གློག་བརྙན«ཆུ་དམར་པོ»ངོ་སྤྲོད་རགས་བསྡུས།

图片16362922391631.jpg

ཆུ་དམར་པོ།

TREES WITH MASK:树在戴口罩

           འཁྲབ་གཞུང་། རྐང་ཐང་བ།  བྱང་པ་རྒྱལ། འཁྲབ་ཁྲིད། བྱང་པ་རྒྱལ།  རྐང་ཐང་བ། བརྙན་ལེན། ཤ་བོ་ཚེ་རིང་། རྒྱལ་མཚན།  སྒྲ་ལེན། རྒྱལ་མཚན། འཁྲབ་སྟོན་པ། བྱང་པ་རྒྱལ། མཛེས་རྩལ། རྐང་ཐང་བ། སྒྲིག་སྦྱོར། བྱང་པ་རྒྱལ། ཤ་བོ་ཚེ་རིང་། འཁྲབ་ཆས། ནོར་བུ་རྒྱལ།  ཟླ་བ་ཚེ་རིང་། འཁྲབ་ལྗོངས། པདྨ་ཚེ་རིང་།  ཉི་མ་ཚེ་རིང་། ཡིག་བསྒྱུར་ཁོངས་མི། བསེ་ཚང་རིག་འཛིན་རྡོ་རྗེ།  མང་གངས་ཕྲུག རྡོ་རྗེ་འཚོ།

བཀའ་དྲིན་ཞུ་ཡུལ།

 དར་གྲོང་རྡོ་རྗེ་རྒྱལ།   ལྷ་མཆོག་སྐྱབས།དཀོན་མཆོག་བཀྲ་ཤིས།   གཅོད་པ་ཚེ་རིང་།   མཁའ་མོ་བྱམས།    ཟླ་བ་ཚེ་རིང་།       ཤ་བོ་བྱམས།    ཡི་དམ་སྐྱབས།          ཤ་བོ་ཚེ་རིང་།    བཀྲ་ཤིས་དབང་མོ།

གློག་བརྙན་ལ་འདི་ནས་གཟིགས་རོགས།

https://mp.weixin.qq.com/s?__biz=MzI5ODE0MTk2OQ==&mid=2649665343&idx=1&sn=536a82b2dae1ebfd0f4057bbc79a0231&chksm=f4b05f41c3c7d6572564221c7e70ca644e8d383185856557035cb0eaadf860d244c26460d31a&mpshare=1&scene=1&srcid=11075uucAWRSx62Qh8yovltt&sharer_sharetime=1636290398916&sharer_shareid=1a53ebbc9f982ef8caa021524249ecdd&exportkey=AZK%2Bp6%2BLd0uVKfiCRkjTmqo%3D&pass_ticket=uQ4vxI4EkiIukuMbXl%2BqfUjr%2FN6wK%2FIsxQuou%2FqFR3m31M4tzO%2B7RT568v%2Bz9py3&wx_header=0#rd

མི་སྣ་ངོ་སྤྲོད།

图片16362922392555.jpg

          རྐང་ཐང་བ། མིང་དངོས་ལ་གནམ་ལྷ་བཀྲ་ཤིས་ཟེར། 1990ལོར་རེབ་གོང་བྱང་ཆུབ་སྡེ་བ་ནས་སྐྱེས་ཤིང་། ཨ་མ་གཅིག་པུའི་གཤོག་འོག་ནས་ནར་སོན།  སྔ་ཕྱིར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་གནས་དང་རབ་འབྱམས་ཞིབ་འཇུག་སློབ་མའི་དམ་བཅའ་སོགས་ལ་ཨ་འཐས་ཀྱིས་འབད་ནའང་།  སྤྱོད་སྒོ་གཅིག་ཀྱང་མེད་པར་ལོ་ན་ཆུང་ངུའི་དུས་སུ་རང་སྦྱོང་གིས་བོང་བུ་དང་དྲེལ་གྱི་རྒྱབ་ལ་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་བྲིས་པ་དེ་ད་ལྟ་རང་ཁ་གསོ་བྱེད་ཀྱི“འཇོན་ནུས”སུ་གྱུར་ཡོད།  ད་ལྟ་བར་རྩོམ་ཡིག་གསར་རྩོམ་དང་རི་མོ་འབྲི་བཞེངས། གློག་བརྙན་ཕབ་སྐྲུན་སོགས་ཀྱི་ལས་ཞོར་ཏུ་ཟླ་ཕོགས་ཉུང་ངུ་ལེན་མཁན་གྱི་ཕ་རྒན་ཞིག་གི་ཚུགས་ཀ་ཙམ་བཟུང་ཡོད།  2020ལོར་ཁ་ཡ་ན་ཟླ་འདང་ཆེན་བྱང་པ་རྒྱལ་སོགས་དང་ལྷན་དུ། 《ཆུ་དམར་པོ》དང《སྒེའུ་ཁུང》ཞེས་པའི་གློག་བརྙན་ཐུང་ངུ་གཉིས་ཕབ་བསྐྲུན་བྱས་པ་ལ་གཞོན་རབས་པའི་སྡེ་རུ་མཉམ་འུར་དང་སྤྱི་ཚོགས་སྒང་ལ་ཚུར་སྣང་ལེན་ཆ་བྱུང་ཡོད།  ད་ལྟ“ཧྥན་གོ་ཚང”ཞེས་པའི་སྒྱུ་རྩལ་གསར་རྩོམ་གྱི་བསྟི་གནས་ཤིག་ན་དེང་རབས་པའི་རྩོམ་རིག་དང་རི་མོ།  གློག་བརྙན་འཁྲབ་གཞུང་སོགས་གསར་རྩོམ་གནང་མུས་སུ་ཡོད།  དེ་ལ་ཁོང་གིས“དུས་ད་ལྟ་མི་མང་པོ་ཞིག་གི་མིག་ལ་རྐང་ཐང་བ་ཞེས་པ་བླུན་པོ་ཁ་ནག་ཅིག་གམ་མི་བུ་སྡུག་ཅག་ཅིག་ཏུ་མཐོང་སྲིད་ནའང་།  དུས་ག་ཤེད་ཅིག་ན་རོ་དང་མཚུངས་པའི་ལུས་པོ་འདི་ས་ཆུ་མེ་རླུང་ལ་འཐིམ་འགྱུར་བའི་དུས་སུ་ལྟོ་གོས་འཚོ་ཐབས་ཀྱི་དོན་དུ་རླངས་འཁོར་རྫིག་པོ་དང་གནམ་གྲུ་མགྱོགས་མོ།  གྲུ་གཟིངས་ཆེན་མོ་སོགས་སུ་འདུར་མྱོང་བའི་ཁོ་ཅག་གིས་མི་ཡུལ་ལ་ཐལ་སྐྱ་སྤར་མོ་གང་ལས་ཅི་ཡང་འཇོག་མི་སྲིད་པའི་དུས་སྐལ་དེ་ལ།  ད་གཟོད་རང་གི་མི་ཚེ་གང་བོ་རྐང་ཐང་བ་ཞིག་གི་རྗེས་སུ་མ་ཆོད་པ་ཚོར་ངེས་ཡིན”ཟེར།

图片16362922392322.jpg

          བྱང་པ་རྒྱལ། དངོས་མིང་ལ་གཅོད་པ་རྒྱལ་ཟེར། ལོ་རབས་དགུ་བཅུ་བའི་སྟོད་ཙམ་དུ་མདོ་སྨད་རེབ་གོང་བྱང་ཆུབ་སྡེ་བ་ནས་སྐྱེས། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་པར་འགྲིམས་ནས་སློབ་མཐར་ཕྱིན།  2011ལོར་པེ་ཅིན་དུ་འགུལ་རིས་གློག་བརྙན་བཟོ་སྐྲུན་ཕྱོགས་ལ་སློབ་གཉེར་དུ་སོང་ཞིང་གློག་བརྙན་འཕྲིན་གྱི་ཕྱོགས་ལ་སྤྲོ་བ་འཕེལ་བཞིན་འཚོ་བའི་ཁྲོད་ཀྱི་རྒྱ་ཆེན་རྒྱས་པ་དག་རྒྱབ་ལ་གཡུགས་ཏེ། རང་གི་དགའ་སྣང་དང་རང་དབང་གི་ཆེད་དུ་འཁྲབ་སྟོན་དང་བརྙན་ལེན།  སྒྲིག་སྦྱོར། འཁྲབ་ཁྲིད་སོགས་ཀྱི་ལས་ཀ་གཉེར་མུས་སུ་ཡོད། འཁྲབ་སྟོན་བརྩམས་ཆོས་ལ་གློག་བརྙན《ཁ་ལོ་བ》 དང《ཁོ་དང་བློ་ཡི་གཏེར》 གློག་བརྙན་ཐུང་གྲས《དགུན་གྱི་རླུང》དང《རྨི་ལམ་དཀར་པོ》སོགས་ཡོད་པ་དང་།  2020ལོར་ཁ་ཡ་ན་ཟླ་འདང་ཆེན་རྐང་ཐང་བ་སོགས་དང་ལྷན་དུ། 《ཆུ་དམར་པོ》དང《སྒེའུ་ཁུང》ཞེས་པའི་གློག་བརྙན་ཐུང་ངུ་གཉིས་ཕབ་སྐྲུན་བྱས་པ་ལ་གཞོན་རབས་པའི་སྡེ་རུ་མཉམ་འུར་དང་སྤྱི་ཚོགས་སྒང་ལ་ཚུར་སྣང་ལེན་ཆ་བྱུང་ཡོད། ད་ལྟ་ཁོང“ཀླུ་རོལ་གླིང”ཞེས་པའི་རིག་གནས་སྨྱན་སྦྱོར་གསར་པའི་བསྟི་གནས་ཤིག་ན་པར་ལེན་སྒྱུ་རྩལ་དང་གློག་བརྙན་ཕབ་སྐྲུན་སོགས་ཀྱི་ཕྱག་ལས་གཉེར་མུས་སུ་ཡོད།  དེ་ལ་ཁོང་གིས“སེམས་རྒྱུད་ཀྱི་ཚེར་མའི་ཐག་པ་ཆད་ཟིན་པའི་ད་ལྟ་བར་ཡོད་ཚད་རྒྱུ་དང་དབང་གི་ལྟེ་བའི་འཁོར་ལོ་དེ་ལ་སྐྱབས་སུ་སོང་འདུག་པས་ན།  མགོ་བོ་གཞན་གྱི་རྐང་འོག་ཏུ་མི་འཇོག་པའི་དམ་བཅའ་སྙིང་ལ་བཅངས་ཏེ།  རང་གིས་རང་ལ་དབུལ་ཕོངས་དང་ཁེར་རྐྱང་གི་གླིང་ཕྲན་ཞིག་བཞེངས་རྒྱུ་དེ་མི་ཚེ་འདིའི་བདེ་སྐྱིད་དུ་རློམ་ཡོད”ཟེར།

1636293008617376.jpg

འཁྲབ་ཁྲིད་པ་རྣམ་གཉིས། 

རྨི་ལམ་མང་པོའི་ང་ཚོ།

▽▽▽▽

1636293152263139.jpg

གློག་བརྙན《ཆུ་དམར་པོ》ཕབ་སྐྲུན་ཡུལ་དངོས།

图片16362922392737.jpg

རྟེན་འབྲེལ་ཤིས་ཚིག

ཡོང་ཁུངས། མི་རྒོད་རྩོམ་རིག

དཔྱད་མཆན་ཡོད།