་འཛིན་དུ་བྱས་ཤིང་། དེ་ལ་བརྟེན་ནས་ཁོས་མིའི་རིགས་དང་རང་བྱུང་ཁམས་ཀྱི་བར་ལ་འབྲེལ་ཟམ་ཞིག་གཟུག་འདོད་པ་རེད། ལྟད་མོ་བ་ཚོས་ཀྱང་རང་བྱུང་ཁམས་ཆེན་མོར་རོལ་མྱོང་བྱེད་པ་དང་ཆབས་ཅིག ལོ་རྒྱུས་དང་མི་ཚུལ་སོགས་སྲོལ་རྒྱུན་ལ་རྒྱུས་ལོན་བྱ་ཐུབ་པས་མི་ཚད། རྩེར་སོན་པའི་ཚན་རྩལ་དང་བཟོ་ལས། ཞོར་ཚོང་ལས་རིགས་སོགས་དེང་རབས་ཀྱི་ཐོན་སྐྱེད་ལའང་ངེས་ཤེས་གཏིང་ཟབ་འདྲོངས་ཡོང་།  
              འཁྲབ་ཁྲིད་པ Ron fricheཡིས་རང་ཉིད་ཀྱི་བྱ་བའི་སྐོར་གླེང་སྐབས། ངས་མཚན་ཉིད་རིག་པ་དང་ལག་རྩལ་ཕྱོགས་གཉིས་ནས་གྲ་རྒྱས་ཕུན་སུམ་ཚོགས་པ་གནང་སྟེ་སྔར་ལས་ཀྱང་གཏིང་ཟབ་སྒོས་ང་རང་ཞིབ་འཇུག་བྱེད་སྤྲོ་བའི་བརྗོད་དོན་དེ་མིའི་རིགས་ཀྱི་རྟག་བརྟན་འབྲེལ་བའི་གནད་འཚོལ་སྙིང་འདོད་ཞེས་བརྗོད་ཡོད། 

 

                 འཁོར་བ། ལན་རེར་རྒྱ་ཆེ་ཞིང་གཏིང་མི་དཔོག་པས་གདོད་མའི་ནགས་ཀློང་སྟུག་པོ་དང་རི་རབ་ལྷུན་པོ་བཞིན། འཁོར་བ། མཚམས་རེར་ལས་དབང་དང་དད་པ། རྣམ་ཤེས་ཟེར་ཡ་བཞིན་ཡ་མཚན་ལྐོག་གྱུར་ཞིག འཁོར་བ། ཡང་སྐབས་རེར་གདོང་ལ་ལོ་ཟླའི་དཀའ་སྡུག་གི་གཉེར་མས་གཡོགས་ཤིང་ཤ་ཟད་རུས་ཀོག་ཏུ་འགྱུར་ཉེ་བའི་བརྒྱད་བཅུའི་རྒན་མོའི་མིག་ཟུང་ལས་རྟོགས་སླ་ལ། འཁོར་བ། ལན་རེར་གླིང་བཞི་མཚོ་ལྔ་བསྐོར་ནས་མི་ཡུལ་ས་མཐའ་འགྲིམ་རུང་རྟོགས་དཀའ་བའི་གསང་བའི་མདུད་རྒྱ་ཞིག གང་ལྟར།  གློག་བརྙན༼འཁོར་བའི ༽ནང་གི་པར་མིག་རེ་རེས་ཁྱོད་ཀྱི་ཡིད་སེམས་དྲག་ཏུ་གཡོས་ནས་ལུས་པོ་དྲག་ཏུ་སྒུལ་སྐྱོམ་བྱེད་དུ་འཇུག་ལ། མཚམས་རེར་ཧ་ལས་ཤིང་ཧང་སངས་ནས་ཧོན་འཐོར་བ་དང་མཚམས་རེར་ཡིད་རྩེ་གཅིག་ཏུ་སྒོམ་ནས་ཞི་བའི་དབྱིངས་སུ་ཞུགས་ཏུ་འཇུག་ཅིང་། ཡང་མཚམས་རེར་ཞེན་ཆགས་སམ་སྡང་སྡིགས་གང་ཡིན་མི་ཤེས་མོད་ཁྱོད་ལ་ངུ་སྙིང་ཞིག་གཏིང་ནས་འདོད་ངེས། ད་ནི་མང་མང་བཤད་པའི་དགོས་པ་ཁྱོན་ནས་མ་མཆིས་ཏེ་ངས་བཤད་ན་འདོད་པ་དང་ཁྱོད་ཚོས་ཤེས་ན་འདོད་པ་མཐའ་དག་འུ་ཚོའི་མིག་ལམ་དུ་གློག་བརྙན་བཞིན་བཀྲམ་ཡོད་པས། ཁྱོད་ཀྱིས་དེ་ལ་གཟིགས་པས་འཐུས། 

                      གཟིགས་ཡུལ་དང་ཕབ་གནས།     http://www.impactchina.com.cn/shipinzaixian/yingxiang/2013-01-13/16655.html

                                                                         http://www.yyets.com/resource/29003

                                                                         http://jump2.n0808.com/share.html?ibuildnum=1773&sname=Samsara%2E%E8%BD%AE%E5%9B%9E%2E2011%2EHR%2DHDTV%2EAC3%2E1024X576%2Ex264%2DYYeTs%E4%BA%BA%E4%BA%BA%E5%BD%B1%E8%A7%86%2Emkv&sopenfrom=weibo%5Fuser&scid=16BF4392097B487AB017B44A58EA8DEBFFBF81F5&sext=%2Emkv&surl=http%3A%2F%2Fxflx%2Ehz%2Eftn%2Eqq%2Ecom%2Fftn%5Fhandler%2Fd084c5ebe1eac2bad11d427c1f08ce02d6b20ba0653efc42f7b74e383f1baab6fd3e30f5dea623d1787a825cd5a514a3a9c0f356066c834e2e03ca254f7520c0%2FSamsara%2E%E8%BD%AE%E5%9B%9E%2E2011%2EHR%2DHDTV%2EAC3%2E1024X576%2Ex264%2DYYeTs%E4%BA%BA%E4%BA%BA%E5%BD%B1%E8%A7%86%2Emkv

དཔྱད་མཆན་ཡོད།