ལྗང་བུའི་དངོས་བཤུས་གློག་བརྙན«ཨ་ནེ་ལྷ་ལྕམ།»


       1111.JPG    «ཨ་ནེ་ལྷ་ལྕམ»ཞེས་པའི་དངོས་བཤུས་གློག་བརྙན་འདིར་ཆུང་དུས་སློབ་གྲྭར་འགྲོ་བའི་སྐལ་བ་མ་ལྡན་པ་དང་། རྗེས་ནས་སེམས་ཤུགས་ཡོད་རྒུས་བཙུན་དགོན་ཞིག་ཏུ་ཚུད་ཐབས་བྱས་པའི་ཨ་ནེ་ཞིག་གི་ནར་མའི་འཚོ་བ་ཙག་ཙིག་བརྗོད་ཡོད། མ་ཟད་གྲོང་ཁྱེར་དུ་ཆས་ཐེངས་གཅིག་གི་མཐོང་ཐོས་ཀྱི་ཟུར་ནས་བཟུང་སྟེ། འགྲོ་འདུག་རགས་ཙམ་ལས་ཁོ་མོའི་མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ། བདེ་སྐྱིད་དང་འཁོར་བ། ལས་འབྲས། བཙུན་མའི་འཚོ་བ་སོགས་ལ་བཟུང་བའི་ལྟ་ཚུལ་གསོང་བོར་སྨྲས་ཡོད།
       འཁྲབ་ཁྲིད་པ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར། “ཨ་ནེ་ལྷ་ལྕམ་ནི་བརྙན་འཕྲིན་ལྟད་མོ་ཆུང་ཆུང་ཞིག་ཡིན། འགྲོ་སོང་མི་ཆེ། བརྗོད་བྱ་ཆེན་པོ་དང་ཧང་སངས་བྱེད་དེ་འདྲ་མིན། དཀའ་ལས་ཀྱང་ཞེ་དྲགས་རྒྱག་དགོས་མ་སོང་། འོན་ཀྱང་ལྟད་མོ་བས་འདིར་ཐེངས་གཅིག་བལྟས་རྗེས། མི་ཚེ་གཅིག་གམ་དུས་ཚོད་ཡུན་རིང་ཞིག་གི་ནང་མཚམས་མཚམས་ལ་མདོ་སྨད་ཀྱི་བཙུན་མ་སྤྱིར་བཏང་བ་ཞིག་ལ་དྲན་གསོ་བྱེད་སྲིད་སྙམ། བཙུན་མ་དེའི་མཚན་ལ་ཨ་ནེ་ལྷ་ལྕམ་ཟེར།”

 

བལྟ་འདོད་ཚེ་སྦྲེལ་ཐག་འདིར་བསྣུན།  http://www.cultureunplugged.com/documentary/watch-online/play/5713/Ani-Lhacham--a-tibetan-nun


དཔྱད་མཆན་ཡོད།