ཕྱི་གླིང་གློག་བརྙན <<དམར་པོ་ཁྲག་གི་ཕ་ལམ>> ལས་བྱུང་བའི་ཤེས་རིག་གི་གོད་ཆག

    འདིར་གླེང་བར་བྱ་བའི་ཡུལ་ནི་ཕྱི་གླིང་གི་གློག་བརྙན<<དམར་་པོ་ཁྲག་གི་ཕ་ལམ>>(theblood diamond) ཞེས་པ་དེ་ཡིན།   གློག་བརྙན་དཔྱད་འཇོག་གི་ཟུར་ཙམ་བཟུང་ནས་གློག་བརྙན་འདི་ཉིད་ཕྲན་ཙམ་གླེང་བར་མོས།   

         ཕྱི་གླིང་གི་གློག་བརྙན་གླེང་བ་ནི་རྒྱ་མཚོ་ཆེན་མོར་གྲུ་བཏང་བ་དང་འདྲ་བས། དེ་ནི་རྒྱུས་མངའ་མེད་པའི་ཤེས་རིག་གི་ཁམས་དང་དངོས་ཡོད་ཀྱི་གཞི། དུས་བབ་ཀྱི་སྐབས། མཛེས་དཔྱོད་ཀྱི་བློ་དང་ཤེས་པ་སྣ་ཚོགས་སུ་གྲུབ་རྐྱེན། ཟུར་གཞན་ཞིག་ནས་ང་ཚོ་དང་ཤེས་རིག་གི་ཧེ་བག ང་ཚོདང་འཚོ་བའི་ལྟ་གྲུབ་ཀྱི་ཧེ་བག་སོགས་ཡོད་པས། ཕྱི་གླིང་གི་གློག་བརྙན་གང་ཞིག་བརྗོད་དགོས་པར་གྱུར་ན། 20130819120809-615125401.jpgདེ་ནི་ངེས་དོན་གྱི་བསམ་གཞིགས་ཀྱི་དཀའ་གནད་དང་རྩོམ་བྱའི་གཞི་འཛིན་གྱི་རྔུལ་ཆུ། བློ་སྦྱོང་གི་འགལ་རྐྱེན་རབ་དང་རིམ་པ་ཐེབས་འདུག་པས། ཡི་གར་འོང་བའི་གློག་བརྙན་དཔྱད་འཇོག་ནི་དོན་དུ་ཚད་གཞི་ཅན་དང་སྤྱི་འགྲོས་ཅན་ཞིག་ཡོང་རྒྱུ་དཀའ་ཡང་། གློག་བརྙན་རྩོམ་རིག་གི་དགོས་མཁོ་དང་སྨྱན་མང་ཤེས་རིག་གི་འཕར་སྐྱོད་དང་བསྟུན་ནས་ཏོག་ཙམ་བྲིས་པ་ཡིན། དེ་ཡང་ཕྱི་གླིང་གློག་བརྙན་དཔྱད་འཇོག་ལ་མ་མཐའི་སྔོན་འགྲོའི་ཆ་རྐྱེན་ནི་ཕྱི་གླིང་གློག་བརྙན་གང་ཞིག་ལ་བལྟ་དགོས་པ་མ་ཟད། གློག་བརྙན་དེ་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚགས་དང་འབྲེལ་ཡོད་བརྙན་ཚགས་ལ་ནན་གྱིས་འཇུག་དགོས། དེ་ནི་ཕྱི་གླིང་གློག་བརྙན་དཔྱད་འཇོག་གི་ཐབས་ཤེས་གཙོ་བོ་ཡིན། གཞན་ཡང་། འདི་ལས་འགོངས་བའི་གློག་བརྙན་དཔྱད་ཐབས་ཀྱང་ཡོད་པས། ཁྱོད་ཀྱིས་གློག་བརྙན་ལ་འཛིན་པའི་ལྟ་སྟངས་དང་ལག་ལེན། དབྱེ་ཞིབ་དང་ལྟ་ཞིབ་ཀྱི་རིམ་ཚད་མི་འདྲ་བ་ལས་་བརྡར་ཤ་བཅད་པ་ཡིན།   

       འདིར་ཕྱི་གླིང་གི་གློག་བརྙན་ཞིག་ལ་རྒྱལ་ཁམས་བསྐོར་རྗེས། དེ་ལས་བྱུང་བའི་གློག་བརྙན་གྱི་གཏམ་རྒྱུད་དང་གློག་བརྙན་ལས་བྱུང་བའི་བརྙན་ངོས་མཚོན་ཐབས་ལ་འཇུག ལར་གློག་བརྙན་འདི་ལས་བྱུང་བའི་གཏམ་རྒྱུད་འདི་ནི་ལོ་རབས་དགུ་བཅུ་བའི་སྐབས་སུ་བྱུང་བའི་དོན་དངོས་ཀྱི་དུས་བབ་དང་གནས་བབ་འཇིགས་ཡེར་བ་ཞིག་ཡིན་པས། གློག་བརྙན་གྱི་ལམ་ནས་འཁྲབ་ཁྲིད་པEdward Zwickཡིས་འཁྲབ་ཁྲིད་མཛད་པའི་གློག་བརྙན་བརྩམས་ཆོས་ཡག་ཤོས་སུ་འགྲོ།  བརྙན་རིགས་ལས་འཇིགས་ཡེར་གློག་བརྙན་གྱི་ཁོངས་སུ་གཏོགས།  གློག་བརྙན་གྱི་བརྗོད་གཞི་གཙོ་བོ་ནི་ཧྥེ་གླིང་གི་སེ་ཡཱ་ཨང་ཞེས་པའི་ས་ཁུལ་དེ་ནི་ཕ་ལམ་སྔོག་འདོན་གྱི་གཞི་འཛིན་ས་ཞིག་ཡིན།  དོན་ལ་སེང་གེ་འགྱིང་རི་ཞེས་པའི་ཡུལ་གྲུ་རུ་ཕ་ལམ་སྔོག་འདོན་དང་ཕ་ལམ་འཚོལ་ཞིབ། ཕ་ལམ་བསྡུ་ལེན། ཕ་ལམ་ལྐོག་འཚོང་གི་བྱེད་སྒོ་ཚ་རླབས་བཞིན་འཕྱུར་པས། ཕ་ལམ་གྱི་ཕྱིར་དུ་ནང་འཁྲུག་གི་མེ་རི་འཕྱུར་ཞིང་བྲན་གཤིས་ཀྱི་འདུ་ཤེས་རྒོད། དེ་བས་གློག་བརྙན་འདི་ཡང་ཧྥེ་གླིང་གི་མིའི་འཚོ་གནས་དང་མིའི་འཕེལ་འགྱུར་ལ་མེད་དུ་མི་རུང་བའི་དཔལ་འབྱོར་གྱི་ཉོ་ཚོང་དང་མི་གཤིས་ཡལ་བའི་དུས་སྐབས་མཚོན་པའི་ལོ་རྒྱུས་གློག་བརྙན་ཞིག་ཏུ་གྱུར་བ་རེད།   

        སྤྱིར་ན་གཏམ་རྒྱུད་ནི་མིའི་དངོས་ཡོད་ལས་བྱུང་བ་ཡོད་ལ་མིའི་རྟོག་བཟོ་ལས་གྲུབ་པའང་ཡོད་པས། གཏམ་རྒྱུད་ལ་བདེན་རྫུན་ཟུང་འཇུག་གི་ཆའང་ངང་གིས་ལྡན་སྲིད། དེ་བས། གློག་བརྙན་འདི་ལ་གཞིགས་ནས་འཛམ་གླིང་གི་རྒྱལ་ཁབ་བཞི་བཅུ་ལྷག་གིས་ཕ་ལམ་ལྐོག་འཚོང་གི་བྱེད་སྒོ་དང་ཕ་ལམ་སྔོག་འདོན་གྱི་རིང་ལུགས་འགས་གཏོར་བྱེད་དགོས་པའི་ཁྲིམས་སྲོལ་གཏན་འབེབས་དང་རྩ་འཛུགས་ཅི་ནུས་ཀྱིས་སྒྲུབ་པ་རེད།   དེ་ནི་མི་དང་མིའི་བར་གྱི་བཙན་གཉོམ་གྱི་ཧེ་བག་ལ་ངོ་རྒོལ་དང་འདུ་ཤེས། སྦྱོར་བ་ལས་བྱུང་བའི་བྲན་གཤིས་རིང་ལུགས་འགས་གཏོར་བྱས་པའི་བདེན་ལུགས་གསེར་གྱི་ལྕགས་མཁར་ཡིན། 96d3716cba061dcea775e3e289dcbe73.jpgགློག་བརྙན་འདིའི་མཚོན་ཐབས་ཀྱི་ཟུར་ནས་གླེང་ན། ཕ་ལམ་དེ་ལས་མིའི་མི་གཤིས་ཉོ་ཚོང་ཅན་དང་མིའི་རང་དབང་སྒེར་སྡོམ་ཅན། མིའི་འཚོ་ཐབས་ངན་ངོན་ཅན། མིའི་ཤེས་རིག་ཆགས་འཇིག་ཅན་དུ་འགྱུར་གྱིན་པ་དེ་རེད། དེ་ནི་སྐྱོ་ཉམས་རང་བཞིན་གྱི་བརྙན་ངོས་བརྗོད་ཐབས་མི་འདྲ་བ་ལས་བྱུང་བའི་ལོ་རྒྱུས་སྣང་བརྙན་དངོས་ཡིན། སྒྱུ་རྩལ་གྱི་ལམ་ནས་འདས་པ་ཐབས་ཅད་མཛེས་སྡུག་ཏུ་བསྐྲུན་ཡང་དངོས་ཡོད་དང་ཁ་ཐག་རིང་བའི་གནས་ཀྱང་ཡོད། གློག་བརྙན་འདི་ལས་ཧྥེ་གླིང་གི་བྱིས་པ་ཁྲི་ཚོ་ཉི་ཤུ་ལྷག་ཅིག་དྲག་ཤུགས་ཀྱི་མི་གཤིས་གསོ་སྐྱོང་དང་ཚུལ་མིན་གྱི་དངོས་ཡོད་དང་ལེན་ལ་གཞིགས་ནས། བྱིས་པའི་སེམས་ཁམས་དང་ལྟ་ཚུལ། མཛེས་དཔྱོད། བག་ཆགས། རིང་ལུགས་བཅས་ཆེས་འཇིགས་སུ་རུང་བའི་ཨ་ཧྥེ་རི་ཀའི་གཅན་གཟན་གཏུམ་སྤྱོད་ཅན་དང་སྦྱོར་ལམ་བག་མེད་ཅན་གྱི་གནས་སུ་སྦྱར་བས། སྤྱི་ཚོགས་ཀྱི་ཟུར་མི་འདྲ་བ་ལ་ནད་ཡམས་རང་བཞིན་གྱི་གཤིས་ལུགས་དང་རིམས་ནད་རང་བཞིན་གྱི་བསམ་སྦྱོར་ཤིག་གི་ངང་གིས་ཁྱབ་བརྡལ་བྱེད་བཞིན་འདུག  ཟུར་གཞན་ཞིག་ནས་གློག་བརྙན་ལས་ཐེབས་པའི་སྙིགས་རོ་ཅན་གྱི་བསམ་པ་དང་སྦྱོར་བ་ཡིན་པའི་ངེས་པའང་མེད། རྒྱུ་མཚན་ནི་འདས་པའི་ལམ་བུ་དེ་ཉིད་ད་ལྟའི་བརྙན་གཟུགས་ལམ་གྱིས་འབྱེད་དགོས་པ་དང་བརྟོལ་དགོས་བ། ཟབས་དགོས་པ། ཡངས་དགོས་པ་སོགས་ཉེར་ལེན་གྱི་རྒྱུ་གཙོ་བོ་ཡིན།  དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་བརྙན་ལམ་ཤེས་རིག་གི་རླབས་གསར་འང་ཡིན།    

        གློག་བརྙན་གྱི་བརྙན་རིས་གཏམ་རྒྱུད་དེ་བརྙན་རིས་མི་འདྲ་བའི་གཏན་ཚིགས་རང་བཞིན་གྱི་སྐད་ཆ་དང་སྐད་ཆའི་མ་ལག་སྒྲིག་གཞི་ཅན་དང་མཚོན་ཐབས་ཀྱི་གཞི་འཛིན་སའང་དངོས་ཡོད་འཚོ་བ་དང་ཉེ་བར་བཅར་ཡོད། མདོར་ན། གློག་བརྙན་འདི་ནི་ཨ་ཧྥེ་གླིང་གི་འདས་པའི་འཚོ་བ་ལ་གོད་ཆག་དང་ཀུན་སྤྱོད་སྦྱོར་ལམ་ལ་ཉམས་རྒུད་བྱུང་བའི་བརྙན་རིས་ཀྱི་ཟིན་ཐོ་ཡིན།      

དཔྱད་མཆན་ཡོད།